སི་ཁྲོན་གྱི་ཚོགས་ཆེན་གཉིས་དེ་རིང་ནས་འཚོག་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-10


        སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་དེ་2023ལོའི་ཟླ་1པོའི་ཚེས་11ཉིན་ཁྲེང་ཏུའུ་རུ་འཚོག་རྒྱུ་དང་། ཚོད་རྩིས་བྱས་ན་ཚོགས་ཡུན་ཉིན་5ཙམ་ཡིན།

        སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པའི་ཐོག །སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་དེ་2023ལོའི་ཟླ་1པོའི་ཚེས་11ཉིན་ཁྲེང་ཏུའུ་རུ་འཚོག་རྒྱུ་གཏན་འཁེལ་བྱས་པ་དང་། ཚོད་རྩིས་བྱས་ན་ཚོགས་ཡུན་ཉིན་5ཙམ་ཡིན།

        སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དེ་2023ལོའི་ཟླ་1པོའི་ཚེས་10ཉིན་ནས་ཚེས་14ཉིན་བར་འཚོག་རྒྱུ་གཏན་འཁེལ་བྱས།

        གསར་འགོད་པས་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག །ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དེ་2023ལོའི་ཟླ་1པོའི་ཚེས་10ཉིན་ནས་ཚེས་14ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུ་གཏན་འཁེལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1