སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30


སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

(སྤྱི་ཟླ་11པའི་ཚེས་30ཉིན་བསྒྲགས)


        སྤྱི་ཟླ་11པའི་ཚེས་29ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།

        ཕྱི་རྒྱལ་ནས་ཡོང་བའི་ནད་པ་16གསར་དུ་འཕར་ཡོད། (ཚང་མ་ཁྲེང་ཏུའུ་ནས་ཡིན)དེའི་ཁྲོད་གཏན་འཁེལ་ནད་པ་3དང་ནད་རྟགས་མེད་པའི་ནད་པ་13ཡོད།

        ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་255གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་19དང་། ནད་རྟགས་མེད་པའི་ནད་པ་236ཡོད།

        ཞིང་ཆེན་ནང་ཁུལ་དུ་ནད་པ་1143གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་138བྱུང་ཡོད།(ཁྲེང་ཏུའུ་ལ་100དང་། ལེ་ཧྲན་ལ་10དང་། རྔ་བ་ལ་10དང་། མེ་ཧྲན་ལ་6དང་། པ་ཀྲུང་ལ་6དང་། ལིའང་ཧྲན་ལ་5དང་། དཀར་མཛེས་ལ་1བཅས་བྱུང་ཡོད)ནད་རྟགས་མེད་པའི་ནད་པ་1005བྱུང་ཡོད། (ཁྲེང་ཏུའུ་རུ་560དང་། ལེ་ཧྲན་ལ་56དང་། རྔ་བ་ལ་52དང་། ཏེ་དབྱང་ལ་51དང་། པ་ཀྲུང་ལ་44དང་། མེན་དབྱང་ལ་38དང་། ནན་ཁྲང་ལ་33དང་། ནེ་ཅང་ལ་27དང་། ཀོང་ཡོན་ལ་26དང་། ལུའུ་ཀྲོའུ་ལ་20དང་། དབྱི་པིན་ལ་20དང་། ལིའང་ཧྲན་ལ་17དང་། སུའེ་ཉིང་ལ་16དང་། མེ་ཧྲན་ལ་12དང་། ཏ་ཀྲོའུ་ལ་10དང་། ཙི་དབྱང་ལ་9དང་། ཙི་ཀུང་ལ་8དང་། ཀོང་ཨན་ལ་4དང་། གཡག་རྔ་ལ་2བཅས་བྱུང་ཡོད)

        གཞན་ཡང་སྔར་གྱི་ནད་རྟགས་མེད་པའི་ནད་པ་14གཏན་འཁེལ་ནད་པ་རུ་གྱུར། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་1དང་།(ཁྲེང་ཏུའུ་ནས་ཡིན)ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་1དང་། ཞིང་ཆེན་ནང་ཁུལ་དུ་ནད་པ་12བྱུང་ཡོད།(ཁྲེང་ཏུའུ་ལ་8དང་། ཏེ་དབྱང་ལ་2དང་། སུའེ་ཉིང་ལ་1དང་། ལིའང་ཧྲན་ལ་1བཅས་བྱུང་ཡོད)

        ནད་པ་97གསར་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་སྒོར་བུད་ཡོད། དོགས་ཡོད་ནད་པ་དང་ཚེ་ལས་འདས་མཁན་བྱུང་མེད།

    (གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པའི་ཞིབ་ཕྲའི་གནས་ཚུལ་ནི་འབྲེལ་ཡོད་གྲོང་ཁྱེར(ཁུལ)གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བརྡ་ཁྱབ་གཏོང་བ་རེད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1