ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཤིང་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། སྤེལ་དུས། 10-26


ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཇེ་དྲག་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་གཏན་འབེབས་དུ་མ་ཞེས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲར་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བྱ་རྒྱུ་ནི་མིག་སྔ་དང་རྗེས་མའི་དུས་རིམ་ནང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་རེད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་ཀློག་འདོན་བྱེད་པར་སྐུལ་ཁྲིད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་བརྡ་བཅད་གསར་པ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་ཟབ་མོ་ལེན་དགོས། ཏང་གི་ལོ་བརྒྱའི་འབད་འབུངས་བརྒྱུད་རིམ་དང་ཡང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་དང་འབྲེལ་བ་ཟབ་མོ་བྱས་ནས། གཏན་ཁེལ་གཉིས་ཀྱི་གཏན་ཁེལ་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སོགས་གནད་དོན་གལ་ཆེན་ལ་ངོས་འཛིན་ཇེ་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་གནང་བའི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་སྙིང་དོན་ཐོག་གཅིག་གྱུར་བྱེད་དགོས། ཁ་ཕྱོགས་དམ་འཛིན་བྱས་ནས། ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྩ་འཛུགས་བྱེད་པ། འབོད་སྐུལ་བྱེད་ཤུགས་དང་། གཅིག་བསྡུས་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས་ཇེ་དྲག་བཏང་ནས། བགྲོད་ལམ་གསར་པའི་ཐོག་གི་སྤྱི་ཚོགས་ཁོར་ཡུག་ཡག་པོ་བསྐྲུན་དགོས།

   ཀྲུང་དབྱང་དྲིལ་བསྒྲགས་ཚོགས་པས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དང་ས་གནས་ཁག་དང་སྡེ་ཁག་སོ་སོས་རྐང་འཛིན་སྟོབས་ཤུགས་འཛུགས་སྐྱོང་དང་སྒྲོག་འགྲེལ་དཔུང་ཁག་བཀོད་སྒྲིག་བྱེད་པ་དང་། གཞི་རིམ་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་རྩ་འཛུགས་ཡག་པོ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་ནས། མི་དམངས་མང་ཚོགས་ཀྱིས་གོ་སླ་བ་དང་གོ་བ་ལེན་སླ་བ། ལག་བསྟར་བྱེད་སླ་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྒྲོག་འགྲེལ་བྱེད་དགོས་ཞེས་བསྟན།

   གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བྱེད་པ་དེ་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། དངོས་ཕན་དོན་གཉེར་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དང་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྐོར་གྱི་དབྱེ་ཞིབ་དང་བརྡར་གཅོད་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་གོ་བ་ཟབ་མོ་ལེན་པ། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་དང་མ་མཐའི་བསམ་བློ་ཇེ་དྲག རིགས་སོ་སོའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་སྒྲུབ་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དམ་བཅའ་ཡིད་ལ་བཅངས་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་སྡུག་རུས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། འགན་ཁུར་ཕོད་པ་དང་བདེན་འཚོལ་དངོས་གཉེར་བྱེད་པ། ལས་དོན་ཁག་དམ་འཛིན་བཅས་བྱས་ནས། མི་དམངས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་པའི་ཕན་འབྲས་དངོས་མཐོང་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

  གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པ་དང་། ཀྲུང་དབྱང་འགོ་ཁྲིད་རིམ་པའི་ཆབ་སྲིད་འགན་འཁྲི་དང་པོ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བའི་སྐོར་གྱི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། འགན་སྲུང་གཉིས་ཡག་པོ་བསྒྲུབ་པ། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བྱེད་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་དྲག་གཏོང་བ། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མཐུན་སྒྲིལ་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

  གྲོས་ཚོགས་ཐོག སྤྱོད་གཙང་འཛུགས་སྐྱོང་དེ་ནམ་ཡང་སྒྲུབ་དགོས་པ་ལས་མཚམས་འཇོག་རྒྱུ་མེད།  ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པར་དོན་འཁྱོལ་ནན་མོ་བྱས་པ་དང་། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དེ་རྒྱུན་རིང་ནུས་ལྡན་གྱི་སྲ་ཞིང་བརྟན་ལ་འགྱུར་བ་མེད་པའི་སྒྲིག་ལམ་དུ་འཛིན་དགོས་པ་དང་། འགོ་ཁྲིད་ལས་བྱེད་ཀྱིས་གོང་ནས་འོག་གི་སྣེ་ཁྲིད་པ་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་སྤྱོད་ངན་བཞི་ཡོ་བསྲང་ཟབ་མོ་བྱེད་པ་དང་། གཙོ་བོ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མེད་པར་བཏང་ནས། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་སྐུལ་འདེད་བརྟན་པོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་རང་ཉིད་དག་གཙང་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་གོང་མཐོར་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་དང་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་དང་དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་པ། སེམས་གཅིག་མཐུན་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཁྲིད་དེ་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་པ་བཟང་པོ་དར་སྤེལ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་བསྟར་ནན་མོ་བྱས་ཏེ། རང་གཅུན་ནན་མོ་དང་མངའ་ཁོངས་དོ་དམ་ནན་མོ། འགན་འཁྲི་ནན་མོ་ཁུར་དགོས་པ་དང་། སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་བརྩི་སྲུང་བྱེད་པ། ཏང་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོ་ལ་མིག་དཔེ་སྟོན་དགོས་ཞེས་བསྟན་པ་རེད། གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1