གྲོས་མཐུན་འདིའི་གོ་ཆོད་དུས་ཡུན་ཉིན་120ཕྱིར་འགྱངས་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21


        ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཐུར་ཁེ་དང་། མཉམ་འབྲེལ་རྒྱལ་ཚོགས། ཨུ་རུ་སུ། ཡུག་རེན་བཅས་ཕྱོགས་བཞིར་གྲོས་མཐུན་བྱུང་བའི་གཏན་འབེབས་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་2022ལོའི་ཟླ་11ཚེས་19ཉིན་ནས་བཟུང་། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ལག་བསྟར་དུས་ཚོད་ཉིན་120ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

        ཨེའར་ཏུའོ་ཨན་གྱིས་ཉེ་བའི་ཟླ་བ་བཞི་ཙམ་རིང་། གྲུ་གཟིངས་500ཙམ་གྱིས་དགོས་མཁོ་ཡོད་མཁན་ལ་འབྲུ་རིགས་དང་བཟའ་བཅའ་ཏུན་ཁྲི་1100ལས་བརྒལ་བ་ཞིག་དབོར་འདྲེན་བྱས་པ་དེའི་ཐོག་ནས་གྲོས་མཐུན་དེར་ལྡན་པའི་འཛམ་གླིང་གི་འབྲུ་རིགས་མཁོ་སྤྲོད་དང་བདེ་འཇགས་ཐད་ཀྱི་གལ་ཆེའི་རང་བཞིན་དང་ཕན་པ་མངོན་ཡོད་ཅེས་བཤད་པ་རེད།

ད་ལོའི་ཟླ་7པར། ཨུ་རུ་སུ་དང་ཡུག་རེན་གྱིས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱི་ཕྱོགས་སུ་དབོར་རྒྱུ་སླར་གསོ་བྱ་རྒྱུའི་ཐད་ལ་མཉམ་འབྲེལ་རྒྱལ་ཚོགས་དང་ཐུར་ཁེ་དང་གྲོས་མཐུན་བཞག་པ་དང་། གྲོས་མཐུན་གོ་ཆོད་དུས་ཡུན་ཉིན་120ཡིན་པ་དང་ཟླ་11ཚེས་19ཉིན་དུས་ཚོད་ཐིམ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1