༄༅།། གདོད་འགོག་བརྟག་འཇལ་བྱེད་དུས་གནད་དོན་འདི་དག་ལ་མཉམ་འཇོག་བྱ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-16


        གཅིག ཨོ་སྨི་ཁི་རོན་འགོས་པ་ཡིན་ན། གདོད་འགོག་བརྟག་འཇལ་གྱིས་དུས་ཡུན་ག་ཚོད་ཀྱི་ནང་ལ་ཤེས་ཐུབ་བམ།

        གདོག་འགོག་བརྟག་འཇལ་གྱིས་ནད་དུག་འདྲ་བཤུ་བྱུང་ནས་ཚད་རིམ་ཅུང་མཐོ་བ་དང་ནད་དུག་འགོས་མཁན་གྱི་ནད་དུག་འབུད་ཚད་ཅུང་མཐོ་བའི་སྐབས་ལ་ཐོན་ན། ད་གཟོད་བརྟག་འཇལ་ཐུབ་པ་ཡིན།

        ཨོ་སྨི་ཁི་རོན་གྱི་བག་ཉལ་དུས་ལ་གཞིགས་ཏེ་དཔག་རྩིས་བྱས་ན། རྒྱུན་ལྡན་དུ་ནད་དུག་འགོས་རྗེས་ཀྱི་ཉིན2ནས3གྱི་ནང་ལ་བརྟག་འཇལ་ཐུབ་པ་དང་། ནད་དུག་འགོས་མཁན་ཁ་ཤས་དང་ལྷག་པར་དུ་ནད་རྟགས་མི་མངོན་པའི་ནད་དུག་འགོས་མཁན་ཡིན་ན། ཕལ་ཆེར་ཉིན5དང་ཐ་ན་དེ་ལས་རིང་བའི་དུས་ཚོད་འགོར་རྗེས། ད་གཟོད་བརྟག་འཇལ་ཐུབ་པ་ཡིན།

        གཉིས། གདོད་འགོག་བརྟག་འཇལ་སྒམ་ཆུང(抗原试剂盒)ཉོ་དུས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

        ཀ ཐོན་སྐྱེད་དུས་ཚོད་དང་གོ་ཆོད་དུས་ཡུན་ཅི་འདྲ་ཡིན་པ། ཁ། རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་སྨན་བཅོས་ཡོ་བྱད་ཐོ་འགོད་དཔང་ཡིག་གི་ཨང་གྲངས་དང་ཨང་སྒྲིགUDIཆ་ཚང་ཡོད་མེད། ག སྒང་ཆུང་ནང་གི་དངོས་པོ་སྟེ་བརྟག་འཇལ་ཡོ་བྱད་དང་དབྱེ་འབྱེད་གཤེར་ཁུ། གཅིག་སྤྱོད་བལ་དབྱུག གསལ་བཤད་ཡི་གེ དམ་སྦྱར་ཁུག་མ་རྣམས་ཚང་མིན་བཅས་ལ་བལྟ་དགོས།

        གསུམ། གདོད་འགོག་བརྟག་འཇལ་བྱེད་ན་ངེས་པར་དུ་སྣ་ཁུང་ནང་ནས་མ་དཔེ་ལེན་དགོས་སམ།

        རྒྱུན་ལྡན་གྱི་གནས་ཚུལ་འོག གདོད་འགོག་བརྟག་འཇལ་བྱེད་པའི་མ་དཔེ་སྣ་ཁུང་ནང་ནས་བླངས་ན་ཅུང་ཡང་དག་ཡིན། ལོ14ཡན་གྱི་མི་ཡིས་རང་གི་སྣ་ཁུང་ནས་མ་དཔེ་བླངས་ཏེ་བརྟག་འཇལ་བྱས་ཆོག་པ་དང་། ལོ2ནས14ཡི་བར་གྱི་མི་ཡིན་ན། མི་གཞན་པས་རོགས་བྱས་ཏེ་སྣ་ཁུང་ནང་ནས་མ་དཔེ་བླངས་ནས་གདོད་འགོག་བརྟག་འཇལ་བྱ་དགོས།

        བཞི། ཁྱིམ་མི་ཚང་མར་གདོད་འགོག་བརྟག་འཇལ་བྱེད་ན། མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

        ཀ བརྟག་འཇལ་མ་བྱས་པའི་སྔོན་ལ་ཚང་མས་ལག་པ་བཀྲུས་ནས་དུག་སེལ་བྱེད་པ། ཁ། གདོད་འགོག་བརྟག་འཇལ་གྱི་གོ་རིམ་ཤེས་དགོས་པ། ག གདོད་འགོག་བརྟག་འཇལ་གྱི་སྒམ་ཆུང་གྲ་སྒྲིག་བྱེད་པ། ང་། ཁོར་ཡུག་གི་དྲོད་གཤེར་ཚད་དེ་གདོད་འགོག་བརྟག་འཇལ་གྱི་བླང་བྱ་དང་མཐུན་པར་བྱེད་པ། ཅ། ལོ2ནས14ཡི་བར་གྱི་མི་ལ་བརྟག་འཇལ་མ་དཔེ་ལེན་རོགས་བྱེད་པ། ཆ། བརྟག་འཇལ་བྱས་འབྲས་སྲིབ་གཤིས་ཡིན་ན། བེད་སྤྱོད་བྱས་རྗེས་ཀྱི་དངོས་པོ་ཚང་མ་དམ་སྦྱར་ཁུག་མའི་ནང་ལ་བཅུག་རྗེས་རྒྱུན་ལྡན་གད་སྙིགས་ལྟར་ཐག་གཅོད་བྱེད་པ་དང་། བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་ན། གདགས་གཤིས་མི་སྣ་གནས་སྤོ་བྱེད་དུས། བརྟག་འཇལ་བྱས་པའི་དངོས་པོ་ཚང་མ་སྨན་བཅོས་སྡེ་ཁག་ལ་སྤྲད་དེ་སྨན་བཅོས་གད་སྙིགས་ལྟར་ཐག་གཅོད་བྱ་དགོས། ཇ། དུས་ཐོག་ཏུ་ཡར་ཞུ་བྱེད་པ་བཅས་ཡོད།

        ལྔ། གདོད་འགོག་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་ན་ཇི་ལྟར་བྱ་དགོས་སམ།

        ནད་རྟགས་མེད་པའམ་ཡང་ན་ནད་རྟགས་ཡང་མོ་ཡིན་དུས། ཁྱིམ་སྡོད་ལོགས་བཀར་སྨན་བཅོས་བྱས་ན་ཆོག ནད་རྟགས་ཇེ་ལྕི་ལ་སོང་ན། དུས་ཐོག་ཏུ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ཏུ་ཕྱིན་ཏེ་ཚ་རྒྱས་སྒོ་བསྟེན་ནས་སྨན་བཅོས་བྱ་དགོས། གཞན་ད་དུང་། གདོད་འགོག་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་ན། འབྲེལ་ཡོད་བླང་བྱ་ལྟར། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་ཡར་ཞུ་ཡང་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1