༄༅།།མདོ་ཁམས་ཏྲེ་ཤོད་ཡུལ་གྱི་ཏྲེ་རྒྱུད་ཇི་ལྟར་བྱུང་བའི་སྐོར་ལ་དཔྱད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-06


   འདིར་ཐོག་མར་མདོ་ཁམས་ཏྲེ་ཧོར་ཡུལ་གྱི་མི་བརྒྱུད་གང་ནས་མཆེད་ཚུལ་སྐོར་ཅུང་ཟད་བཤད་པ་ལ། དེང་དུས་དཀར་མཛེས་དང་རྟའུ་བྲག་མགོ་གསུམ་གྱི་རྫོང་ཁོངས་སུ་འཚོ་བསྡོད་བྱས་ཡོད་པའི་མི་རྒྱུད་དེ་དག་ཏྲེ་ལས་ཆད་པའི་བརྒྱུད་པ་ཁོ་ན་ཡིན་པ་ལོ་རྒྱུས་རྣམས་སུ་ཡོད་ནའང་།   ལོ་ངོ་སྟོང་ཕྲག་མང་པོའི་འདས་སོང་གི་ལོ་རྒྱུས་ཀྱི་དུས་རིམ་ནང་དེང་སང་གི་བར་ཡུལ་སྡེ་དང་དཔོན་རབས་ཀྱི་བར་དར་རྒུད་ཅི་རིགས་བྱུང་ཡོད་པ་སྨོས་མེད་ཡིན་ལ།  དེ་ལྟར་ནའང་དུས་འགྱུར་གྱི་འཕེལ་འགྲིབ་ཀྱི་ནང་ཏྲེ་རབས་ཀྱི་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་བེ་རི་འཇིག་མེད་ཀྱི་ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་ཅུང་ཟད་དཔྱད་པའི་གཏམ་ཞེས་བྱ་བ་དེ་མ་གཏོགས་དེང་དུས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལྕེ་འོག་ཏུ་གབ་པ་མངོན་དུ་མ་ཕྱུང་བ་ཡིན་ནམ་དངོས་སུ་བྲིས་པ་ཡིན་དོན་དུ་མགོ་མཇུག་ཡོངས་རྫོགས་ཤིག་མཐོང་ཐོས་ཀྱི་དབེན་པའི་གནས་སུ་གྱུར་ཡོད།  ཏྲེ་ཡི་ལོ་རྒྱུས་ཀྱི་དཔྱད་རྩོམ་འདིའི་གཞི་འཛིན་ས་གཙོ་བོར་ཏྲེ་རབས་ཡིན་ལ་ཏྲེ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་བསྐལ་པ་ཡ་ཐོག་ནས་མཆེད་པའི་མི་རབས་ཀྱི་ལོ་རྒྱུས་ལ་ངེས་ཤེས་ཟབ་མོ་ཡོད་པ་ཞིག་མེད་ན་ཏྲེ་རབས་ཀྱི་མི་རྒྱུད་ཇི་ལྟར་མཆེད་ཚུལ་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་གི་ཐབས་ལམ་ཉག་ཕྲ་བས་དེང་དུས་ཏྲེ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཅུང་དཀོན་པའི་གནས་སུ་གྱུར་ནས་ཕ་ཡུལ་གྱི་ལོ་རྒྱུས་བག་ཉལ་དུ་སོང་བར་མཐོང་ནས་དཔྱད་རྩོམ་འདི་འབྲི་འདོད་སྐྱེས་བྱུང་།   སྤྱིར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་རྗེས་སུ་མཐུན་པར་བཤད་དགོས་པ་ཡིན་ལ།   དེ་ཡང་བོད་ཡུལ་འདིར་ཐོག་མར་རྒྱ་མཚོ་ཆེན་པོ་གཅིག་ཏུ་ཆུས་གཡེངས་བ་དེར་རླུང་དང་རླབས་སོགས་ཀྱིས་ཡུན་རིང་དཀྲུགས་པ་ལས་རྒྱ་མཚོའི་ནང་གི་འཇུ་རྡུལ་གྱི་ས་བོན་ལས་ཚེ་སྲོག་གི་འཚོ་གནས་བྱས་པའི་རྡུལ་ཕྲན་གྱི་གཟུགས་སུ་སྣང་བའི་རིགས་མང་པོ་ཞིག་གྲུབ་ནས་འཇིག་རྟེན་གྱི་ཁམས་འདིར་སྲོག་ཆགས་ཀྱི་རིགས་ཐོག་མར་བྱུང་བ་ནི་ཚན་རིག་དངོས་གཙོ་སྨྲ་བའི་ལྟ་བ་དང་རྗེས་སུ་མཐུན་པའི་གཏམ་དང་མཐུན་པར་སོང་བ་ལགས་པས།   དེ་ཡང་དངོས་ཡོད་གནས་ཚུལ་ལ་གཞིབ་ནས་བྱུང་བའི་དཔྱད་འབྲས་ཡིན་པར་སུས་ཀྱང་བསྙོན་དུ་མེད་ལ།   དེ་ནས་རྒྱ་མཚོ་དེ་ཉིད་རིམ་གྱིས་བྲི་ནས་ས་དབྱིབས་གཏོས་དང་སྟོང་ཆ་ཆེ་བ་རྣམས་རི་དང་ལུང་པ་ཐང་སོགས་དང་། ཆུང་བ་རྣམས་སྒང་དང་གཤོང་འབུར་གསུམ་སོགས་ས་ཁོད་མི་སྙོམས་པའི་དབྱིབས་སུ་གྲུབ་ཡོད་པ་ནི་ཆུ་བྲི་ནས་རང་འཐག་ཏུ་སྐམ་སོང་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་མངོན་སུམ་ཚད་མའི་རྙེད་དོན་ཡིན་པར་བླུན་པོ་བ་གླང་རྫིས་ཀྱང་རྟོགས་ནུས། དེ་ནས་རིམ་གྱིས་སྲོག་ཆགས་དེ་དག་སྐམ་སའི་སྟེང་དུ་འཚོ་སྡོད་བྱས་ཏེ་ཆེ་ཆུང་དང་ཕོ་མོ་རྐང་ལག་རིང་ཐུང་སོགས་གཟུགས་ཀྱི་ཁྱད་པར་རིགས་གཅིག་ཏུ་མ་ངེས་པར་དུ་མ་བྱུང་ཡོད་པ་ནི་དེང་དུས་ཚན་རིག་སྨྲ་བའི་དཔྱད་འབྲས་དང་མཐུན་པར་དོན་ལ་གནས་པ་དང་ཀུན་གྱིས་ཡིད་ཆེས་ཀྱི་ཁུངས་བཙུན་པར་ཁས་ལེན་ལ།   དེ་ནས་སྲོག་ཆགས་ལ་ལའི་རྐང་ལག་དང་ཉིང་ལག་རྣམས་རིང་དུ་སོང་ནས་ནུར་འགྲོ་ནས་གོག་འགྲོ་ཐུབ་པའི་རིགས་སུ་གྱུར་པའི་ཁྲོད་ནས་སྤྲ་དང་སྤྲེའུའི་རིགས་བྱུང་བར་བཤད་ལ།   དེ་ཡང་རྣམ་རིག་གསལ་བའི་རིགས་གཅིག་ནི་འགྲེང་སྟེ་འགྲོ་ཐུབ་པར་བྱུང་བ་ནང་ཕན་ཚུན་འདུས་པ་ལས་ཁ་ཟས་དང་རྒྱབ་གོས་ཤིང་ཏོག་དང་ཤིང་ལོ་སོགས་འཚོ་བའི་རྟེན་གཞི་ཆུའི་གཉེར་མ་བཞིན་རྗེས་ནས་རིམ་པ་བཞིན་མི་ཡི་འགྲོ་བ་འདི་འཕེལ་རྒྱས་བྱུང་བ་ཡིན།   སྤྲ་དང་སྤྲེའུ་འདུས་པའི་རིགས་བརྒྱུད་དེ་དག་ལས་མིའུ་གདུང་དྲུག་དང་རུས་ཆེན་བཞི་བྱུང་བ་ནི་སྔོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་ལས་དཔྱད་གཞི་བྱས་ནས་གཤམ་གསལ་ལྟར་རིམ་པ་བཞིན་བཤད་པར་བྱ་སྟེ།   དེ་ཡང་ཇི་སྐད་དུ།  དགའ་འབྲུ་གདོང་གསུམ་དབྲ་དང་བཞི། །དབའ་ཟླ་གཉིས་ཏེ་རྩ་བ་དྲུག་ཞེས་བྱུང་ལ།  འདིར་བསྐལ་པ་ཡ་ཐོག་ཐུན་མོང་གི་འཚོ་བ་སྤྱོད་པའི་དུས་མཇུག་ཙམ་ལ་ཐོན་རྫས་ཀྱི་ལྷག་མ་གསོག་འཛོག་བྱེད་སྲོལ་བྱུང་བའི་རྐྱེན་གྱིས་མི་རྣམས་ཕན་ཚུན་མ་མཐུན་པར་ས་ཆ་སོ་སོར་གྱེས་པ་ལས་སྤྱིའི་ཆ་ནས་སྒ་འབྲུ་སྦྲ་ལྡོང་བཞི་སྟེ་རྩ་བའི་རུས་ཆེན་བཞི་པོའི་དབྱེ་ཚུལ་འདི་བྱུང་བ་ཡིན།  བྱེ་བྲག་ཏུ་འདི་ལ་གྲངས་བགྲངས་ཚུལ་མི་འདྲ་བ་དང་ཡི་གེའི་ཆ་ནས་འབྲི་ལུགས་མི་འདྲ་བ་སོགས་མང་དུ་ཡོད་པར་སྔོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་ལས་ཅི་རིགས་ཡོད་ནའང་དོན་དུ་གཅིག་པར་སྣང་བས་འདིར་བཤད་པར་མི་བྱའོ།།  དེ་ཡང་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས།  དེའང་སྔོན་དང་པོ།   ཡུལ་དམའ་ཁ་ཤུལ་གཡག་ཞུར་གྱི་གོང་ཁ་བྱ་བར།   སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། །བུ་གསུམ་བྱུང་བ།  རྒྱ་བོད་ཧོར་གསུམ་དུ་གྱེས་པའི།  བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ།  བུ་དྲུག་བྱུང་བ་ནི།  དབྲ་འབྲུ་ལྡོང་གསུམ་ལྒ་དང་བཞི།   །ནུ་བོ་དབས་ཟླ་གཉིས་དང་དྲུག  །བོད་ཀྱི་མི་རྒྱུད་དྲུག་པོ་དེས། །དམའ་ཁ་ཤུལ་རབས་འདེབས་སྟག་པ་དེར། །བོད་མི་གསུམ་བུ་དྲུག་ས་བགོས་བྱས། །ལྡོང་གིས་པ་མ་ལེ་པང་ཐོབ། །དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། །འབྲུ་ཡིས་འབྲུ་མོ་ཁྲོམ་ཁྲོམ་ཐོབ། །སྒ་ཡིས་ལྒར་མ་མེ་པོ་ཐོབ། །དབས་བརྡས་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་དར་གོང་མ་བཟུང་།  །ཞེས་གསུངས་པ་ལྟར་ན།[《རྒྱ་བོད་ཡིག་ཚང་ཆེན་མོ་》སྡེ་དགེའི་པར་མ་སྡེབ་བཅོ་བརྒྱད་པ་ལས།  དེའང་སྔོན་དང་པོ།   ཡུལ་དམའ་ཁ་ཤུལ་གཡག་ཞུར་གྱི་གོང་ཁ་བྱ་བར།   སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། །བུ་གསུམ་བྱུང་བ།  རྒྱ་བོད་ཧོར་གསུམ་དུ་གྱེས་པའི།  བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ།  བུ་དྲུག་བྱུང་བ་ནི།  དབྲ་འབྲུ་ལྡོང་གསུམ་ལྒ་དང་བཞི།   །ནུ་བོ་དབས་ཟླ་གཉིས་དང་དྲུག  །བོད་ཀྱི་མི་རྒྱུད་དྲུག་པོ་དེས། །དམའ་ཁ་ཤུལ་རབས་འདེབས་སྟག་པ་དེར། །བོད་མི་གསུམ་བུ་དྲུག་ས་བགོས་བྱས། །ལྡོང་གིས་པ་མ་ལེ་པང་ཐོབ། །དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། །འབྲུ་ཡིས་འབྲུ་མོ་ཁྲོམ་ཁྲོམ་ཐོབ། །སྒ་ཡིས་ལྒར་མ་མེ་པོ་ཐོབ། །དབས་བརྡས་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་དར་གོང་མ་བཟུང་།  །ཞེས་གསུངས་པ་ལྟར་ན། 《རྒྱ་བོད་ཡིག་ཚང་ཆེན་མོ་》སྡེ་དགེའི་པར་མ་སྡེབ་ཉི་ཤུ་པ་ལས།   ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ། །ཤར་ན་གྱི་དང་རོང་པོ་གཉིས། །ལྷོ་ན་བྷེ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །ཆེ་དྲུག་བཙན་གྱི་བཙུན་དྲུག་དེ། །སྦས་དང་སྤོས་དང་ཚ་ཕྲོམ་གསུམ། །ཞུགས་པ་སྟོང་ཉེ་ཉེ་སྒ་གསུམ། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །ཞེས་གསུངས་པ་དང་།]  བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེའི་ཆུང་མ་རྣམས་ལ་རིམ་བཞིན་བུ་དྲུག་བྱུང་བ་དེ་དག་ཕན་ཚུན་ནང་མ་འཆམས་ནས་ཡབ་ཁྲི་དོ་ཆེན་པོས་དམའ་ཁ་ཤུ་རབས་འདེབས་ཞེས་པའི་ས་ཆ་དེར་བུ་རྣམས་བོས་ནས་ས་བགོས་བྱས་པ་ལ།   ཁྲི་དོ་ཆེན་པོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲུ་མོ་ཁྲོམ་ཁྲོམ་ཞེས་པའི་ས་ཆ་དེ་ཐོབ།  ས་ཆ་དེ་དག་མངའ་ཁོངས་སུ་འཚོ་སྡོད་བྱས་པའི་མི་རྒྱུད་ལ་ཨ་ལྕགས་འབྲུ་ཡི་མི་རྒྱུད་ཅེས་གྲགས།   སྐབས་དེར་སུམ་པའི་ཡུལ་ཏེ་ཁམས་ཀྱི་ནུབ་བྱང་ཕྱོགས་ཀྱི་ཡུལ་གྲུ་དེ་དག་ཡིན་ལ།  ལྷ་སའི་བྱང་ཕྱོགས་ཀྱི་ལུང་པ་དེ་དག་ལ་ཟེར།   དེ་ལ་དབྱེ་ན།《རྒྱ་བོད་ཡིག་ཚང་ཆེན་མོ་》ལས།   ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ། །ཤར་ན་གྱི་དང་རོང་པོ་གཉིས། །ལྷོ་ན་བྷེ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །ཆེ་དྲུག་བཙན་གྱི་བཙུན་དྲུག་དེ། །སྦས་དང་སྤོས་དང་ཚ་ཕྲོམ་གསུམ། །ཞུགས་པ་སྟོང་ཉེ་ཉེ་སྒ་གསུམ། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །ཞེས་གསུངས་པའི་ཆེ་བཙུན་སྤེལ་མ་བཅུ་གཉིས་ནི།   གྱི་དང་རོང་པོ་གཉིས།  བྷེ་དང་རི་ཐོ་གཉིས།  འབྲོམ་དང་ངོ་ཀྲོ་གཉིས་བཅས་ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དུ་གྲགས་ལ།  སྦས་དང་སྤོས་དང་ཚ་ཕྲོམ་གསུམ།  ཞུགས་པ་དང་སྟོང་ཉེ་དང་ཉེ་སྒ་དྲུག་འདི་བཙུན་དྲུག་ཞེས་འདི་དག་ནི་ཆེ་བཙུན་སྤེལ་མ་བཅུ་གཉིས་ཞེས་གྲགས་པ་དེ་ཡིན།   དེ་དག་གི་ས་ཆའི་ཁྱབ་ཁོངས་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་ཐམས་ཅད་ལ་ཐོར་བུ་དུ་གནས་ཡོད་པ་འདྲ།   བྷེ་དང་རི་ཐོ་གཉིས་ནི་རྒྱ་གར་དང་ཉེ་བའི་བོད་ཀྱི་ལྷོ་ཕྱོགས་སུ་ཡོད་པར་གྲགས།  འབྲོམ་ནི་སྟོད་ལུང་ཕུ་འབྲོག་པའི་རུས་མིང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དེའི་རུས་ལས་བྱུང་བ་ཡིན་པ་གྲགས་སོ།།  ཡང་སྟོང་ལས་གྱེས་པའི་རྗེ་བཞི་ཁོལ་བརྒྱད་ནི།  ཅོག་ས་རྗེ་དང་ཆང་རྗེ་ཐོད་དཀར་རྗེ་གཉིས།  ཏེ་ཅོག་ཉལ་པོ་རྗེ་དང་སྙགས་རྗེ་ཐོག་སྒམ་རྗེ་སྟེ་རྗེ་བཞི་དང་།   ཁོལ་བརྒྱད་ནི།   དམར་དང་མར་མར་གཉིས་སྙལ་དང་སྙལ་དབེན་གཉིས།  རྔོག་དང་ཕྲོག་དང་རོག་དང་སྦས་བཞི་སྟེ་ཁོལ་བཞི་བཅས་བརྒྱད་དུ་གྲགས་ལ།   སྟོང་དང་འབྲུ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་ངེས་སོ།།   དེ་ཡང་ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་དཔྱད་པའི་གཏམ་ལས། ཨ་ལྕག་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས་འབྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་གནམ་ལ་འགྲོ་ཤེས་སོགས་ངོ་མཚར་བ་བརྒྱད་དང་།   བཙན་ལ་ཡ་མེད་སོགས་དཔའ་རྒྱུགས་བརྒྱད་ཀྱི་གྲགས་པས་ཁྱབ་པ་དེས་བདུད་མི་ནག་རྔམས་པ་དང་།  བདུད་ཁྱབ་པ་ལག་རིང་།  སྲིན་པོ་ཁྲག་མིག་གཙོས་ནག་པོ་རྩ་ལག་ཁ་དག་པར་བྱས།   དུང་གི་ལུ་གུ་འབར་ཤེས་དང་།  གཡུ་ཡི་ནེ་ཙོ་སྨྲ་ཤེས། བདུད་ཀྱི་ཕ་ཟོག་བཅོ་བརྒྱད་སོགས་དྲག་པོའི་དཔུང་གིས་འཕྲོགས།   དཀར་ཕྱོགས་རྒྱལ་བའི་ཞུ་མཚོན་བསྒྲེངས།   མི་རྩ་དེ་ནས་རིམ་པར་རྒྱུད་དེ་འབྲུ་སྟག་རྒོད་བྱ་བ་ཤིན་ཏུ་འབྱོར་ཕྱུག་ཆེ་བ་བྱུང་བར་གྲགས་པ་དེས་གཉེན་བསྒྲིགས་ནས་གདུང་སྲས་བུ་བདུན་བྱུང་བ་བཤད་ཀྱང་།  ཕ་ཡི་ཁྱད་ནོར་སྲམ་སྤུའི་ཤིང་བལ་མའི་མཆན་ཐག་ཐོག་བཀལ་བ་དེ་ཉིད་རླུང་འཚུབས་ཀྱིས་འཁྱེར་ཏེ་མཚོ་ལ་ལྷུང་བའི་ཤུལ་དུ་བུ་བདུན་ཀར་ལག་བསྡོངས་སྦྲེལ་ནས་མཚོ་ལ་འཆོངས་བའི་ཐ་མའི་ལག་པ་མཛོ་ཡི་སྣ་ཐག་ལ་འཇུས་པས་མཛོ་སྣ་བོར་ཏེ་བུ་བདུན་ཀར་མཚོ་ལ་བྱིངས་པར་གྲགས་པས།  འབྲུ་མི་རབས་ཆད་ཁར་མཛོ་སྣ་བོར་ཞེས་པ་དེ་བྱུང་།  དེ་ནས་འབྲུ་སྟག་རྒོད་དེ་ལོ་ན་རྒས་ཀྱང་རིགས་རྒྱུད་བསྐྲུན་པའི་ཆེད་དུ་ཁོ་བོའི་རོང་བཟའ་ཞེས་བྱ་བའི་མོ་སྨན་ཞིག་ཆུང་མར་བསུས་ནས་བུ་གསུམ་སྐྱེས་པའི་ནང་ཆེ་བ་དེ་མཚན་མོར་ ཞིག་ལ་སྐྱེས་པ་དང་།    བུ་འབྲིང་བ་དེ་ཐོ་རངས་སུ་སྐྱེས།    ཆུང་བ་ཉིན་མོར་ཞིག་སྐྱེས་པས་བུ་གསུམ་གྱི་ཆེ་བ་དེ་མཚན་མོ་མུན་ནག་ཏུ་སྐྱེས་པ་དེ་ལ་བརྟེན་ནས་འབྲུ་ཉི་མ་ནག་པོ་ཞེས་བཏགས།   