རྔ་བ་ཁུལ་གྱི་2022ལོའི་ལས་སྒོ་གསར་སྤེལ་ཞབས་ཞུ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་རྔ་བ་རྫོང་ནས་སྤེལ།

ཛམ་དཀར་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-18



        ཟླ་11པའི་ཚེས་10ཉིན་གྱི་སྔ་དྲོར།  ལས་སྒོ་གསར་སྤེལ་མཛུབ་སྟོན་རྩྭ་ཐང་དང་བརླན་སར་བསྐྱལ་ཏེ།  རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་ཅེས་པའི་ལས་སྒོ་གསར་སྤེལ་ཞབས་ཞུ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་རྔ་བ་རྫོང་ནས་སྤེལ། རྔ་བ་ཁུལ་ལས་ཞུགས་ཞབས་ཞུའི་དོ་དམ་ཅུས་ཀྱི་ཅུས་ཀྲང་ཞེ་རུའུ་ཅུན་འགོ་ཚུགས་མཛད་སྒོ་ལ་ཞུགས་པ་མ་ཟད་གསུངས་བཤད་གནང་།

        ཞེ་རུའུ་ཅུན་གྱི་ངོ་སྤྲོད་ལྟར་ན།  ཐེངས་འདིའི་ལས་སྒོ་གསར་སྤེལ་གྱི་ཞབས་ཞུ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལས་སྒོ་གསར་སྤེལ་པའི་ཡོངས་བསྒྲགས་སློབ་ཐུན་དང་མཛུབ་སྟོན་དགེ་རྒན་ལ་བློ་འདྲི་བ།  ཡུལ་དངོས་སུ་སོང་ནས་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ།  ལས་སྒོ་གསར་སྤེལ་རྣམ་གྲངས་ལག་བསྟར་ཁྲོད་བྱུང་བའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པ་དང་།  ཆེད་ལས་རང་བཞིན་གྱི་བསམ་འཆར་དང་ལག་ལེན་བྱས་ཆོག་པའི་འཆར་གཞི་འདོན་སྤྲོད་བྱེད་རྒྱུ། རང་ཁུལ་གྱི་ལས་སྒོ་གསར་སྤེལ་མི་སྣར་ཆེད་དུ་དམིགས་ཏེ་ཟུར་ཁྲིད་བྱས་ཏེ།  རྒྱ་ཆེའི་ལས་སྒོ་གསར་སྤེལ་པའི་ཚོང་རའི་ཚོང་གཉེར་དང་ཚོགས་པའི་དོ་དམ་སོགས་ཀྱི་ནུས་པ་མཐོར་འདེགས་བཏང་སྟེ།  རང་ཁུལ་གྱི་ལས་སྒོ་གསར་སྤེལ་རྣམ་གྲངས་དང་ཁེ་ལས་འཕེལ་རྒྱས་བྱུང་བར་རོགས་འདེགས་བྱེད་རྒྱུ་དེ་ཡིན་ཟེར།  ཁོང་གི་རེ་བར་ལས་སྒོ་གསར་སྤེལ་པ་རྣམས་ཀྱིས་གོ་སྐབས་དམ་འཛིན་དང་ལས་སྒོ་གསར་སྤེལ་གྱི་གཏམ་རྒྱུད་དང་ཉམས་མྱོང་།  ལས་སྒོ་གསར་སྤེལ་བརྒྱུད་རིམ་ཁྲོད་ཀྱི་དཀའ་ཁག་དང་དགོས་མཁོ་གླེང་བ།  ལས་སྒོ་གསར་སྤེལ་གྱི་མཛུབ་སྟོན་དགེ་རྒན་ལྷན་དུ་བསམ་བློ་བརྗེ་རེས་བྱས་ཏེ།  ཐག་གཅོད་ཀྱི་ཐབས་མཆོག་རྙེད་པར་བྱས་ནས་ལས་སྒོ་གསར་སྤེལ་གྱི་ནུས་པ་མཐོར་འདེགས་གཏོང་དགོས།

        མཛད་སྒོའི་ཐོག །ལས་སྒོ་གསར་སྤེལ་གྱི་མཛུབ་སྟོན་དགེ་རྒན་ཀྲང་ལི་ཧྲན་དང་ཁང་ཅན་ཕིན་གཉིས་ཀྱིས་ལས་སྒོ་གསར་སྤེལ་གྱི་ཉམས་མྱོང་གླེང་སྟེ། ཡུལ་དངོས་ནས་ལས་སྒོ་གསར་སྤེལ་པའི་འབྲེལ་ཡོད་གནད་དོན་ལ་འགྲེལ་བཤད་བྱས་ཏེ་ཁོ་ཚོའི་དོགས་གཞི་སེལ་རོགས་བྱས།  ཐེངས་འདིའི་བྱེད་སྒོ་ནི་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།  ཁུལ་ལས་ཞུགས་ཞབས་ཞུའི་དོ་དམ་ཅུས་བཅས་ཀྱིས་རྔ་བ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ལ་མཉམ་འབྲེལ་བྱས་ཏེ་སྤེལ་བ་ཡིན།  ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་བྱེད་སྒོ་འགོ་བཟུང་བ་ཡིན།  ཉིན་བཞི་ཡི་རིང་ལ་ལས་སྒོ་གསར་སྤེལ་གྱི་མཛུབ་སྟོན་དགེ་རྒན་ཚན་ཆུང་གཉིས་སུ་བགོས་ཏེ།  རྔ་བ་རྫོང་དང་མཛོད་དགེ་རྫོང་།  ཧུང་ཡོན་རྫོང་།  ཛམ་ཐང་རྫོང་བཅས་ནས་ལས་སྒོ་གསར་སྤེལ་རྣམ་གྲངས་ལ་ཡུལ་དངོས་ནས་མཛུབ་སྟོན་བྱེད་རྒྱུ་རེད།(རྩོམ་དང་པར་རྔ་བ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1