༄༅། །རིམས་ནད་འགོག་ཟོན་སྐབས། “སྔོ་ཚལ་ཁུག་མ”ལ་དུག་སེལ་ནུས་ལྡན་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-15




        པྲོག་གསར་གློ་ཚད་ཀྱི་རིམས་བབ་ཛ་དྲག་ཆེ་བའི་སྐབས་འདིར། མང་ཚོགས་ཀྱིས“སྔོ་ཚལ་ཁུག་མ”(蔬菜包)ཉོས་རྗེས། ཁུག་མའི་ནང་གི་སྔོ་ཚལ་རྣམས་བདེ་འཇགས་ཡིན་མིན་དང་དེ་དག་ལ་དུག་སེལ་བྱ་དགོས་མིན། དུག་སེལ་ཇི་ལྟར་བྱེད་པ་སོགས་ལ་སེམས་ཁུར་བྱེད་བཞིན་ཡོད། གནད་དོན་འདི་དག་ལ་དམིགས་ཏེ། ཟི་ལིང་གྲོང་ཁྱེར་བདེ་ཐང་སློབ་གསོ་ཁང་གིས“སྔོ་ཚལ་ཁུག་མའི”ནང་གི་སྔོ་ཚལ་རྣམས་སེམས་བདེའི་ངང་སྤྱད་ཆོག་ཀྱང་། གཤམ་གསལ་གྱི་ཕྱོགས་འདི་དག་ལ་མཉམ་འཇོག་བྱ་དགོས་ཞེས་དྲན་སྐུལ་བྱས་ཡོད།

 གཅིག ཐུག་རེག་མེད་པའི་སྡེབ་སྐྱེལ་བྱེད་པ།

        མང་ཚོགས་ཀྱིས“སྔོ་ཚལ་ཁུག་མ”སོགས་ཀྱི་ཟས་རིགས་ཉོ་དུས། ངེས་པར་དུ་སྡེབ་སྐྱེལ་མི་སྣ་དང་ཐུག་རེག་ཅི་ཡང་མེད་པར་བྱ་དགོས།

 གཉིས། ཁུག་མ་ལ་དུག་སེལ་བྱེད་པ།

“སྔོ་ཚལ་ཁུག་མ”ཡི་ཕྱི་ངོས་ལ་ངེས་པར་དུ་དུག་སེལ་ནན་མོ་བྱ་དགོས་པ་དང་། ནུས་ཚོད་ཀྱིས་ཆུ་ཚོད2ནས3གྱི་རིང་ལ་བཞག་རྗེས། ད་གཟོད་ཁུག་མའི་ནང་གི་སྔོ་ཚལ་རྣམས་ཕྱི་ལ་ལེན་དགོས།

 གསུམ། ལག་པར་དུག་སེལ་བྱེད་པ།

“སྔོ་ཚལ་ཁུག་མ”ཡི་ཁ་འབྱེད་དུས། ལག་ཤུབས་གྱོན་དགོས་པ་དང་། ལག་ཤུབས་མེད་ན། སྔོ་ཚལ་རྣམས་ཕྱིར་བླངས་རྗེས། ལག་པར་དུག་སེལ་བྱ་དགོས།

 བཞི། ཁུག་མ་ཐག་གཅོད་བྱེད་པ།

        དུག་སེལ་བྱས་པའི་འགྱིག་ཁུག་དེ་རྒྱུན་ལྡན་གྱི་གད་སྙིགས་ལྟར་ཐག་གཅོད་བྱེད་པ་དང་། གལ་ཏེ་པྲོག་གསར་ནད་དུག་འགོས་པ་གཏན་འཁེལ་བྱུང་ན། སྨན་བཅོས་གད་སྙིགས་ཀྱི་ཚད་གཞི་ལྟར་ཐག་གཅོད་བྱ་དགོས།

 ལྔ། བཙོས་ནས་ཚོས་སུ་འཇུག་པ།

        པྲོག་གསར་ནད་དུག་ནི་དྲོད་ཚད56℃གི་ཁོར་ཡུག་ནང་དུ་སྐར་མ30ཡི་ཡན་ལ་བཞག་པའམ་ཡང་ན་ཆུ་གདུས་པའི་ནང་དུ་སྐར་མ5ཡི་ཡན་ལ་བཞག་པ་ཡིན་ན། དེ་ཉིད་རྩ་མེད་དུ་གཏོང་ཐུབ་པས། སྔོ་ཚལ་སོགས་ཀྱི་ཟ་མ་བཙོས་ནས་ཚོས་སུ་འཇུག་དགོས།

 དྲུག གྲང་ཚལ་བཟོས་ན་ཆུ་ཚོད8ལྷག་འགོར་དུ་འཇུག་པ།

 

        པྲོག་གསར་ནད་དུག་ནི་དངོས་གཟུགས་ཆེ་རིགས་ཀྱི་ཐོག་ཏུ་ཆུ་ཚོད6ནས8ཙམ་གྱི་རིང་ལ་གནས་རྗེས། ད་གཟོད་མེད་པར་འགྲོ་བས། གྲང་ཚལ་བཟོས་པ་ཡིན་ན། འཇོག་ཡུན་ཆུ་ཚོད8ལྷག་འགོར་དུ་འཇུག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1