དཀར་མཛེས་རྫོང་དང་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་ཀྱི་ན་གཞོན་ཚོས་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དྲྭ་ཐོག་ནས་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-22



        སྤྱི་ཟླ11ཚེས17ཉིན། བར་སྟོང་གི་བཀག་རྒྱ་ལས་བསྒྲལ་ནས་མཉམ་ལས་ཡོང་བའི་ཆེད། དཀར་ལུའུ་ས་ཁུལ་གཉིས་ཀྱི་ན་གཞོན་ཚོས་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་སྟེགས་བུ་གཅིག་ནས་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་སློབ་སྦྱོང་དང་། བསམ་ཚུལ་སྤེལ་རེས། འབྱུང་འགྱུར་མཉམ་ལས་འཕེལ་ཕྱོགས་གླེང་བ་རེད།

        དཀར་མཛེས་རྫོང་གི་ཚོགས་རའི་ནང་། སྒྲོག་འགྲེལ་པ་གཉིས་ཀྱིས་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པས་གཙོ་དོན་བྱས་ཏེ། བོད་རིགས་དང་རྒྱ་རིགས་ཁྱིམ་ཚང་གཅིག་ལྟར་མཛའ་ཞིང་བརྩེ་བའི་གཏམ་རྒྱུད་དེ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་བར་གྱི་མཛའ་བརྩེ་ཟབ་མོ་གླེང་བ་དང་། བོད་སྐད་གོ་བདེ་ཤེས་སླ་བས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་བཏོན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པར་འགྲེལ་བཤད་བརྒྱབ་པ་དང་། དེ་བཞིན་སྙན་སེང་ནང་གི་ནང་དོན་གལ་ཆེན་དག་རྒྱས་པར་བཀྲོལ་ནས་ཉན་མཁན་ཚོར་གོ་བ་ཡག་པོ་ལོན་པར་རོགས་རམ་བྱས།


        བརྙན་ལམ་གྱི་སྣེ་གཞན་ཞིག་ལས་ཐའེ་ཀྲོའུ་ནས་ཡོང་བའི་སྒྲོག་འགྲེལ་པ་རིམ་པ་བཞིན་ཐོན་ཞིང་། ནམ་ཡང་ལམ་ན་ཡོད་ཅེས་པས་གཙོ་དོན་བྱས་ནས་ཏང་མི་ཁྲི9600ལྷག་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་ཡོང་བར་ངེས་པར་དུ་ལྷོད་གཡེང་སྤུ་ཙམ་ཡང་བྱ་རྒྱུ་མེད་པ་རྒྱུན་འཁྱོང་དགོས་པ་བསྟན་ཡོད། རི་ཀླུང་དང་ཡུལ་གཞན་དུ་འགྲོ་སྐྱིད་འདུག་སྐྱིད་ཅེས་པའི་སྐོར་གླེང་ནས་ཚང་མར“ཉི་ཟླ་མཉམ་གནས”དང“ཕུགས་འདུན་མངོན་དུ་འགྱུར་བ”སོགས་ཐའེ་ཀྲོའུ་ཡི་བྱ་སྤྱོད་སྤེལ་སྟངས་དང་འགན་འཁྲི་འཁུར་ལུགས་སྐོར་གླེང་བ་རེད།

        མདའ་མདོ་ཡུག་ཤོག་གི་སྒྲོག་འགྲེལ་པ་ཡེ་ཤེས་ཕན་བདེ་ཡིས་དུས་རབས་གསར་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྤྱད་འབད་བརྩོན་བྱེད་ཐུབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ཁྲོད་དད་སེམས་རྙེད་ཅིང་འཇོན་ཐང་སྦྱངས་ཏེ་རྒྱལ་ཁའི་ཕ་རོལ་དུ་སྐྱོད་པའི་ཟམ་པ་ཞིག་བཙལ་ཏེ་དུས་རབས་གསར་པའི་ན་གཞོན་གྱི་གྲུབ་འབྲས་བཟང་ཤོས་འཐོབ་པར་བྱ་དགོས་ཞེས་བཤད་པ་རེད།

        ད་རེས་ཀྱི་དྲྭ་ཐོག་སྒྲོག་འགྲེལ་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དྲིལ་བསྒྲགས་དང་སྒྲོག་སྦྱང་ཤེས་ལྡན་མི་སྣའི་བར་སྤེལ་རེས་ཡོང་བ་དང་། དཀར་མཛེས་རྫོང་གི་གཞི་རིམ་གྱི་སྒྲོག་འགྲེལ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་པ། ས་གནས་གཉིས་པོའི་ན་གཞོན་གྱི་བསམ་བློར་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་གོ་བ་ལོན་པ། ལས་བྱེད་པ་དང་མང་ཚོགས་རྒྱ་ཆེན་ལ་དད་སེམས་བརྟན་པོ་དང་འབད་འབུངས་མདུན་དུ་སྐྱོད་པར་བསྐུལ་ཡོད། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལ་བརྟེན་ནས་ཤར་ནུབ་རྒྱུད་ཀྱི་བསམ་པའི་འབྲེལ་ཐག་སྲིང་བ་དང་། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་གཅིག་མཐུན་འདུས་གྲུབ་འཛུགས་པ་འཚོལ་ཞིབ་དང་སྐུལ་འདེད་ཐུབ་ཡོད། །

ཀྲོའུ་ཐིང་དང་བསོད་ནམས་ཟླ་བས་བྲིས་ཤིང་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1