འབྲིང་བ་ཐོ་རངས་སུ་སྐྱེས་པ་དེ་ནམ་གསེས་ནས་ཉི་མ་མ་ཤར་བའི་བར་དེ་སྐྱེས་པ་ལ་བརྟེན་ནས་འབྲུ་ཉི་མ་ཁྲ་བོ་དང་།  ཆུང་བ་ཉིན་མོར་རུ་སྐྱེས་པ་ལ་བརྟེན་ནས་འབྲུ་ཉི་མ་དཀར་པོ་ཞེས་མིང་དེ་ལྟར་དུ་བཏགས་པར་གྲགས།  འབྲུ་ཉི་མ་ནག་པོ་དེ་ཉིད་ནར་སོན་པ་ན།   དེ་ལ་ཡང་གདུང་རྒྱུད་བུ་གསུམ་བྱུང་བ་གྲགས་པ་ནི།  དེ་ཡང་ཏྲེ་རབས་ལས།  ཆེ་བའི་རིགས་ལ་ཉག་རེས་བཟུང་། །ཉག་རེ་སེ་བོ་འབྲུ་ཞིག་ཡིན། །གྱང་ཁང་མི་འགྱུར་གནས་ཤིག་ཡིན། [  ཨ་ལྕག་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས་འབྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་གནམ་ལ་འགྲོ་ཤེས་སོགས་ངོ་མཚར་བ་བརྒྱད་དང་།   བཙན་ལ་ཡ་མེད་སོགས་དཔའ་རྒྱུགས་བརྒྱད་ཀྱི་གྲགས་པས་ཁྱབ་པ་དེས་བདུད་མི་ནག་རྔམས་པ་དང་།  བདུད་ཁྱབ་པ་ལག་རིང་།  སྲིན་པོ་ཁྲག་མིག་གཙོས་ནག་པོ་རྩ་ལག་ཁ་དག་པར་བྱས།   དུང་གི་ལུ་གུ་འབར་ཤེས་དང་།  གཡུ་ཡི་ནེ་ཙོ་སྨྲ་ཤེས། བདུད་ཀྱི་ཕ་ཟོག་བཅོ་བརྒྱད་སོགས་དྲག་པོའི་དཔུང་གིས་འཕྲོགས།   དཀར་ཕྱོགས་རྒྱལ་བའི་ཞུ་མཚོན་བསྒྲེངས།   མི་རྩ་དེ་ནས་རིམ་པར་རྒྱུད་དེ་འབྲུ་སྟག་རྒོད་བྱ་བ་ཤིན་ཏུ་འབྱོར་ཕྱུག་ཆེ་བ་བྱུང་བར་གྲགས་པ་དེས་གཉེན་བསྒྲིགས་ནས་གདུང་སྲས་བུ་བདུན་བྱུང་བ་བཤད་ཀྱང་།  ཕ་ཡི་ཁྱད་ནོར་སྲམ་སྤུའི་ཤིང་བལ་མའི་མཆན་ཐག་ཐོག་བཀལ་བ་དེ་ཉིད་རླུང་འཚུབས་ཀྱིས་འཁྱེར་ཏེ་མཚོ་ལ་ལྷུང་བའི་ཤུལ་དུ་བུ་བདུན་ཀར་ལག་བསྡོངས་སྦྲེལ་ནས་མཚོ་ལ་འཆོངས་བའི་ཐ་མའི་ལག་པ་མཛོ་ཡི་སྣ་ཐག་ལ་འཇུས་པས་མཛོ་སྣ་བོར་ཏེ་བུ་བདུན་ཀར་མཚོ་ལ་བྱིངས་པར་གྲགས་པས།  འབྲུ་མི་རབས་ཆད་ཁར་མཛོ་སྣ་བོར་ཞེས་པ་དེ་བྱུང་།  དེ་ནས་འབྲུ་སྟག་རྒོད་དེ་ལོ་ན་རྒས་ཀྱང་རིགས་རྒྱུད་བསྐྲུན་པའི་ཆེད་དུ་ཁོ་བོའི་རོང་བཟའ་ཞེས་བྱ་བའི་མོ་སྨན་ཞིག་ཆུང་མར་བསུས་ནས་བུ་གསུམ་སྐྱེས་པའི་ནང་ཆེ་བ་དེ་མཚན་མོར་ ཞིག་ལ་སྐྱེས་པ་དང་།    བུ་འབྲིང་བ་དེ་ཐོ་རངས་སུ་སྐྱེས།    ཆུང་བ་ཉིན་མོར་ཞིག་སྐྱེས་པས་བུ་གསུམ་གྱི་ཆེ་བ་དེ་མཚན་མོ་མུན་ནག་ཏུ་སྐྱེས་པ་དེ་ལ་བརྟེན་ནས་འབྲུ་ཉི་མ་ནག་པོ་ཞེས་བཏགས།   འབྲིང་བ་ཐོ་རངས་སུ་སྐྱེས་པ་དེ་ནམ་གསེས་ནས་ཉི་མ་མ་ཤར་བའི་བར་དེ་སྐྱེས་པ་ལ་བརྟེན་ནས་འབྲུ་ཉི་མ་ཁྲ་བོ་དང་།  ཆུང་བ་ཉིན་མོར་རུ་སྐྱེས་པ་ལ་བརྟེན་ནས་འབྲུ་ཉི་མ་དཀར་པོ་ཞེས་མིང་དེ་ལྟར་དུ་བཏགས་པར་གྲགས།  འབྲུ་ཉི་མ་ནག་པོ་དེ་ཉིད་ནར་སོན་པ་ན།   དེ་ལ་ཡང་གདུང་རྒྱུད་བུ་གསུམ་བྱུང་བ་གྲགས་པ་ནི།   དེ་ཡང་ཏྲེ་རབས་ལས་དྲངས།  ཆེ་བའི་རིགས་ལ་ཉག་རེས་བཟུང་། །ཉག་རེ་སེ་བོ་འབྲུ་ཞིག་ཡིན། །གྱང་ཁང་མི་འགྱུར་གནས་ཤིག་ཡིན།]།ཞེས་བུ་ཆེ་བ་ཉག་རེ་སེ་བོ་ཞེས་བོས་པ་དེ་ནར་སོན་པ་ན་སྐབས་དེར་ཉག་རེ་ཞེས་པའི་ས་ཆར་དབང་བསྒྱུར་བར་གྲགས་པ་དེ་དཔོན་མིན་ཡུལ་ལ་ཐོགས་སོང་པར་ཡིན་ངེས་པས་དེང་དུས་ཆབ་མདོ་ཀྲེན་ཆུས་ཀྱི་མངའ་འོག་བྲག་གཡབ་ཀྱི་ས་ཁུལ་འདི་ཉིད་བདག་ཏུ་བཟུང་བ་བྱས་པར་གྲགས་སོ།།   བུ་འབྲིང་བ་སྙི་བའི་རིགས་ལ།  དེ་ཡང་ཏྲེ་རབས་ལས།   འབྲིང་བའི་རིགས་ལ་སྙི་བ་བྱུང་། །གཙང་ཚོང་འདུས་འགུམ་མོ་སྙི་བས་བཟུང་། །སྙི་བ་དཀར་ནག་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཞེས་བུ་འབྲིང་བ་སྙི་བ་ནར་སོན་པའི་ཚེ་གཙང་གི་ཚོང་འདུས་འགུམ་མོ་ཞེས་པའི་ས་ཆ་དེར་དབང་བསྒྱུར་བྱས་ནས་བདག་ཏུ་བཟུང་པའི་ཚེ་སྐབས་དེར་ས་མིང་ཡང་སྙི་བ་དཀར་ནག་ཅེས་ཐོགས་པ་གྲགས།    འབྲུ་ཉི་མ་ནག་པོའི་བུ་ཆུང་བ་འབྲོམ་རྗེའི་རིགས་ལ།   ཡང་ཏྲེ་རབས་ལས།   ཆུང་བའི་རིགས་ལ་འབྲོམ་རྗེ་བྱུང་། །དབུས་སུམ་འཕྲང་གསར་ཁང་འབྲོམ་གྱིས་བཟུང་། །འབྲོམ་རྗེ་དཀར་པོ་འབྲུ་ཞིག་ཡིན། །སུམ་འཕྲང་མི་འགྱུར་གནས་ཤིག་ཡིན། །ཞེས་བུ་ཆུང་བ་འབྲོམ་རྗེ་དཀར་པོས་དབུས་ཀྱི་སུམ་འཕྲང་གསེར་ཁང་སོགས་ལ་བདག་ཏུ་བཟུང་ནས་དབང་བསྒྱུར་བྱས་པ་གྲགས་སོ།།    དེ་ནས་འབྲུ་སྟག་རྒོད་ཀྱི་བུ་འབྲིང་བ་འབྲུ་ཉི་མ་ཁྲ་བོ་དེ་ལ་བུ་གཉིས་བྱུང་བའི་ཆེ་བའི་རིགས་ལ།   དེ་ཡང་ཏྲེ་རབས་ལས།  ཆེ་བའི་རིགས་ལ་འོ་གྲོ་བྱུང་། །གཙང་གྱང་ཁང་འོད་པ་འོ་གྲོས་བཟུང་། །འོ་གྲོ་དཀར་པོ་འབྲུ་ཡི་རིགས། །གྱང་ཁང་མི་འགྱུར་གནས་ཤིག་ཡིན། །ཞེས་འབྲུ་ཉི་མ་ཁྲ་བོའི་བུ་ཆེ་བ་འོ་གྲོའི་རྒྱུད་པ་བྱུང་བར་གྲགས་ལ།  འོ་གྲོས་གཙང་དང་གྱང་འོད་ཡུག་འོ་ཐང་སོགས་ས་གནས་དེ་དག་ཏུ་དབང་བསྒྱུར་བྱས་ཏེ་བདག་ཏུ་བཟུང་བར་གྲགས་ལ།  འབྲུ་ཉི་མ་ཁྲ་བོའི་བུ་ཆུང་བ་འཁོན་རྗེ་དཀར་པོ་ནི།  ཏྲེ་རབས་ལས།   ཆུང་བའི་རིགས་ལ་འཁོན་ཞེས་བྱུང་། །ས་སྐྱའི་འཁྲི་སྐོར་འཁོན་གྱིས་བཟུང་། །འཁོན་རྗེ་དཀར་པོ་འབྲུ་ཞིག་ཡིན། །ས་སྐྱ་མི་འགྱུར་གནས་ཤིག་ཡིན།  །།ཞེས་བྱུང་བ་ལྟར་འཁོན་གྱི་མི་རྒྱུད་འཁོན་རྗེ་དཀར་པོ་བྱ་བ་དེས་ས་སྐྱའི་ཁྲི་སྐོར་གྱི་མངའ་ཁོངས་ལ་དབང་བསྒྱུར་བྱས་ཏེ་བདག་ཏུ་བཟུང་ནས་དེ་ལས་དཔལ་ལྡན་ས་སྐྱའི་དྲི་མེད་འཁོན་གྱི་གདུང་འདི་ལས་མཆེད་པ་ཡང་བཤད་དོ།།  དེ་ནས་འབྲུ་སྟག་རྒོད་ཀྱི་བུ་ཆུང་བ་འབྲུ་ཉི་མ་དཀར་པོ་གདུང་ལས་ཏྲེ་ཡི་མི་རྒྱུད་འདི་ཉིད་ཆད་པ་ཡིན་པས།  ཏྲེ་རབས་ལས།    འབྲུ་རྗེ་ཉི་མ་དྲི་མེད་ལས། །རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན། །ཞེས་[ བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་ཏྲེ་ཡི་ལོ་རྒྱུས་སྡེབ་༩པའི་ནང་།  ཏྲེ་རབས་ལས་དྲངས།    འབྲུ་རྗེ་ཉི་མ་དྲི་མེད་ལས། །རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན། །ཞེས་དང་།  ཡང་དེ་ཉིད་ལས།  ཏྲེ་རབས་ལས་དྲངས།   སྲས་ཆེ་བའི་རིགས་ལ་སོ་གད་བྱུང་། །འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། །སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། །བྲག་རྩ་མི་འགྱུར་གནས་ཤིག་ཡིན། །ཞེས་བྱུང་བ་ལྟར]བྱུང་བ་ལྟར་འབྲུ་རྗེ་ཉི་མ་དྲི་མེད་ཅེས་པ་འདི་མུན་ནག་གི་དྲི་མ་དང་བྲལ་བས་དཀར་པོའམ་ཉིན་དཀར་སྐྱེས་པའི་དོན་གྱིས་ཉི་མ་དཀར་པོ་བཞེད་དོ།།  