ཁྲེང་ཏུའུ་ཡོང་བའི་བོད་རིགས་སྤུན་ཟླས་དཔྱིད་གསར་དུས་ཆེན་རོལ་བར་བྲེལ་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        ལོ་སྙིང་སྟག་གི་འཛུམ་དྲུག་ཡལ་ན་ཡང་། །ཆུ་མོ་ཡོས་ལོའི་བདེ་ཐང་འཕག་རྩལ་ངོམ།།

        2022ལོའི་བློ་ཚད་ཏོག་གསར་ནད་དུག་ལས་རིམ་བཞིན་གྲོལ་ཏེ། ལུས་ཁམས་བདེ་ཐང་དང་སེམས་ཁམས་སྤྲོ་སྐྱིད་ཀྱི་གསོན་ཉམས་ཀྱིས་བརྟས་པ་དང་ཆབས་ཅིག་ཏུ་2023ལོར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་མང་པོ་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོང་ནས་ཚ་ཚ་འུར་འུར་གྱིས་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ལ་རོལ་བའི་གྲ་སྒྲིག་བྱེད་བཞིན་ཡོད། མཐོ་སྒང་ནས་ཡོང་བའི་སྤུན་ཟླ་རྣམས་ཀྱི་གདོང་ལ་འཛུམ་མདངས་འཕྲོས་ནས་ཁྲོམ་རར་འགྲིམས་ཏེ་བཟའ་བཏུང་དང་རྒྱན་གོས་སོགས་ཉོ་ཅ་རྒྱག་བཞིན་པ་དང་།  ཕ་ཡུལ་ནས་ཁྱེར་བའི་ནོར་གནག་གི་ཤ་མོག་དང་ཤ་སྐམ།  ཟོག་ཤ་བརྔོས་མ་དང་ཤ་བསྲེགས་ཤ་རྗེན་སོགས་དང་།  སིལ་ཏོག་དང་ཀུ་ཤུ་རྒུན་འབྲུམ་ཚ་ལུ་མ་སོགས་བཟའ་བྱའི་རིགས་དང་།   རྣམ་པ་མི་འདྲ་བའི་རིགས་ཀྱི་ཤིང་ཏོག་གི་ཁུ་བ་སྣ་ཚོགས་དང་།  ཇ་མངར་དང་སྲུབ་ཇ་འོ་མ་སོགས་བཏུང་བ་ཕུན་སུམ་ཚོགས་པའི་གྲ་སྒྲིག་ཀྱང་བྱེད་བཞིན་འདུག །མཚན་མོར་གླུ་གར་གྱི་རྒྱ་མཚོ་ཆེན་པོ་ལས་བསྐྲུན་པའི་དགའ་བདེའི་ཚོར་བ་གསར་པ་ལ་རོལ་བཞིན་ཡོད།  སེར་ཤུལ་རྫོང་ནས་ཡོང་བའི་འབྲོག་པ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། དགའ་ཞིང་གུས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཐུགས་བརྩེའི་བྱམས་སྐྱོང་འོག  །ང་ཚོའི་གྲོང་པ་ཡོངས་ཀྱི་དབུལ་པོའི་ཞྭ་མོ་ཕུད་ནས་དེང་རབས་གསར་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་རྫོགས་མཐའ་མེད་པ་ལ་ལོངས་སྤྱོད་པ་འདི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པས་ང་ཚོ་ལྟ་བུའི་མཐའ་ཁུལ་གྱི་འབྲོག་པ་ཡང་གྲོང་ཁྱེར་ནང་དུ་ལོ་སར་བའི་གོ་སྐབས་བཟང་པོ་འདི་འདྲ་ཐོབ་པ་རེད། སླད་མའི་ཆར་ཡང་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ལོ་ལྟར་ཇེ་བཟང་ཇེ་ཡག་ཏུ་ཡོང་བའི་སྨོན་འདུན་ཞུ་བ་དང་ཚང་མ་ལ་ལོ་སར་བཀྲ་ཤིས་བདེ་ཞུ་བ་ཡིན་ཟེར།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1