ཏང་གི་ཚོགས་ཆེན་20པའི་ཡིག་ཆའི་མི་རིགས་སྐད་ཡིག་པར་མ་དཔེ་སྐྲུན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-04



     བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ་2022ལོའི་ཟླ་10པའི་ཚེས་16ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་ཞུ་《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས》ཞེས་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》བཅས་ཀྱི་སོག་ཡིག་དང་།  བོད་ཡིག  ཡུ་གུར་ཡི་གེ  ཧ་སག་ཡི་གེ  ཁྲའོ་ཞན་ཡི་གེ  དབྱིས་ཡིག ཀྲོང་ཡིག་བཅས་མི་རིགས་སྐད་ཡིག་བདུན་གྱི་པར་མའི་དེབ་རྐྱང་པ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནས་ཡིག་སྒྱུར་བྱས་པ་དང་། མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

     《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཡིག་ཆ་ཕྱོགས་བསྒྲིགས》དང་།  《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ》དེ་བཞིན་《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་བརྒྱ》བཅས་ཀྱི་མི་རིགས་སྐད་ཡིག་པར་མ་ཡང་ཉེ་དུས་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1