དེ་ལ་ཡང་སྲས་གསུམ་བྱུང་བ་གྲགས་ལ།  སྲས་ཆེ་བའི་རིགས་ལ་སོ་གད་ཅེས་བྱ་སྟེ།  ཡང་ཏྲེ་རབས་ལས།   སྲས་ཆེ་བའི་རིགས་ལ་སོ་གད་བྱུང་། །འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། །སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། །བྲག་རྩ་མི་འགྱུར་གནས་ཤིག་ཡིན། །ཞེས་བྱུང་བ་ལྟར་དེའང་སྲས་ཆེ་བ་སོ་གད་གྱི་རིགས་ལས་ད་ལྟའི་འདན་སྟོད་བྲག་རྩ་ཞེས་སྐབས་དེར་ནང་ཆེན་དེའུ་ཆིམ་ཉེ་ལྔའི་ནང་ཚན་སྒ་ལྡན་སྐྱུར་གསུམ་ཞེས་པའི་གནས་དེར་དབང་བསྒྱུར་བྱས་ཏེ་དེ་ནས་བཟུང་དཔོན་རབས་ཀྱི་གདུང་སོ་གད་ལས་ཆད་པ་ཡིན་པར་གདོན་མི་ཟའོ།། དཔའ་བོ་སོ་གད་ཀྱི་གདུང་རྒྱུད་འདི་ལ་རླངས་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་དང་འབྲི་གུང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ལྷ་སྒྲུང་གི་གཏམ་རྒྱུད་དང་འབྲེལ་བའི་ལོ་རྒྱུས་མང་ཙམ་བཤད་ཡམས་ཡོད་ཀྱང་དེང་དུས་འདི་འདྲའི་གཏམ་ལ་ཡིད་ཆེས་བྱེད་པའི་གནས་མེད་པས་རེ་ཞིག་བཏང་སྙོམས་སུ་བཞག་པ་ཡིན།  སྤྱིར་འདན་སྟོད་བྲག་རྩ་རུ་སྐྱུ་རའི་གདུང་འབྲུ་ལས་ཆད་པའི་ལོ་རྒྱུས་དེའི་འབྱུང་ཁུངས་མ་བཤད་ན་སྐྱུ་རའི་གདུང་ཞེས་བརྗོད་བྱེད་ཀྱི་མིང་དོན་མི་ངེས་པས།  སོ་གད་རྨ་སྤོམ་རའི་མགུལ་དུ་ཕྱིན་པ་ན་གནས་དེར་ཁྲུས་ཀྱི་རྫིང་བུ་ཞིག་ཡོད་པ་མཐོང་ནས་དེའི་འགྲམ་བྱ་རྒོད་མང་པོ་ཞིག་བབ་པར་ལྟས་པས་བྱ་པགས་ཕུད་པ་མཐོང་བས་ཡིད་འཕྲོག་ལྷའི་བུ་མོ་ཁོ་ན་ལགས་པས་དེ་དག་ཁྲུས་ལ་ཞུགས་པ་དང་།  སོ་གད་དེར་སོང་ནས་བྱ་པགས་ཤིག་སྦས་པ་དང་།  ལྷ་མོ་དེ་དག་ཁྲུས་བྱེད་ཚར་བ་དང་རང་རང་གི་བྱ་ཕགས་གོན་ནས་འཕུར་སོང་བའི་ཤུལ་དུ་བྱ་པགས་མེད་པའི་ལྷ་མོ་དེ་དེར་ལུས་པ་དང་།  སོ་གད་ཕྱིན་ནས་འདོད་པ་སྤྱོད་ནས་བྱ་ཤུབས་ཕྱིར་བྱིན་པ་ན་ལྷ་མོ་དེས་བྱ་ཤུབས་གོན་ནས་ནམ་མཁར་འཕུར་ཞོར་དུ་དེ་རིང་ནས་བརྩིས་པའི་ཟླ་དགུ་དང་ངོ་བཅུ་ཚང་བ་ན་ཁྱོད་བུ་ལེན་སར་གནས་འདིར་ཤོག་ཅེས་བོས་པ་དང་།  སོ་གད་ཕྱིར་ཕེབས་ནས་ཉིན་དེ་ནས་བརྩིས་པའི་ཟླ་དགུ་དང་ངོ་བཅུ་ཚང་བའི་ཉིན་དེར་སྔོན་གྱི་ཁྲུས་རྫོང་གི་འགྲམ་དེར་ཕྱིན་པ་ན།  ནམ་མཁའ་ནས་འཇའ་འོད་ཀྱི་གུར་དང་མེ་ཏོག་གིས་ཆར་བབ་ནས་ལྷ་ཡི་བུ་དང་བུ་མོ་རྣམས་ཀྱིས་བྱ་སྤུས་བཏགས་པའི་བླ་བྲེ་ཞིག་འཕང་ནས་དེ་གཟེད་པར་གྱིས་ཞེས་དེ་དང་ལྷན་དུ་སྐྱུར་རའི་ཧྭྃ་ཡིག་ཐམ་ག་དང་ཆེད་ནོར་མང་པོ་ཞིག་བུ་དང་ལྷན་དུ་གནམ་ནས་འཕང་བྱུང་བར་གྲགས་པས།  སོ་གད་ཀྱིས་རྒྱ་ཆེན་སྡེ་བཞི་ལ་བྱ་སྤུས་བླ་བྲེ་གཟེད་རོགས་ཞེས་འབོད་པས་སྣེ་མོར་ཤོར་ནས་བུ་ཡི་མཛུབ་མོ་ཆད་པ་དང་ལྟག་པ་ས་ལ་བརྡབས་པས་ལྟག་འབུར་ལས་གཞན་སྐྱོན་མ་བྱུང་བར་གྲགས།  བུ་དེ་གནམ་ནས་ལྷ་ཡིས་སྦྱིན་པ་ཡིན་པས་གནམ་སྦྱིན་དཀར་པོ་དང་།   ལྷ་ཡི་གནམ་ནས་སྐྱུར་བས་སྐྱུ་ར་ཞེས་མིང་དེ་ལྟར་བཏགས་པ་གྲགས།   དེའི་གདུང་ལས་ཆད་པའི་རིགས་དང་ཏྲེ་རབས་བར་གྱི་འབྲེལ་བ་ཡོད་པའི་བདེན་བ་བརྡར་ནའང་།   དེང་དུས་ལྷ་སྒྲུང་དང་ལོ་རྒྱུས་གཉིས་ཀྱི་བར་ཐག་རིང་དུ་བཀྱེད་པ་ལས་ཉེ་བའི་དུས་ཤིག་ཡོང་བའི་ཐབས་ཤིག་ཤིན་ཏུ་ནས་ཀྱང་རྙེད་པ་དཀའོ།།    དེ་ནས་འབྲུའི་རིགས་དེ་ལས་འབྲུ་རྗེ་ཉི་མ་དཀར་པོའི་སྲས་འབྲིང་བའི་གདུང་རྒྱུད་ནི།  ཏྲེ་རབས་ལས།   འབྲིང་པོའི་བུ་ལ་གོ་བོ་བྱུང་། །བྱང་ཁྲི་ལམ་སྐྱ་མོ་གོ་བས་བཟུང་། །གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། །ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། །ཞེས་[ བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་ཏྲེ་ཡི་ལོ་རྒྱུས་སྡེབ་༡༠པའི་ནང་ཏྲེ་རབས་ལས་དྲངས།   འབྲིང་པོའི་བུ་ལ་གོ་བོ་བྱུང་། །བྱང་ཁྲི་ལམ་སྐྱ་མོ་གོ་བས་བཟུང་། །གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། །ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། །ཞེས་དང་།   ]འབྲུ་ཉི་མ་དཀར་པོའི་བུ་འབྲིང་བ་ཡ་གད་ལ་སྲས་གོ་བོ་ཞེས་བྱ་བ་ཞིག་བྱུང་བ་གྲགས་པ་དེས་དཔོན་ཐབས་ཀྱིས་དབང་བསྒྱུར་བྱས་པའི་ཡུལ་དེང་དུས་ཆབ་མདོ་ཀྲེན་ཆུས་ཀྱི་མངའ་ཁོངས་སྨར་ཁམས་རྫོང་གི་སའི་ཆར་གཏོགས་གོ་བོ་ཞེས་པའི་ས་ཆ་དེ་ཡིན་པ་ནི་དཔོན་མིང་ཡུལ་ལ་ཆགས་པ་རྟོགས་ནུས་ལ།    དེས་མ་ཚད་གཞན་ཡང་།  ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་ཅུང་ཟད་དཔྱད་པའི་གཏམ་ལྟར་ན་བྱང་རྒྱུད་ཁྲི་ལམ་སྐྱ་མོ་ཞེས་དེང་སང་གི་ཇུས་མཚོ་མོ་ཁའི་ཉེ་འགྲམ་རྡོ་ཁྲི་འགག་ཅེས་རྡོ་ལོག་ཁྲི་ཕྲག་སྤུངས་པའི་ཉེ་འདབས་ཀྱི་རྒྱ་ལམ་སྐྱ་མོའི་སྣེ་མོ་གང་དུ་ཟུག་པའི་སའི་ཁྱོན་ཡོངས་རྫོགས་དང་།  དེང་དུས་འབྲུ་ཆུའི་ནུབ་རྒྱུད་ཀྱི་སྨྲ་ཁམས་གོ་བོ་ཞེས་གྲགས་པའི་ས་དེ་དག་བདག་ཏུ་བཟུང་ནས་མངའ་དབང་བསྒྱུར་བར་གྲགས་པ་དང་།   གོ་རྗེ་དཀར་པོ་ཉིད་འབྲུ་བྱེ་བྲག་པ་ཞིག་གི་རིགས་ཡིན་ལ་ཁྲི་ལམ་ས་ཁུལ་རྣམས་གོ་རྗེ་འདི་དག་གི་དབང་དུ་བྱ་བ་ལ་མི་འགྱུར་བའི་གནས་ཤིག་ཡིན་ཞེས་ཀྱང་གསུངས་འདུག  དེ་ནས་འབྲུ་རྗེ་ཉི་མ་དཀར་པོའམ་ཉི་མ་དྲི་མེད་ཀྱི་སྲས་ཆུང་བ་མ་གད་ཅེས་པའི་རིགས་ལ།   ཏྲེ་རབས་ལས།  ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། །ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། །ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཞེས་[ བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་ཏྲེ་ཡི་ལོ་རྒྱུས་སྡེབ་༡༡་ནང་ཏྲེ་རབས་ལས་དྲངས།  ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། །ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། །ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཞེས་དང་།]བྱུང་བས་འབྲུ་ཉི་མ་དཀར་པོའི་བུ་ཆུང་བ་མ་གད་ལ་སྲས་ཏྲེ་རྗེ་སེ་བོ་ཞེས་བྱ་བ་ཞིག་སྐྱེས་པ་གྲགས་ལ།   