གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཤང་གྲོང་དར་རྒྱས་གཏོང་བའི་ལས་དོན་གང་ལེགས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 02-20


        མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཉེ་བའི་ལོའི་རིང་།  ཤང་གྲོང་དར་རྒྱས་གཏོང་བའི་ལས་དོན་སྤེལ་བའི་ཁྲོད་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  གྲོང་ཚོ་རིམ་པའི་ཏང་རྩ་འཛུགས ༥༧ ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས ༧༥ དང་ཆེད་ལས་མཉམ་ལས་ཁང་ ༧༣ གསར་འཛུགས་བྱེད་རོགས་བྱས་པ་དེས།  ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བྱུང་ཡོད་པ་མ་ཟད།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཤང་གྲོང་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་ཡང་རམ་འདེགས་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1