གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་ནས་མི་19རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-08


 

      ཚེས་6ཉིན། ཐན་ཙན་ནི་ཡའི་ཙུང་ལི་མཱ་ཅ་ལི་ཝ་ཡིས། འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་ཐན་ཙན་ནི་ཡའི་ནུབ་བྱང་རྒྱུད་ཀྱི་ཁ་ཀེ་ལ་ཞིང་ཆེན་གྱི་ཝུའེ་ཏོ་ལི་ཡའི་མཚེའུ་ནང་ལྷུངས་པའི་དོན་རྐྱེན་བྱུང་ནས་ད་ལྟའི་བར་མི་19རྐྱེན་ལམ་དུ་ཤོར་བ་རེད་ཅེས་བཤད།

      མཱ་ཅ་ལི་ཝ་ཡིས་ཉིན་དེར་གནམ་གྲུ་ལྷུངས་སའི་ཡུལ་དངོས་སུ་ལྟ་ཞིབ་བྱས་ཡོད།

      ཁ་ཀེ་ལ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་འཁུར་བ་མུའུ་ཝ་མུའུ་ཕ་ཅ་ལེ་ཡིས། འགྲུལ་སྐྱེལ་གནམ་གྲུ་དེ་ཏ་ལེ་སི་སཱ་ལ་མུའུ་ནས་ཁ་ཀེ་ལ་ཞིང་ཆེན་གྱི་པུ་ཁོ་པ་གནམ་ཐང་དུ་འཕུར་ཞིང་། གནམ་གྲུ་སར་མ་བབས་གོང་གནམ་གཤིས་ངན་པའི་ཤུགས་རྐྱེན་ཐེབས་ནས་གནམ་ཐང་ཉེ་འགྲམ་གྱི་ཝུའེ་ཏོ་ལི་ཡའི་མཚེའུ་རུ་ལྷུངས་བ་རེད་ཅེས་བཤད།

 དོན་རྐྱེན་བྱུང་བའི་གནམ་གྲུ་ཁོངས་སུ་གཏོགས་སའི་ཞིབ་ཚགས་མཁའ་འགྲུལ་ཀུང་སིས་གསལ་བསྒྲགས་ནང་། གནམ་གྲུའི་ཐོག་འགྲུལ་པ་39དང་གནམ་གྲུའི་ཐོག་གི་ལས་དོན་མི་སྣ་4བསྡད་ཡོད་ཅེས་བཤད། ཞིབ་ཚགས་མཁའ་འགྲུལ་ཀུང་སིའི་ལག་རྩལ་མི་སྣ་དང་ཐན་ཙན་ནི་ཡའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་བརྟག་དཔྱད་ཚོ་ཆུང་ཡུལ་དངོས་སུ་བསྐྱོད་པ་རེད། 

      ཁ་ཀེ་ལ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་སྔོན་ཆད་མི་26སྐྱོབ་ཐུབ་སོང་ཟེར། མིག་སྔར་གནམ་གྲུའི་ཐོག་གི་མི་གྲངས་དངོས་མཁའ་འགྲུལ་ཀུང་སིའི་ཐོ་འགོད་གྲངས་འབོར་ལས་མང་མིན་དང་། ཡང་ན་ཉེན་ཁ་ལས་བསྐྱབས་པའི་མི་སྣ་སྨན་ཁང་དུ་བསྐྱལ་རྗེས་སྨན་བཅོས་བྱེད་ཐུབ་མིན་ད་དུང་གསལ་པོ་ཤེས་ཀྱི་མེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1