དེ་ཉིད་ཆེར་སྐྱེད་པ་ན་ཏྲེ་མ་ཐང་སྟེ་མནྜལ་ཐང་ཞེས་སོག་པོའི་སྐབས་ཆོས་འཕགས་ཀྱིས་མགོན་ཁང་བཞེངས་སའི་གནས་དེར་སྲིད་འཛིན་ས་གནས་ཀྱི་ལྟེ་བར་བྱས་ནས་ཏྲེ་ཤོད་ཕུ་འདའ་དང་ཉིན་སྲིབ་ལ་ཏྲེ་རྗེ་སེ་བོས་བདག་ཏུ་བཟུང་ནས་སྲིད་ཀྱི་དབང་བསྒྱུར་བྱས།  དེ་ལྟར་དབང་བསྒྱུར་བྱེད་པ་པོ་དེ་ཏྲེ་རྗེ་སེ་བོ་དེ་ནི་གོང་དུ་སྨོས་པ་ལྟར་འབྲུ་ཡི་རིགས་ཀྱི་ནང་ཚན་ཞིག་ཡིན་ལ།  ཚོང་འདུས་ནི་སྐབས་དེར་ས་གནས་དེའི་ཉེ་འཁོར་དང་སྟོད་སྨད་ཀྱི་ཡུལ་མི་ཀུན་གྱིས་ཉོ་ཚོང་བྱེད་པའི་ཚོང་འདུས་ཀྱི་ཁྲོམ་ར་ཆེ་ཤོས་ཤིག་ཡིན་པས།  མཁས་དབང་བེ་རི་འཇིག་མེད་ཀྱིས་གསུངས་པ་ལྟར་ན་ཏྲེ་ཞེས་པའི་ས་མིང་ནི་ཏྲེ་རྗེ་སེ་བོ་འདིས་ས་གནས་དབང་བསྒྱུར་བྱས་ཏེ་དབང་བསྒྱུར་བྱེད་པ་པོ་མིའི་མིང་ས་གནས་ལ་ཐོགས་པའམ་བཏགས་པའི་དོན་ཏྲེ་དང་དབང་བསྒྱུར་བྱེད་པོ་ལ་བདག་སྒྲ་སྦྱར་བས་ཏྲེ་བོ་ཞེས་གྲུབ་པའམ།   ཡང་ན་ཏྲེ་རྗེ་སེ་བོ་ཞེས་པས་དབང་བསྒྱུར་བྱས་པའི་བསྡུས་མིང་ལ་ཏྲེ་བོ་ཞེས་འབོད་པ་ཡིན་ཟེར་ན་རིགས་ལམ་དང་འགལ་བ་མེད་པར་གོང་གི་ཏྲེ་རབས་ལས་ཚིགས་སུ་བཅད་པའི་ཤློོ་ཀ་དེས་ཀྱང་གོ་སླ་བ་དང་བདེན་དོན་གྱི་དཔང་རྟགས་སུ་གྲུབ་པར་ཡིན་ནོ།།    གང་ལྟར་སྐབས་དེ་དུས་ལུང་པ་འདིའི་རྗེའི་ཐོག་མར་ཏྲེ་རྗེ་སེ་བོ་དེས་དབང་བསྒྱུར་བྱས་པས་ཏྲེ་བོ་ཞེས་བཏགས་པ་ཡིན་ཞེས་བརྗོད་ན་དངོས་སྟོབས་རིགས་པའི་འཕུར་མཚམས་དང་ལྡན་པས་སྒྲ་བཤད་གཉིས་ལྡན་གྱི་འདོད་དོན་དང་བསྡུར་ན་མི་འགྲིགས་མེད་པ་ཡིན་སྙམ་ཞེས་གསུངས་པ་ནི་དོན་ལ་གནས་པ་ཡིན་ནོ།།  མདོར་ན་ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ལ་ཐུགས་པའི་དཔེ་ལྟར་ཏྲེ་ཡི་ཁུངས་གཏུགས་ས་འབྲུ་ཉི་མ་དཀར་པོའམ་འབྲུ་རྗེ་ཉི་མ་དྲི་མེད་ཀྱི་བུ་ཆུང་བ་མ་གད་ཀྱི་སྲས་ཏྲེ་རྗེ་སེ་བོ་ལ་ཐུག་པ་ཡིན།  ས་ཁུལ་འདི་ཉིད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་ལ་འབྱུང་བཞིའི་ཉམས་རྒུད་ཀྱིས་འགྱུར་བ་ཇི་ལྟར་ཐེབས་ནའང་རང་ཚུགས་མ་ཤོར་བར་གོང་གི་དཔོན་དང་འོག་གི་འབངས་ཡོངས་ལ་སྐྱིད་སྡུག་རེས་མོས་ཀྱིས་འགྲོ་བ་མིའི་འཇིག་རྟེན་འདི་ལ་ཚེ་སྲོག་གིས་གསོན་ཤུགས་རིང་དུ་བརྟས་ནས་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་ད་བར་དྲ་མ་ཉམ་གྲུ་མ་ཆགས་པར་སྔར་བཞིན་གནས་ཐུབ་པ་ཡོད་པ་ཡིན་ལ། ས་གནས་འདིའི་དཔོན་རབས་ཀྱི་མི་རྒྱུད་མཆེད་ཚུལ་ལ་ལྟ་ཞིབ་ཇི་ལྟར་བྱེད་དགོས་པ་ཡིན་ཞེ་ན།  དེང་དུས་ལོ་རྒྱུས་ལ་ཚན་རིག་གི་རམས་འདེགས་བྱས་ཏེ་ལོ་ངོ་སྟོང་ཕྲག་མང་པོའི་སྦས་དོན་གྱི་གསང་བ་རྣམས་དུས་ཚོད་སྐར་ཆ་ཙམ་ཡང་ལྐོག་འགྱུར་དུ་མ་ཤོར་བར་གསང་བ་རང་གྲོལ་གྱི་འཕྲུལ་ཆས་དང་རྫས་འགྱུར་གྱི་ནུས་པས་གཏན་ལ་ཕབ་པའི་ཐབས་ཚུལ་ཡོད་ནའང་།   རང་རེའི་མི་རིགས་ཀྱི་ལོ་རྒྱུས་ལ་དཔྱད་འདེམས་བྱས་པའི་རྗེས་དཔག་ཚད་མའི་རྣམ་དཔྱོད་དང་བློ་གྲོས་ཀྱི་རིག་པའི་མེ་སྟག་རེ་རེས་ཀྱང་འཁོར་འདས་ལག་མཐིལ་བཀྲ་བའི་ཐབས་ཚུལ་ལ་འཇུག་ལྡོག་བྱས་ཏེ།  སྔོན་གྱི་ལོ་རྒྱུས་ཚད་ལྡན་ལ་ཁུངས་བཅོལ་རང་ཉིད་ཀྱི་རྣམ་དཔྱོད་རིག་པའི་རྩལ་སྤྲུག་ནས་ཤེས་བྱ་མངོན་འགྱུར་ཐམས་ཅད་མངོན་སུམ་ཚད་མས་གཏན་ལ་ཕབ་པ་དང་།  ལྐོག་འགྱུར་ཐམས་ཅད་རྗེས་དཔག་ཚད་མའི་ལམ་ལས་དྲངས་ནས་གཏན་ཚིག་རིག་པའི་རྩལ་གྱིས་གཏན་ལ་ཕབ་པ།  ཤིན་ཏུ་ལྐོག་གྱུར་རྣམས་ཐམས་ཅད་རང་ཚིག་སྔ་ཕྱི་མི་འགལ་བའི་སྟབས་ཀྱིས་གཞལ་བྱའི་གནས་གསུམ་འཇལ་བྱེད་རིག་པའི་སྲང་ལ་གཞུར་ནས་ཏྲེ་རབས་ཇི་ལྟར་འབྲུ་ལས་ཆད་པ་སྔོན་གྱི་ཡིག་རྙིང་འགའ་ཞིག་ལ་ཁུངས་བཅོལ་ནས་དཔྱད་པའི་ཁུལ་བྱས་པ་ཡིན་ལ།   ཏྲེ་རབས་འབྲི་ལས་ཆད་པའི་དུས་ནི།   མཁས་དབང་བེ་རི་འཇིག་མེད་ཀྱིས་གསུངས་ལྟར་ན་བོད་ཀྱི་མངའ་མཛད་བཅུ་གཉིས་ཀྱི་ནང་ནས་གསུམ་པ་སྲིན་པོ་གཉའ་རེངས་ཁྲག་མེད་ཀྱི་སྐབས་ཡིན་པར་གོང་དུ་ཞུས་པའི་ཏྲེ་ཡི་མི་རྒྱུད་ཐོག་མའི་འབྱུང་ཁུངས་བོད་མིའུ་གདུང་དྲུག་གི་ནང་ཚན་ཨ་ལྕགས་འབྲུ་ཡི་གདུང་རྒྱུད་འབྲུ་རྗེ་ལྷ་བུ་ཐོད་དཀར་གྱིས་སྐབས་སྲིན་པོ་ཁྲག་མིག་དང་གཡུལ་བཀྱེས་ནས་སྲིན་པོའི་དཔུང་རྣམས་ཁ་དག་པ་བྱས་ཞེས་འཁོད་འདུག་པ་དང་།  གཞན་ཡང་འགྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་གནམ་ལ་འགྲོ་ཤེས་སོགས་ཀྱི་ངོ་མཚར་བ་བརྒྱད་དང་།   བཙན་ལ་ཡ་མེད་སོགས་དཔའ་རྒྱུགས་བརྒྱད་ཀྱི་གྲགས་པས་ཁྱབ་པ་དེས་བདུད་མི་ནག་རྔམ་པ་དང་།  བདུད་ཁྱབ་པ་ལག་རིང་།  སྲིན་པོ་ཁྲག་མིག་གཙོས་ནག་པོ་རྩ་ལག་ཁ་བཏགས་པར་བྱས་ཞེས་པ་དང་།   ད་དུང་སྐབས་དེར་འབྲུ་རྗེ་ལྷ་བུ་ཐོད་དཀར་གྱི་ཡབ་མེས་ཁྲི་དོ་ཆེན་མོ་ལྷ་རི་ཞོལ་པོའི་མཐིལ་ལ་འདུག་པའི་སྐབས་སུ་བདུད་ཀྱི་ཇག་པ་བྱུང་ནས་མཛོ་མོ་ཐམས་ཅད་ནོམ་ལ་བཅད་པ་ལ་ཕ་ཁྲི་དོ་ཆེན་པོའི་ར་མདར་འགྲོ་བའི་ལམ་དུ་གཉན་གྱི་དུག་ཕོག་ནས་གྲོངས།   དེས་ན་ཨ་ཕོ་ལྡོང་ལ་སོགས་པའི་སྲས་དྲུག་པོས་བདུད་ལ་ཤ་ལན་དང་གཉེན་ལ་སྟོང་ལེན་བྱེད་པར་གྲོས་བྱས་ཤིང་།   དང་པོ་བུ་ཆེ་བ་ཨ་ཕོ་ལྡོང་ཤ་ལན་ལེན་པར་སོང་ཡང་བདུད་ཀྱི་རི་མགོ་མཐོང་སར་སླེབས་པ་ན་འགྲོ་མ་ནུས་པར་ཕྱིར་ལོག་པའི་ལོ་རྒྱུས་དང་།   སྦྲ་བདུད་ཀྱི་ཁྱི་སྐད་གོ་སའི་མཚམས་ལ་སོང་ཡང་སྔར་ལྟར་ཕྱིར་ཡོང་བར་གྲགས་པ་དང་།   སྒ་བདུད་ཀྱི་དུ་བ་མཐོང་སར་སླེབས་ཀྱང་ལན་བསློག་མ་ནུས་པར་སླར་ལོག་པ་དང་།   དེ་ནས་འབྲུ་དཔའ་གཡེར་ཅན་དེས་ཧོར་གྱི་དྲེའུ་ག་པ་ཞིག་ཉོས་ནས་ཞོན།  གཉན་གྱི་བེ་ཀ་སྦྲུལ་མགོ་དང་།   གསེར་གྱི་བེང་ཆེན་ཕྱག་ན་བསྣམས་ནས་བདུད་ཡུལ་བྱོན།  བདུད་ཀྱི་མི་ནག་བསུས་ཆེན་བསད་ནས་བདུད་མཁར་ཕྱ་ར་ཕྱེ་རྫོང་ཕབ།   བདུད་རྗེ་ལག་རིང་བཙོན་དུ་བཟུང་།  །བདུད་ཕྲུག་ཐམས་ཅད་བྲག་ལ་བརྡབས། །བདུད་ཆང་འཐུང་ནས་ཚེ་སྲོག་འཕེལ།  །བདུད་རྩི་ཟེར་བ་དེ་ནས་གླེང་།   །བདུད་ཀྱི་དར་ནག་དཔའ་དར་བྱས།  །དཔའ་དར་ཟེར་བ་དེ་ནས་དར།   །བདུད་སྟག་བསད་པའི་པགས་པ་དེ། །ཕུ་བོ་ལྡོང་ལ་ནོམ་ཕུད་བྱས། །ནོམ་ཕུད་ཟེར་བ་དེ་ནས་དར་ཟེར། །དེ་ལྟར་འབྲུ་རྗེ་ལྷ་བུ་ཐོད་དཀར་གྱིས་བདུད་ལ་ཕ་ཤ་བླངས་ནས་འབྲུ་དཔའ་གཡེར་ཆེ་བ་དང་།   དགྲ་ལ་རྒོད་པ།  འཐབ་ན་མཛེས་པ་སོགས་ཀྱི་བཤད་སྲོལ་དར་ཚུལ་དེ་དག་ལ་རུས་མཛོད་བྱུང་བར་དཔག་ན་ཡབ་མེས་ཀྱི་སྐབས་སྲིན་པོ་གཉའ་རེངས་ཁྲག་མིག་གི་སྔོན་གྱི་བོད་མངའ་མཛད་གཉིས་པ་བདུད་རེ་ཏེ་མགོ་གཡག་ཀྱང་ཁམས་ཀྱི་རུ་བ་འདི་ཉིད་དང་སྟོད་ཀྱི་བདུད་རེ་ཏེ་མགོ་གཡག་གི་མངའ་རིས་མཐའ་མཚམས་ཕན་ཚུན་དམག་འཁྲུགས་ཡོང་ཡོད་པ་དཔོག་ནུས་ཞེས་གསུངས་པ་ནི་ལོ་རྒྱུས་ལ་བསམ་གཞིབ་བྱས་པའི་གྲུབ་དོན་དཔྱད་གསུམ་དག་པའི་ཉག་ཕྲན་རྩེར་སྐྱོན་པ་ཅིས་མ་ལགས་སམ།  དེ་ལྟར་གོ་ནུས་ན་གཞན་གྱིས་བཤད་པའི་ལོ་རྒྱུས་ལ་ཕངས་སེམས་སྐྱེ་མི་དགོས་པར་རང་ཉིད་ཀྱི་རིག་པའི་བབ་དང་བསྟུན་ནས་རྣམ་དཔྱོད་ཀྱི་རྩལ་སྤྲུག་སྟེ།  གང་ལ་དཔྱད་བརྗོད་བྱས་པའི་ལོ་རྒྱུས་དེའི་ཐོག་མཐའ་བར་གསུམ་ལ་མྱོང་རོལ་བྱེད་འོས་པ་ལས།  གཞན་ལ་འགྲན་བརྩོད་བྱས་པའི་ང་རྒྱལ་ཀྱི་སྒང་བུ་ལ་ལོ་རྒྱུས་མཁས་པའི་ཡོན་ཏན་གྱི་ཆུ་ཆགས་པ་ནི་སྲིད་མཐའ་མ་བཀག་ཙམ་དུ་སྣང་བས་ཅིས་ཀྱང་བག་ཟོན་བྱ་རིགས་པ་ལགས་སོ།།   བེ་རི་དགེ་བཤེས་ཀྱིས་གོང་དུ་བདུད་ཅེས་པའི་ཐ་སྙད་དེ་ལ་ཡང་བསམ་བློ་མང་ཙམ་ཞིག་མ་བཏང་ན་མི་ལས་འདས་པའི་བདུད་ཅེས་པའི་གནོད་བྱེད་རང་མཚན་པ་ཞིག་ཡོད་པའི་དོགས་སློང་ཡོང་ངེས་པས།   སྤྱིར་འདྲེ་དང་བདུད་བཙན་ཐེའུ་རང་སོགས་གནའ་བོའི་དམངས་སྒྲུང་དང་ཡིག་ཆ་དག་ཏུ་བཤད་ཡམས་ཡོད་པ་དེ་ཡོད་ན་ཡོད་ཚུལ་དང་མེད་ན་མེད་ཚུལ་བདེན་རྫུན་ཤན་མ་འབྱེད་ན་འདི་ལ་མགོ་འཁོར་ནས་དངངས་སྐྲག་སྐྱེ་བ་དང་།   ཕན་གནོད་དང་རེ་དོགས་ཀྱི་རྟོག་པའི་ལྷན་པ་མང་ཙམ་འདེབས་དགོས་པ་འབྱུང་ངེས་པས།  འདྲེ་གདོན་བདུད་བཙན་ཞེས་པ་འདི་ཐོག་མར་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་།  བར་དུ་འདི་ལ་རེ་དོགས་ཇི་ལྟར་བྱས་པ།  ཐ་མར་འདིའི་གནོད་ཤུགས་ཅི་ཙམ་སྤྲོད་ཡོད་མེད་སྐོར་ལ།   བདུད་ཅེས་པ་ནི་རང་གི་ཁེ་ཕན་དོན་དུ་གཉེར་བ་ལ་བར་དུ་གཅོད་པ་བྱེད་པ་དེ་བདུད་ངོ་མ་དེ་རེད།   འདིའི་ཐ་སྙད་དེ་ཐོག་མར་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་ཞེ་ན།  སངས་རྒྱས་ཆོས་ལུགས་པའི་ལུགས་ལྟར་ན་བདུད་བཞི་ཙམ་བཤད་ཡོད་ལ།  ལྷ་བུའི་བདུད་དང་།  ཉོན་མོངས་པའི་བདུད།  ཕུང་པོའི་བདུད།  འཆི་བདག་གི་བདུད་དང་བཞི་ཡིན།   འདིའི་འབྱུང་ཁུངས་བཤད་ན་ས་བཅད་མང་པོའི་སྟོང་ཆ་སྐོང་ངེས་པས་རེ་ཞིག་སྤྲོས་པའི་ངལ་བར་མ་བྱས། དོན་དུ་ནང་ཆོས་དང་ལོ་རྒྱུས་གཉིས་ཕན་ཚུན་ཤན་ཕྱེ་མི་དགོས་པར་བབ་ས་གཞི་གཅིག་ཏུ་གྲུབ་པའི་ལྟ་བ་ཞིག་ནམ་ཞིག་རྟོགས་ཚེ་དེས་ན་གཞུང་ལུགས་ཐམས་ཅད་འགལ་མེད་དུ་རྟོགས་པའི་དོན་གྱི་གོ་བ་དཔྱིས་ཕྱིན་ཞིག་རང་རྒྱུད་ལ་འབྱོར་པ་ཡིན།  གནའ་བོའི་བསྐལ་པ་ཡ་ཐོག་གི་དུས་སུ་བདུད་ཅེས་པ་དེ་ཟས་གོས་དང་ནོར་སོགས་ཀྱི་དོན་དུ་མི་གཞན་ལ་གཞན་ཞིག་གིས་འཕྲོག་བཅོམ་སོགས་གནོད་པ་བྱེད་པ་པོ་དེ་ལ་གནོད་བྱེད་ཀྱི་བདུད་ཅེས་ཐོག་མར་དེ་ནས་ཐོགས་བྱུང་བ་ཡིན།  དེ་ལྟར་རིང་དུ་སོང་ནས་མི་མང་པོ་ཁ་མཐུན་ནས་འཕྲོག་བཅོམ་བྱེད་པའི་ཇག་དམག་གི་དཔུང་བསགས་པ་དེ་ལ་བདུད་དམག་ཅེས་བོས།  རིམ་བཞིན་སོང་བ་ན་དེ་ལ་འཁྲུལ་གཞི་བྱས་ནས་རྗེས་སུ་མི་ལས་འདས་པའི་བདུད་རང་མཚན་པ་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཅན་བཞིན་གནག་པ་མཚོན་ཆ་སྣ་ཚོགས་ཐོགས་པ་ཞིག་ཡོད་པར་བརློམས་ཏེ་ཕན་གནོད་ཀྱི་རྣམ་རྟོག་རང་ཤུགས་སུ་སྐྱེས་པ་ཡིན།   བར་དུ་དེ་ལ་གོམས་པ་ཡུན་རིང་བརྟས་ནས་དུས་རྒྱུན་སྐྲག་སྣང་དང་ཕན་ཚུན་འཇིག་སྐུལ་བྱེད་པའི་སྲོལ་བྱུང་བ་དང་། ཐ་མར་རྣམ་རྟོག་དེ་ཡིས་གནོད་ཤུགས་ཐེབས་ནས་ལུས་རྒུད་པ་དང་སེམས་ལ་རེ་དོགས་ཀྱི་དཀའ་ངལ་མང་པོ་ཞིག་དང་འཕྲད་པར་འགྱུར་རོ།།  བོད་ཀྱི་མངའ་མཛད་གཉིས་པ་བདུད་རེ་ཏི་མགོ་གཡག་ཅེས་པ་དེའང་ལུས་པོ་མི་ཡིན་པ་ལ་མགོ་གཡག་མགོ་ཅན་ཞིག་ཡིན་ནམ་སྙམ་ན་ཤིན་ཏུ་ནོར།   དེ་བཞིན་དུ་ཨ་ལྕགས་འབྲུ་ཡི་རིགས་འཆད་པ་ལས་བྱུང་བའི་རུས་མཛོད་སོགས་སུའང་ལྷ་ཀླུ་གཉན་གསུམ་དང་འབྲེལ་བའི་སྒྲུང་གཏམ་ཧ་ལས་པ་ཞིག་བཤད་ཡོད་པས་ལོ་རྒྱུས་དེ་དག་བདེན་རྫུན་གྱིས་ཁ་ཚོན་ཤིན་ཏུ་བཅད་བཀའ་བས་དེང་དུས་ལོ་རྒྱུས་སྒྲོ་བཀུར་མེད་པར་དངོས་གཙོ་སྨྲ་བའི་ལུགས་ལྟར་བཤད་ན་བཤད་ཀྱང་བདེ་ལ་ཉན་པ་པོ་རྣམས་མངོན་སུམ་ཚད་མའི་ཡུལ་ལས་མ་འདས་པས་ཉན་སྤྲོ་བ་མ་ཟད།    ལོ་རྒྱུས་ལ་ཆ་འཇོག་བྱེད་པའི་རྒྱལ་ཕྱི་ནང་ན་བཞུགས་པའི་མཁས་པ་རྣམས་ཀྱང་དགའ་མགུ་སྐྱེད་པའི་རྒྱུ་རུ་འགྱུར་རོ།།   སྤྱིར་རང་རེ་བོད་མིའི་རིགས་འདི་ལྷ་བཤད་དང་ཀླུ་བཤད་བྱེད་དགའ་བོ་ཡོད་པ་ནི་གནའ་ནས་ད་བར་གྱི་སྲོལ་རྒྱུན་ལྟ་བུ་ཆགས་ཟིན་པས།  འདི་ལ་མི་འཐད་པ་དང་མི་རུང་བ་སྨྲས་ན་ཡང་ལྟ་ལོག་བལྟས་ངན་གྱི་རིགས་སུ་བགྲངས་ཤིང་།  གནས་ལུགས་དང་རྒྱུ་མཚན་མེད་པར་སྨྲ་ན་དེ་ལ་ཡིད་ཆེས་དང་དགའ་བ་འཕེལ་བར་ནི་མི་རིགས་འདིའི་རང་གཤིས་ཡིན།  ད་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སུ་ཨ་ལྷགས་འབྲུའི་རིགས་དེ་རྒྱལ་ཕྲན་གང་གི་མངའ་ཁོངས་སུ་གཏོགས་པ་ཡིན་ཞེ་ན།  འདིའི་སྐོར་ལ་མཁས་དབང་བེ་རི་འཇིག་མེད་ཀྱིས་ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་ཅུང་ཟད་དཔྱད་པའི་གཏམ་ལས།   དང་པོ་འབྲུ་བུ་ཏྲེ་རྗེ་སེ་བོ་ནས་རྩིས་པའི་འབྲུ་ཏྲེ་བོ་སྟག་གི་བྱ་རོག།  མཛེས་པ་ཕྱི་ཡི་རི་མོ།  མོན་པ་མཆེ་སྡེ་ཡ་མེད།   བཙུན་པ་ཏྲེ་བོ་སྟག་དམར།  ཏྲེ་བོ་ཐང་ཆེན་ཨ་འབེན། ཁྲི་དཔོན་ཉི་མ་དཀར་ལེབ།   སྤྱི་ཕུད་འཁོར་ལོ་བཟང་པོ།  