དཀར་མཛེས་ཁུལ་གྱིས་རིམ་པ་སོ་སོའི་སློབ་གྲྭའི་སློབ་གསོ་སྤུས་ལེགས་འདྲ་མཉམ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-21


        ན་ནིང་ནས་བཟུང་། དཀར་མཛེས་ཁུལ་ཏང་ཨུ་དང་སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་།    ཁུལ་སློབ་གསོ་དང་ལུས་རྩལ་ཅུའུ་ཡིས་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས།     ཡུལ་བབ་དང་བསྟུན་པ་དང་ཕྱོགས་སུ་བསྐྱོད་དེ་སློབ་གསོ་སྤུས་ལེགས་དང་སྙོམས་པོར་འཕེལ་རྒྱས་གཏོང་བའི་ཞན་ཆ་དང་ཉམས་ཞན་ལ་དམིགས་ཏེ་སློབ་སྦྱོང་བྱ་ཡུལ་ཁག་གི་སློབ་གསོ་མྱུར་མོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།    འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སློབ་བསྡུའི་གསོ་སྦྱོང་ལ་ཤུགས་སྣོན་པ།    མཐོ་རྒྱུགས་ཀྱི་བཅོས་སྒྱུར་གསར་པའི་ནང་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།    མི་རིགས་སློབ་གསོའི“ནུས་པ་དང་སྤུས་ཚད་མཐོར་གཏོང་བར”སྐུལ་འདེད་གཏོང་བ་བཅས་བྱས་ནས། དཀར་མཛེས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

        སློབ་དུས་ཁག་གི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་དགོས།     སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཡོངས་ཕན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ“སློབ་སྔོན་སློབ་ཞུགས་གོང་གི་སྤྱིར་བཏང་བཟོ་འགོད”ལག་ལེན་བསྟར་ནས་སློབ་སྔོན་སློབ་གསོའི་དགེ་རྒན522གསོ་སྦྱོང་བྱས་པ་དང་།    ཁུལ་རིམ་པའི་དཔེ་སྟོན་གླིང10གདམ་གསེས་བྱས།    ཞིང་ཆེན་རིམ་པའི་འདེམས་སྒྲུག་དཔེ་སྟོན་གླིང5འོས་སྦྱོར་བྱས་པ་དང་།     འོས་འགན་སློབ་གསོ་སྤུས་ལེགས་དང་སྙོམས་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་སློབ་བསྡུའི་དོ་དམ་ཚད་ལྡན་དུ་བཏང་སྟེ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡུ་བའི་ཁོངས་གཏོགས་ནས་སློབ་མ30600ལྷག་ཙམ་བསྡུས།     མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་བྱེད་སྟངས་ཇེ་ལེགས་ཏུ་བཏང་ནས་མཐོ་རིམ་སློབ་འབྲིང་གི་སློབ་མ་དཀྱུས་མ5800ལྷག་ཙམ་གྱི་རིག་ཚན་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ།     དམིགས་བསལ་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།    རྫོང(གྲོང་ཁྱེར)18ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ནས་དཔྱད་གཞིར་འཛིན་པའི་ལས་དོན་ཚད་ལྡན་དུ་གཏོང་བ།    སློབ་གསོའི་ལྷག་བསམ་ཁྱིམ་དུ་ཐོན་པ།    འཛིན་གྲྭའི་རྗེས་སུ་འབྲང་ནས་སློབ་སྦྱོང་བྱེད་པ།    ཁེར་སྡོད་ནད་ཕོག་པའི་བྱིས་པར་སློབ་གསོ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

        འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སློབ་བསྡུའི་གསོ་སྦྱོང་ལ་ཤུགས་སྣོན་དགོས།     ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།    སློབ་གསོ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ།    ཁུལ་དེ་ཡོངས་ཀྱི་ལོ5ཡི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་དང་།    ལོ་གསུམ་གྱི་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས།    “9+3”གྱི་འཆར་གཞི་སོགས་ལ་སྐུལ་འདེད་བཏང་ནས་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ5500ལྷག་ཙམ་བསྡུ་བཞིན་ཡོད།    མིག་སྔར་མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་བའི་བསྡུར་གྲངས་དེ5:5ཙམ་ཟིན་ནས་ཧ་ལམ་ལས་རིགས་སློབ་མ་དཀྱུས་མའི་གྲངས་འབོར་དང་གཅིག་མཚུངས་ཡིན་པ་དང་།     ཤར་ནུབ་རོགས་ལས་ཀྱི་ཁ་གཏད་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ཀྲེ་ཅང་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་ལོ5ཡི་ལམ་ལུགས་ཁྲོད་མཐོ་རིམ་ལས་རིགས་སློབ་གསོའི“2+1+2”དུས་མཚམས་དབྱེ་ནས་རྒྱུན་མཐུད་གསོ་སྦྱོང་བྱས་ཏེ་ཁག་དང་པོའི་ཆེད་ལས2ཀྱི་སློབ་མ80ཡི་སྦྱངས་འབྲས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱུ།     ལས་རིགས་སློབ་གསོའི་སློབ་གཉེར་སྒྲིག་སྲོལ་དང་ལམ་སྲོལ།  ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དཀར་མཛེས་ལས་རིགས་སློབ་གླིང་དང་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭ་གཞི་གཅིག་ཅན་གྱི་སློབ་གཉེར་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་དགོས།

        མཐོ་རྒྱུགས་ཀྱི་བཅོས་བསྒྱུར་གསར་པའི་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     ཧུར་ཐག་སྒོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་ཕྱོགས་བསྡུས་བཅོས་བསྒྱུར་བརྟན་པོ་བྱེད་པ་དང་།    སྒྲིག་ཁོངས་སྙོམ་སྒྲིག་དང་།    དགེ་རྒན་ཁ་གསབ་སོགས་འགན་སྲུང་རང་བཞིན་གྱི་ལས་ཀ་ལེགས་པར་བསྒྲུབ་པ།    དགེ་རྒན་གྱི་གདེང་འཇོག་ལམ་ལུགས་བཅོས་བསྒྱུར་སོགས་ཀྱི་ཆ་འགྲིག་བྱེད་ཐབས་འཐུས་ཚང་དུ་གཏོང་བ།    སློབ་ཚན་གསར་པ་བཅོས་བསྒྱུར་དང་།    མཐོ་རྒྱུགས་གསར་པ་ཕྱོགས་བསྡུས་བཅོས་བསྒྱུར་གྱི་གསོ་སྦྱོང་བཅས་བྱ་དགོས།     མིག་སྔར་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་བསྒྱུར་གྱི་རིམ་ཁག་གསོ་སྦྱོང་དེ་མཐོ་རིམ་སློབ་འབྲིང་གི་དགེ་རྒན1300ལྷག་ཙམ་ལ་ཁྱབ་པ་དང་དགེ་རྒན་དང་ལས་བཟོ་པ་མི་འདང་བའི་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་སྒྲིག་ཁོངས་ཇེ་མང་དུ་བཏང་བ་མ་ཟད།    དགེ་རྒན100ལྷག་ཙམ་གསར་དུ་བསྡུས།     །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1