སི་ཁྲོན་ཞིང་ཆེན་གྱིས་ཇ་སྟོན་ཚོགས་འདུ་འཚོགས་ཏེ་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-23



        སྤྱི་ཟླ་2པའི་ཚེས་21ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་བཅས་ཀྱིས་ཁྲེང་ཏུའུ་རུ་བོད་ཆུ་ཡོས་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་ཏེ། ཁྲེང་ཏུའུ་རུ་བཅའ་སྡོད་བྱས་པའི་བོད་རིགས་སྤུན་ཟླ་ཁག་ཅིག་དང་རིགས་སོ་སོའི་འཐུས་མི་མཉམ་དུ་འཛོམས་ནས་དུས་ཆེན་རོལ་བཞིན་འཕེལ་རྒྱས་གླེང་བ་རེད།




        ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ཏེ་གཟིགས་ཞིབ་གནང་བའི་སྐབས་ཀྱི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་གཞིར་བཟུང་ནས། བོད་འབྲེལ་ཁུལ་དང་རྫོང་གི་ལས་རིགས་སོ་སོར་གྲུབ་འབྲས་གཡུར་ཟ་བ་ལེན་པར་སྐུལ་འདེད་ཆེན་པོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲི་བཞིན་ཡོད།




        ཞིང་དཔོན་གཞོན་པ་ཧུའུ་ཡུན་ཇ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་ཏེ། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལོ་སར་གྱི་འཚམས་འདྲི་གནང་། ཧུའུ་ཡུན་གྱིས་ཤིས་ཚིག་ཁྲོད། 2023ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ལག་བསྟར་འགོ་ཚུགས་པའི་ལོ་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་དགོས་པ་དང་། དུས་དང་རྣམ་པ་ཀུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ལ་མངགས་བཅོལ་ནན་མོ་གནང་བ་བརྗེད་པར་མི་ཉན། “འདུ་ཤེས་བཞི”བརྟན་པོ་འཛིན་པ། “རང་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། “ཅན་བཞི་མཉམ་སྐྱོད། ཞིང་གྲོང་མཉམ་འདྲེས། ཁོངས་ལྔ་མཉམ་དར”བཅས་དམ་འཛིན་བྱས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྟོབས་ཤུགས་འབུལ་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།




        ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཧོ་ཡན་ཀྲེང་། ཞིང་ཆེན་གྱི་བློ་མཐུན་རྒན་པ་ཡངས་གླིང་རྡོ་རྗེ་ཇ་སྟོན་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1