འབྲུ་ཏྲེ་བོ་དགྲ་ལྷའི་མི་བདུན་སོགས་དཔོན་རབས་བཅོ་ལྔ་འདི་དག་གི་ནང་ནས་བདུན་པ་ཁྲི་དཔོན་ཉི་མ་དཀར་ལེབ་བར་ཏྲེ་རབས་འདི་དག།   ཞང་ཞུང་དང་བོད།  གྲུ་གུ་དང་གེ་སར།  སུམ་པ་དང་མི་ཉག་སོགས་རྒྱལ་ཕྲན་དུ་མར་གྱེས་པའི་ནང་ནས་སུམ་པ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པ་སེམས་ཏེ།  སྔོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་སུམ་པ་ངོས་འཛིན་བྱེད་སྐབས་དེང་སང་གི་སྨར་ཁམས་དང་།  ཆབ་མདོ།  རྒྱ་རོང་སོགས་སུ་བྱས་འདུག་པས་གང་ལྟར་བྱས་ཀྱང་སུམ་པའི་ཁོངས་སུ་གཏོགས་པ་ལ་རྒྱུ་མཚན་མང་ངོ་།།  ཞེས་གསུངས་པ་དང་།  ཡང་ཤར་སྨད་འབྲི་ཆུའི་ས་མཚམས་ནས་ནུབ་སྟོད་ཡར་ཀླུང་གཙང་པོ་ལ་མཚམས་བྱས་ཏེ་ཤངས་རྣམ་གླིང་ནས་གཡས་སྐོར་གྱིས་བྱང་དུ་ཕྱོགས་པའི་རྨ་ཆུའི་ཁུག་པར་ཐུག་གི་བར་དེར་སུམ་པའི་མངའ་ཁོངས་སུ་གཏོགས་པ་ཡིན་ཞེས་ཀྱང་གསུངས་སོ།།  སྐབས་དེར་སུམ་པ་རྒྱལ་ཁབ་དེ་རྒྱལ་ཕྲན་གཞན་ལས་ལྷག་པར་སྟོབས་འབྱོར་དང་མངའ་ཐང་སོགས་རྒྱས་པ་བྱུང་ཡོད་པ་ངེས་ལ།  ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཅེས་ཡོངས་སུ་གྲགས་ཤིང།  ཀ་ཁོལ་མ་ལས་ཀྱང་།    གར་ལོག་ཀྱུང་སྐད་ཅན་དང་གཅིག  །ཀེ་ལེ་མི་ཤ་ཅན་དང་གཉིས། །སོག་པོ་སྤྲེ་སླག་ཅན་དང་གསུམ། །རྒྱལ་མོ་ཁྱི་ཁྱོ་ཅན་དང་བཞི། །གློ་བུ་མིག་དམར་ཅན་དང་ལྔ། །རྡོ་རུ་རྐང་སྔོན་ཅན་དང་དྲུག །མོན་བུ་སྤྱི་འདུན་ཅན་དང་བདུན། །ཞེས་གྲགས་པའི་ནང་གི་རྒྱལ་མོ་ཁྱི་ཁྱོ་ཅན་ནི་སུམ་པའི་རྒྱལ་ཁབ་ལ་དབང་བསྒྱུར་བྱེད་པའི་རྒྱལ་མོ་དེ་ཡིན་ལ།  རྒྱལ་ཕྲན་འདི་དག་རིགས་དམན་པའི་རྒྱལ་ཕྲན་བདུན་ཡིན་པར་གྲགས་ལ་དེ་ཡང་རྒྱལ་མོ་ཁྱི་ཁྱོ་ཅན་ཞེས་མིང་དེ་སུམ་པའི་ཡུལ་གྱི་བུད་མེད་རྣམས་དབང་ཆ་ཆེ་བས་རྒྱལ་པོ་དང་བློན་པོའི་བྱ་བ་བུད་མེད་ཀྱིས་བྱེད་པ་དང་།  ཕོ་རྣམས་དེ་ལས་ལྡོག་སྟེ་ཁྱིམ་གཞིས་ཀྱི་ལས་ཀའི་འཚོ་སྐྱོང་བྱེད་པའི་སྲོལ་ལས་གཞན་པའི་དབང་ཆ་མེད་པར་བཤད།   དེ་ཡང་རིགས་དམན་པའི་ཐ་སྙད་དུ་ཁྱི་ཁྱོ་ཅན་ཞེས་པའི་དོན་ནི་སྐྱེས་པའི་རིགས་ལ་སྒོ་ཁྱིའི་དབང་ཆ་ཙམ་ལས་མེད་པ་དམན་པ་མཚོན་ལ།  དེ་ནས་ཁྱིའི་ཁྱོ་ག་དང་འདྲ་བ་རྒྱུ་མཚན་དུ་བྱས་པའི་དཔེས་མཚོན་པའི་ཐ་སྙད་ཡིན།   སུམ་པའི་བུད་མེད་རྣམས་ཀྱིས་རང་གི་ཁྱོ་ལ་གུས་པ་མེད་པར་མ་ཟད་འཚོ་ཚིས་ཀྱི་ལས་ཕལ་ཆེར་སྐྱེས་པ་སྟེ་ཕོའི་རིགས་ཀྱི་བསྒྲུབ་དགོས་པར་ཡིན་པར་བཤད།   ཇི་བཞིན་གོང་དུ་ཞུས་པ་ལྟར་ཁྲི་དཔོན་ཉི་མ་དཀར་ལེབ་ཡན་གྱི་ཨ་ལྕགས་འབྲུའི་རིགས་སུ་གཏོགས་པ་དེ་དག་སུམ་པ་རྒྱལ་པོའི་ཁོངས་སུ་གཏོགས་པ་ཡིན་ལ་དེ་དང་ཆབ་ཅིག་ཏུ་ཏྲེ་རབས་ཀྱང་སྐབས་དེར་སུམ་པའི་མངའ་འོག་ཏུ་རང་ཤུགས་སུ་སོང་ཡོད་པ་ནི་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་རྗེས་སུ་དཔག་ཐུབ།  དེ་ནས་སྐབས་དེར་སུམ་པ་རྒྱལ་པོའི་སྲིད་འཛིན་གྱི་ལྟེ་བ་ནི་རྒྱ་ཤོད་སྟག་པ་ཚལ་དུ་བྱས་པ་ཡིན་པ་གྲགས་ལ།   དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་རྒྱ་ཤོད་སྟག་པ་ཚལ་ཞེས་པའི་ས་མིང་དེ་ཁམས་ཁུལ་རྒྱ་ཤོད་བན་སྒར་སོགས་ཀྱི་ས་གནས་སྤྱིའི་མིང་ཡིན་པ་བཞེད་ཡོད་ཀྱང་འདི་ནི་མ་ངེས་ཏེ།  དེ་ལྟར་ན་བོད་ཀྱི་རོང་ཆེན་ཤོད་བཅུའི་ནང་ཚན་རྒྱ་ཤོད་ཅེས་པ་དེ་ཁམས་ཁུལ་ས་གནས་སྤྱིའི་མིང་ཡིན་པ་ཁས་ལེན་དགོས་ན་དེ་འདྲའི་བྱེ་བྲག་གི་མིང་སྤྱིའི་ཁྱབ་བྱེད་དུ་འགྲོ་བ་ཞིག་སུས་ཀྱང་ཁས་ལེན་མི་རིགས་པས།   དེས་ན་ཏྲེ་ཤོད་དང་རྨེ་ཤོད་ལ་སོགས་པའི་ས་མིང་དེ་དག་རྣམས་ཀྱང་ཁམས་ཁུལ་དུ་ཡོད་བཞིན་དུ་ཁམས་ཁུལ་སྤྱིའི་ས་མིང་གི་ཁྱབ་བྱེད་ཡིན་ཞེས་འདོད་དགོས་ན་དགོད་བྲོ་བའི་གཏམ་དུ་མི་འགྱུར་རམ།   གང་ལྟར་ཡང་གནའ་བོའི་ས་མིང་དེ་དག་དུས་རབས་འདིའི་ནང་དུ་རང་འཇགས་སུ་རྒྱ་ཆ་དྲུག་ཅུ་ཡན་མན་ལས་མི་འདུག་པས་ཕལ་ཆེར་ས་མིང་འདི་ཚོ་དུས་རབས་གང་དང་དཔོན་རབས་གང་གི་ས་མིང་ལ་འགྱུར་བ་ཐེབས་པའི་དོན་འདིར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དཔྱད་གཞི་དང་གདེང་འཇོག་བྱ་རྒྱུ་གལ་ཆེ་ཤོས་སུ་གྱུར་འདུག   དེས་ན་རྒྱ་ཤོད་སྟག་པ་ཚལ་ཞེས་པའི་ས་མིང་འདི་སྐབས་དེར་ཤོད་བཅུའི་ནང་ནས་རྒྱ་ཤོད་ཅེས་པའི་ས་གནས་དེའི་ཁྱབ་ཁོངས་ཤིག་ཡིན་པ་ལས་སྤྱིའི་ཁྱབ་བྱེད་དུ་འགྲོ་བར་ནམ་ཡང་མི་སྨྲའོ།།   ད་དུ་བོད་བཙན་པོའི་ཡར་སྔོན་གྱི་སུམ་པ་ཞེས་བྱ་བ་ཞིག་བྱུང་ཡོད་པས་དེ་དང་གོང་གི་ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཀྱི་སུམ་པ་དེ་གཉིས་གཅིག་ཏུ་མི་འཁྲུལ་བར་དེ་གཉིས་ཆགས་སའི་ཡུལ་དང་ཆགས་འཇིག་གི་དུས་སོགས་ཧ་ཅང་ཁྱད་ཆེ་བས་ད་ལན་བཤད་བཞིན་པའི་སུམ་པ་རྒྱལ་པོའི་ཕྲིན་ལས་རྒྱས་བཞིན་པའི་སྐབས་བཙན་པོའི་ཡར་སྔོན་གྱི་སུམ་པ་དེ་སྔོན་ནས་མཇུག་རྫོགས་པའི་རྗེས་ཤུལ་ཙམ་ལས་མེད་པར་མངོན་ཏེ།  དེ་ནི་རྡོ་ཆས་རྙིང་པའི་དུས་རབས་སུ་བྱུང་ཡོད་པར་ལོ་རྒྱུས་རྟོག་ཞིབ་པ་རྣམས་ཀྱི་མཁར་ཤུལ་འོག་གི་ས་རྡོའི་དངོས་པོ་རྣམས་ལས་དཔྱད་འདེམས་བྱེད་ཐུབ་པར་མངོན་ནོ།།   དེ་ལྟར་ཏྲེ་རབས་ཏྲེ་རྗེ་སེ་བོ་ནས་ཁྲི་དཔོན་ཉི་མ་དཀར་ལེབ་ཡན་གྱི་བར་དཔོན་རབས་བདུན་པོ་རྣམས་སུམ་པའི་ཁོངས་སུ་གཏོགས་པ་ཡིན་ལ།   དེའང་ཏྲེ་རབས་དང་པོ་ཏྲེ་རྗེ་སེ་བོ་ནི།  ཏྲེ་རབས་ལས།  ཆུང་བའི་རིགས་ལ་ཏྲེ་བོ་བྱུང༌། །ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང༌། །ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཞེས་པ་ནི།  དེ་ཡང་འབྲུ་རྗེ་ཉི་མ་དཀར་པོའི་སྲས་ཆུང་བ་མ་གད་ཅེས་པ་དེའི་རིགས་ལ་ཏྲེ་རྗེ་སེ་བོ་ཞེས་པ་དེ་འཁྲུངས་བྱུང་བ་གྲགས་ལ།  བུ་དེ་ཆེར་སྐྱེད་པ་ན་ཏྲེ་བོའི་ས་གནས་ལ་དབང་བསྒྱུར་བྱས་ཏེ་ཏྲེ་མ་ཐང་ཞེས་སྐབས་དེར་མནྜལ་ཐང་ཞེས་འབོད་ཅིང་ས་གནས་དེ་སྲིད་གཞུང་དང་།   ས་ཐག་ཉེ་རིང་བར་མའི་ཚོང་འདུས་བྱེད་སའི་ལྟེ་བ་ལྟ་བུར་བྱས་ནས་ས་གནས་དེར་ཏྲེ་རྗེ་སེ་བོ་དེས་བདག་ཏུ་བཟུང་བ་བྱས་པར་གྲགས་ལ།   