ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོཌ་དང་ཀྲུང་གོའི་བར་སྣང་འཚོལ་ཞིབ་དང་གསར་གཏོད་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-23



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་བར་སྣང་འཚོལ་ཞིབ་དང་གསར་གཏོད་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་བར་སྣང་འཚོལ་ཞིབ་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས“ཟླ་བའི་ལྷ་མོས”ཟླ་དཔྱད་དང་། “མཁའ་འདྲི་རྟགས་ཅན”གྱིས་སྐར་མ་མིག་དམར་ལ་འཚོལ་ཞིབ་སོགས་བྱས་ཏེ་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་མིའི་རིགས་ཐུན་མོང་གི་བདེ་རྩ་ཆེ་རུ་གཏོང་བར་གཞོལ་བཞིན་ཡོད། བར་སྣང་ཁམས་ཀྱི་འཚོལ་ཞིབ་ལ་རྫོགས་མཐའ་མེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཇིག་རྟེན་ཁམས་ཀྱི་གསང་བ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་པ། ཕྱི་རོལ་བར་སྣང་ཞི་བའི་ངང་བེད་སྤྱོད་བཅས་བྱས་ནས་འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

        མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་བར་སྣང་འཚོལ་ཞིབ་དང་གསར་གཏོད་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དེ་ཉིན་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“བར་སྣང་འཚོལ་ཞིབ་ཀྱི་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་དགོས”ཞེས་པ་དེ་ཡིན་ཞིང་། ཚོགས་འདུ་དེ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་། ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱི་རོལ་བར་སྣང་ལས་དོན་གཞུང་དོན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1