བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-01


བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

༼ཨང་དང་པོ༽

        ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་བླ་ན་མེད་པའི་གུས་བཀུར་ཞུ་བ་དང་། མྱ་ངན་ཟབ་མོ་ཞུ་ལུགས་མཚོན་ཆེད་གཤམ་གསལ་གཏན་འབེབས་བྱས་པ་སྟེ།

        ༼གཅིག༽ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཕུལ་བའི་ཡི་གེ་བཀྲམ་པའི་ཉིན་ནས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་འཚོགས་པའི་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེ་དང་། ཤིན་ཧྭ་སྒོ་མོ་ཆེ། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ་དང་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་ལས་ཁང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་ལས་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་བཅས་སུ་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན། དེའི་རིང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་ལས་ཁང་དང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་ལས་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་བཅས་སུ་གདུང་ཁང་སྒྲིག་གཤོམས་བྱས་ནས། ཤང་ཀང་དང་ཨའོ་མོན་ས་ཁུལ་དང་། བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་མྱ་ངན་ཞུ་མཁན་ལ་སྣེ་ལེན་ཞུ་རྒྱུ་ཡིན།

        ༼གཉིས༽རང་རྒྱལ་གྱི་རྒྱུན་སྲོལ་ལྟར། ཕྱི་རྒྱལ་གྱི་སྲིད་གཞུང་དང་སྲིད་ཏང་། མཛའ་གྲོགས་མི་སྣ་བཅས་ཀྱིས་མངགས་པའི་སྐུ་ཚབ་ཚོགས་པའམ་འཐུས་མི་ཀྲུང་གོར་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་རྒྱུར་གདན་ཞུ་བྱ་རྒྱུ་མིན།

        དེ་དོན་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1