ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་གཙོ་གནད་ལས་གྲྭ་ཧ་པ་གངས་རིའི་ཕུག་ལམ་ནི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། མིག་སྔར་ཕུག་ལམ་བསྐྲུན་རྒྱུ་དེ་སྨི་བརྒྱའི་མཐའ་མའི་གདོང་མཆོང་བྱེད་པའི་དུས་མཚམས་སུ་སླེབས་ཡོད།
སྔོན་དཔག་བྱས་ན་སྤྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཧ་པའི་གངས་རིའི་ཕུག་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ས་ཁོངས་ཀྱི་འབྲི་ཆུ་དང་བར་ཐག་ཉེ་བའི་ཧ་པའི་གངས་རིའི་རི་རྒྱུད་ཀྱི་རིང་ཚད་ཧྲིལ་པོར་སྨི་9523ཟིན་པ་དེ་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་མེད་པའི་ཕུག་ལམ་མཐའ་མ་དེ་ཡིན་པ་རེད། མཚོ་བོད་ས་མཐོའི་འཕྲེད་རྒྱུག་རི་རྒྱུད་ཡུན་ནན་ནུབ་བྱང་གི་ལུང་ཤུར་དུ་གནས་པའི་དབང་གིས། རི་ཉིལ་བ་དང་། ཞུན་བྲག བྲག་རྡོ་སྙི་མོ་སོགས་ཀྱི་ཚོད་དཔག་དཀའ་བའི་རང་བྱུང་ས་ཁམས་ཀྱི་གནད་དོན་ཤུགས་ཆེན་ལྡན་ཡོད།
མིག་སྔར། ཕུག་ལམ་ཀྱི་མཐའ་མའི་ཏལ་འབིགས་ཐུབ་པར་སྨི་135མ་གཏོགས་ལྷག་མེད། འོན་ཀྱང་བྲག་རྡོའི་དབྱིབས་འགྱུར་བའི་གནས་ཚུལ་སྔར་བཞིན་ཚབས་ཆེན་པོ་གནས་ཡོད་པས་ལས་བཟོ་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཁྱད་བསད་དང་དུས་ཚོད་དམ་འཛིན་གྱིས་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ཆེད་བཟོ་པ་ཚོས་འདས་མ་ཐག་པའི་དཔྱིད་གསར་དུས་ཆེན་སྐབས་སུ་ཡང་ངལ་གསོ་མ་རྒྱབ་པར་ལས་གནས་བརྟན་སྲུང་བྱས་ཡོད།
ཕུག་ལམ་ཏལ་འབིགས་ཀྱི་ལས་དོན་ལ་ཉིན་བདུན་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་ཕུག་ལམ་སྨི་40ཏལ་འབིགས་ཐུབ་པའི་གྲུབ་འབྲས་དེས་བཟོ་པ་ཚོར་ཕུག་ལམ་སྔ་ཙམ་ཤར་གཏོང་ཐུབ་པའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།