ཨུ་རུ་སུའི་རྒྱུན་སྡོད་མི་འབོར་ཁྲི་55ལྷག་ཙམ་ཉུང་དུ་སོང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-03


         ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་2ཚེས་1ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། 2023ལོའི་ཟླ་1ཚེས་1ཉིན་བར། ཨུ་རུ་སུའི་རྒྱལ་ནང་གི་རྒྱུན་སྡོད་མི་གྲངས་(ཨུ་རུ་སུའི་སྤྱི་དམངས་ཁོ་ན་བརྩིས་པ་)དུང་ཕྱུར་1.46425ཙམ་ཡོད་པ་ནས། འདས་པའི་ལོ་གཅིག་གི་ནང་མི་ཁྲི་55.5ཙམ་ཉུང་དུ་ཕྱིན་ཡོད་པ་རེད།

        ཨུ་རུ་སུའི་ལོ་འཁོར་གོང་མའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ལས་མངོན་པར། 2022ལོའི་ཟླ་1ཚེས་1ཉིན་བར། ཨུ་རུ་སུའི་མི་འབོར་ཁྱོན་བསྡོམས་དུང་ཕྱུར་1.4698ཙམ་ཟིན་ཡོད་པ་རེད།

        བསྡོམས་རྩིས་བརྒྱབ་མ་ཐག་པར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁོངས་སུ་མི་འབོར་ཁྲི་4000ལས་བརྒལ་བའི་ནང་ནས་མི་ཁྲི་1300ལྷག་ཙམ་མོ་སི་ཁོ་རུ་སྡོད་པ་དང་། ནུབ་བྱང་རྒྱལ་ཕྲན་མཉམ་འབྲེལ་ཁུལ་གྱི་མི་གྲངས་ཁྲི་1360ལས་བརྒལ་བ། དེའི་ཁྲོད་ཀྱི་མི་གྲངས་ཁྲི་560ཙམ་ཧྲེང་པི་ཏེ་པའོ་རུ་སྡོད་ཀྱི་ཡོད་པ་རེད།

        ཨུ་རུ་སུར་མི་འབོར་ཁྲི་100ལས་བརྒལ་བའི་གྲོང་ཁྱེར་16ཡོད་པའི་ནང་། མོ་སི་ཁོ་དང་། ཧྲེང་པི་ཏེ་པའོ། ཤིན་ཞི་པོ་ལི་ཡཱ། ཡེ་ཁཱ་ཅེ་ལིན་པའོ། ཁཱ་ཧྲན། ནུའོ་ཕུའུ་ཀེ་ལུའོ་ཏེ་སོགས་ཚུད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1