རྟ་ཐོག་དཔལ་འབྱོར་ལ་བརྟེན་ནས་ཡོང་སྒོ་འཕར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29



        ཉེ་ལམ། ལི་ཐང་རྫོང་གི་ནམ་ཟླ་ཤིན་ཏུ་འཁྱགས་ན་ཡང་། མཐོ་གྲོང་གྲོང་རྡལ་བདེ་སྐྱིད་དང་པོ་གྲོང་ཚོའི་བྱ་འགུལ་ལྟེ་གནས་སུ་གྲོང་མི་རྣམས་ལ་ཁེ་ཕོགས་བགོ་བའི་ལས་དོན་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་ལ། སྒོར་མོའི་བགོ་བཤའ་ཐོབ་པའི་བསོད་ནམས་སྒྲོལ་མའི་སེམས་ལ་དགའ་སྤྲོས་ཁེངས་ནས་ཆེད་དུ“རྟ་ཐོག་ནས་ལི་ཐང་ལ་ཡུལ་སྐོར་བྱེད”ཅེས་པའི་རྣམ་གྲངས་རྡོ་བརྐོས་མདུན་དུ་དྲན་གསོའི་པར་ཞིག་བརྒྱབ།

        “ང་ཚོས་དུས་ཡུན་རིང་པོར་བརྟག་དཔྱད་དང་འདྲི་གཅོད་བྱས་རྗེས་ད་གཟོད་རྣམ་གྲངས་འདི་ཐག་གིས་བཅད་པ་ཡིན”ཞེས་ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་མི་སྣའམ་མཐོ་གྲོང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་ལང་གིས་དེ་ལྟར་བཤད། ཡང་ཁོང་གིས། ལི་ཐང་ནི་རྟ་རྒྱུག་འགྲན་བསྡུར་གྱི་ཕ་ཡུལ་ཡིན་པའི་ཆ་ནས་རྟའི་རིག་གནས་དང་འབྲེལ་བའི་ཉམས་ལེན་རྣམ་གྲངས་དཀོན་པས། དེ་ནས་ཁོ་དང་རུ་མི་ཚོས་རོགས་སྐྱོར་རྣམ་གྲངས་ཤིག་ཇུས་འགོད་བྱེད་མགོ་བརྩམས་ནས་ཁ་གཏད་མ་དངུལ་བརྩོན་ལེན་བྱས། མང་ཚོགས་ཀྱི་སེམས་ཁུར་ལ་ཁ་གཏད་དུས། ཁོ་དང་གྲོང་ཚོའི་ཏང་ཡོན་ལས་དོན་མི་སྣ་རང་འགུལ་གྱིས་དུད་ཚང་རེ་རེར་བསྐྱོད་དེ་བདེ་སྐྱིད་དང་པོ་གྲོང་ཚོས་ཐུན་མོང་དཔལ་འབྱོར་རྣམ་གྲངས་འཕེལ་རྒྱས་སུ་གཏོང་བའི་ལེགས་ཆ་དང་མདུན་ལམ་གསལ་བཤད་བྱས་ཏེ། ཐུན་མོང་གིས་ཧུར་བརྩོན་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་རྒྱབ་སྐྱོར་ཐོབ་པ་རེད་ཅེས་བཤད།

        2022ལོའི་ལོ་མགོ་རུ་ཞིན་ཏུའུ་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་དང་། མཐོ་གྲོང་གྲོང་རྡལ་སྲིད་གཞུང་། གྲོང་ཚོའི་འཐུས་མིས་མཉམ་དུ་གྲོས་གཞི་བཏོན་ནས། ལི་ཐང་གི་རྟ་ཐོག་ཡུལ་སྐོར་ཐུན་མོང་ཐོན་ལས་མཉམ་ལས་ཁང་བཙུགས་ཏེ“རྟ་ཐོག་ནས་ལི་ཐང་ལ་ཡུལ་སྐོར་བྱེད་པའི”ཐུན་མོང་དཔལ་འབྱོར་རྣམ་གྲངས་གཏོད་མགོ་བརྩམས། རྣམ་གྲངས་ལ་གྲ་སྒྲིག་བྱེད་སྐབས། ཞིན་ཏུའུ་ལས་དོན་རུ་ཁག་གིས་མཐོ་གྲོང་གྲོང་རྡལ་དང་མཉམ་འབྲེལ་གྱིས་ཡུལ་སྐོར་སྣེ་ལེན་དང་། ཡུལ་སྐོར་ཞབས་ཞུ། དྲིལ་སྒྲོག་ཁྱབ་གདལ། བདེ་འཇགས་དོ་དམ། ནོར་དོན་དོ་དམ། ནགས་ཚལ་རྩྭ་ཐང་མེ་འགོག་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་རབ་དང་རིམ་པ་སྤེལ་ཏེ། རྣམ་གྲངས་འཁོར་སྐྱོད་ལ་རྨང་གཞི་བརྟན་པོ་བཏིངས།

        ཤེས་གསལ་ལྟར་ན། རྣམ་གྲངས་དེ་ལ་བསྡོམས་པས་མ་དངུལ་སྒོར་ཁྲི་50བཏང་ཞིང་། དེའི་ནང་ཞིན་ཏུའུ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་37བཏང་པ་དེ་བདེ་སྐྱིད་དང་པོ་གྲོང་ཚོའི་ཐུན་མོང་གི་མ་རྩ་ཡིན་ལ། དེས་ཡུལ་སྐོར་སྣེ་ལེན་ས་ཚིགས་3གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྟ་དང་སྒ་21ཉོས་ཤིང་། བོད་ལྭ་26བཟོས་ནས། གྲོང་ཚོ་ཡོངས་ཀྱི་གྲོང་མི་དག་ལས་ཀར་ནང་ཞུགས་ཏེ་ཡུལ་སྐོར་ཞབས་ཞུ་དང་སྣེ་ལེན་ལས་དོན་བསྒྲུབས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1