དེ་ཡང་ཏྲེ་རྗེ་སེ་བོ་ཞེས་པ་དེ་ཡང་ཨ་ལྕགས་འབྲུའི་རིགས་ཤིག་ཡིན་ལ།   མནྜལ་ཐང་དེ་ཡང་ཚོང་འདུས་བར་མེད་དུ་ཡོང་སའི་མི་འགྱུར་བའི་གནས་ཤིག་ཡིན་ཅེས་པའི་དོན་ནོ།།   འདིར་མནྜལ་ཐང་ཞེས་པའི་མིང་འདི་ཆེས་ཡ་མཚན་ཅན་ཞིག་ཏུ་སྣང་བས།     འདི་རྒྱ་སྐད་སོར་བཞག་བྱས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཏུ་སྣང་བས།      ནང་དོན་གབ་སྦས་གཉིས་སུ་འབྱིན་དགོས་པ་ཞིག་ཡིན་ཏེ། དེ་ཡང་ནང་ཆོས་ལས་བྱུང་བ་ལྟར་ན།  མནྜལ་ཞེས་པའི་སྒྲ་ལས་ཐུན་མོངས་ལྟར་སྒྲ་འབྲེལ་མར་ཐད་ཀར་བསྒྱུར་ན་ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་ལ་འཇུག་པས་དཀྱིལ་འཁོར་ཞེས་བྱ་སྟེ། གང་གཙོ་བོ་རང་གིས་ལྷག་པའི་ལྷ་དེ་ཉིད་ལ་འཁོར་རྒྱལ་བ་ཞི་ཁྲོའི་རིགས་ལྔ་དང་ཉན་རང་བྱང་སེམས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་ལྷ་ཚོགས་ཕོ་བྲང་དང་བཅས་ཡོན་ཏན་ཀུན་གྱི་གཞི་འཛིན་པ་ཡོངས་སུ་དག་པའི་བརྟེན་དང་བརྟེན་པའི་བདག་ཉིད་དུ་སྣང་བ་གང་ཡིན་པ་དེ་ཉིད་ལ་འཇུག་པ་ལ་གོ་དགོས།   དེ་ནི་ཐུན་མོང་གི་སྒྲ་བཤད་ཙམ་ཡིན་ལ།   ཐུན་མོང་མ་ཡིན་པའི་འཆད་ཐབས་ཀྱི་ལུགས་ལྟར་ན།    མནྜ་ལ་ནི་སྙིང་པོའམ་བཅུད་ལ་འཇུག་ཅིང་།      ལ་ལེན་པའམ་འཛིན་པའི་དོན་ལ་འཇུག་པས་སྙིང་པོ་མཆོག་ཐུན་གྱི་དངོས་གྲུབ་གང་ཞིག   ལས་ཅན་སྐལ་ལྡན་གྱི་སྐྱེས་བུ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོའི་ལམ་གྱི་སྒོར་ཞུགས་ནས་དངོས་གྲུབ་དེ་དག་རང་རྒྱུད་ལ་ལེན་ནས་ཡོན་ཏན་ཀུན་གྱི་གཞི་འཛིན་པའི་དོན་ལ་འཇུག་པའོ།།   ཁོ་བོས་ལྟས་ན་ཏྲེ་རབས་ཧོར་གྱི་དབང་བསྒྱུར་བྱས་ཏེ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་མནྜལ་ཐང་དེར་དཔལ་ལྡན་གུར་གྱི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་བརྟེན་དང་རྟེན་པ་བཅས་ས་གནས་མནྜལ་ཐང་དུ་བཞེངས་པ་དེ་ལ་དགོས་པ་དང་རྟེན་འབྲེལ་ཁྱད་པར་ཅན་གཟིགས་ཡོད་པ་གནས་ལུགས་དང་རྒྱུ་མཚན་དུ་མའི་སྒོ་ནས་བཤད་རྒྱུ་འདུག་སྙམ་མོ།   འདི་ལ་ཁྱད་ཆོས་མང་དུ་བཤད་རྒྱུ་ཡོད་ཀྱང་ད་ལན་འདིར་སྐབས་སུ་མ་བབ་པས་གཞན་དུ་བཤད་པར་བྱའོ།།    སྐབས་དོན་ལོ་རྒྱུས་དང་འབྲེལ་ནས་གོ་བདེ་བའི་དབང་དུ་བཏང་ནས་བཤད་ན།  སྤྱིར་ས་དབྱིབས་གྲུབ་ཚུལ་གྱི་སྒོ་ནས་ཟླུམ་པོ་དང་གྲུ་བཞི་ཟླ་གམ་གྲུ་གསུམ་སོགས་ཀྱི་ཁྱད་པར་ལས་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར་གྱི་དབྱིབས་ལྟར་མནྜལ་ཐང་ཞེས་ས་མིང་འདོགས་པར་ཤེས་བྱེད་དུའང་སྣང་མོད།   འདིར་རྒྱ་སྐད་སོར་བཞག་བྱས་པ་ལ་དཔག་ན་སྐབས་དེར་ཏྲེ་རྗེ་སེ་བོས་རྒྱལ་སྲིད་ལྟེ་བ་མནྜལ་ཐང་དེར་བཏབ་ནས།  ས་གནས་དེར་ཚོང་འདུས་གཙོ་བོ་བྱས་པའི་རིང་སར་རྒྱ་དཀར་ནག་དང་།   ཐུང་སར་བོད་ཀྱི་རྒྱལ་ཁམས་ཡོངས་སུ་ཚོང་ལས་ཀྱི་འབྲེལ་བ་བཙུགས་ནས་དཔོན་ཐོབ་ཀྱི་འཁོར་མངའ་འབངས་ལ་གསེར་དངུལ་གཟི་བྱུར་སོགས་རིན་པོ་ཆེའི་རྒྱན་ཆའི་རིགས་དང་།  ཕྲུག་དང་ཚ་རུ་འབུ་རས་སོགས་གོན་པའི་རིགས་དང་།  གྲི་བོག་མདའ་མདུང་སོགས་མཚོན་ཆའི་རིགས་དང་།   རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་ཀྱི་རིགས་དང་།    ཤ་མར་ཐུད་གསུམ་སོགས་ཟས་ཀྱི་རིགས་སོགས་།  མདོར་ན་ཚོང་ཟོག་གི་གཅེས་ནོར་དང་སྙིང་པོ་གང་ལེགས་རྣམས་འདྲེན་སྤེལ་བྱས་ནས་ལག་ཐོག་ཏུ་སྨིན་པའམ་ལེན་པའི་དོན་མཚོན་པའི་སྐད་དོད་དུ་མནྜལ་དང་།     སདབྱིབས་ཡངས་ཤིང་རྒྱ་ཆེ་བའི་དཀྱིལ་འཁོར་གྱི་རྣམ་པ་མཚོན་པའི་ཏྲེ་མནྜལ་ཐང་ཞེས་སྒྲ་འབྲེལ་མར་མཇུག་ཡུལ་ངེས་པའི་སྒོ་ནས་དོན་གོ་བདེ་བའི་དབང་དུ་བྱས་པའོ།།   དེའང་དཀྱིལ་འཁོར་ལ་འཇུག་པའི་དབང་དུ་བྱས་ནས་བཤད་ན་དཀྱིལ་ནི་དབུས་དང་ལྟེ་བ་ལ་གོ་རུང་བས།  དེ་ཡང་དཀྱི་འཁོར་གྱི་དབུས་སམ་ལྟེ་བ་རུ་སྒྲུབ་ཐབས་གང་ཡིན་རུང་དེའི་གཙོ་བོའི་ཉིད་བཞུགས་ཡོད་ལ།  ཏྲེ་མནྜལ་ཐང་གི་དབུས་སམ་ལྟེ་བ་རུ་སྐབས་དེར་སྲིད་གཞུང་གི་ལྟེ་བ་བྱས་ནས་སྲིད་འཛིན་ཏྲེ་རྗེ་སེ་བོ་དེ་ཉིད་ཏྲེ་རབས་ཀྱི་ཐོག་མར་དཔོན་ཐབས་སུ་དབང་བསྒྱུར་བྱེད་པ་པོ་གཙོ་བོ་དེ་མཚོན་པ་དང་།   འཁོར་ནི་དཀྱིལ་འཁོར་གྱི་འཁོར་རྒྱལ་བ་རིགས་ལྔ་དང་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོ་ཉན་ཐོས་དང་རང་རྒྱལ་སོགས།    འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་མཚོན་བྱེད་དུ།  ཏྲེ་རྗེ་སེ་བོ་ལ་འཁོར་བློན་པོ་དང་བཙུན་མོ་སོགས་ཏྲེ་ཉིན་སྲིབ་ཕུ་འདའ་ཀུན་གྱི་   རོང་འབྲོག་འཁོར་མངའ་འབངས་བསམ་གྱིས་མི་ཁྱབ་པས་སྐོར་བའི་དོན་མཚོན་པ་སེམས་སོ།   དེ་ལྟར་ཏྲེ་རབས་ཀྱི་ཐོག་མར་ཏྲེ་རྗེ་སེ་བོ་དེས་ཏྲེ་ཤོད་ཆུ་ཉིན་སྲིབ་ལ་དཔོན་ཐབས་ཀྱིས་དབང་བསྒྱུར་བྱས་པར་རྒྱུད།   རང་གི་ཕ་མེས་ཀྱི་གདུང་རྒྱུད་འཛིན་ནས་ཞི་དྲག་གཉིས་ཀྱི་སྒོ་ནས་ཕས་རྒོལ་གྱི་དཔུང་བཅོམ་པའི་དཔའ་བོའི་སྙིང་སྟོབས་ལྡན་ལ།  བྱམས་པ་དང་སྙིང་རྗེའི་རང་མདངས་མ་ཡལ་བར་མངའ་འབངས་མཐའ་ནས་སྐྱོང་བའི་བྱམས་བརྩེའི་མེ་ཏོག་ཐུགས་ལ་བཞད་པའི་དཔོན་ཐབས་ཀྱིས་དབང་བསྒྱུར་བྱས་པའོ།།     ཏྲེ་ཤོད་ཀྱི་དཔོན་རབས་འདི་དག་འཁྲུངས་འདས་ཀྱི་ལོ་ཚིགས་དང་དཔོན་ཐབས་སུ་མངའ་གསོ་དང་མཇུག་སྒྲིལ་བའི་མཛད་བྱང་སོགས་ཡིག་འབྲུ་ གཅིག་ཀྱང་རྙེད་སོན་མ་བྱུང་བས།     འདི་ཡིན་གྱི་གཏད་སོ་བྲལ་བར་སྨྲ་བསམ་བརྗོད་མེད་ཀྱི་ངང་དུ་ཐུགས་མཉམ་པར་མ་བཞག་རང་བཞག་ཏུ་གྱུར་ཏོ།།  ད་ནི་ཏྲེ་རབས་གཉིས་པ་འབྲུ་ཏྲེ་བོ་སྟག་གི་བྱ་རོག་ཅེས་པ་འདིས་ཏྲེ་རྗེ་སེ་བོའི་སྲིད་དབང་གི་བརྒྱུད་འཛིན་ཇི་ལྟར་བྱས་པའི་སྐོར་བཤད་པ་ལ།   དེ་ཡང་འབྲུ་ཏྲེ་བོ་སྟག་གི་བྱ་རོག་འདི་ཉིད་ཏྲེ་རྗེ་སེ་བོའི་བུ་ཡིན་མིན་ཁ་ཚོན་གཅོད་མི་ནུས་ཀྱང་།  འབྲུའི་གདུང་ལས་ཆད་པའི་རིགས་ཤིག་ཡིན་པར་ཐེ་ཚོམ་མེད་ལ།   དེ་ཡང་ཏྲེ་རབས་ལས།      འབྲུ་ཏྲེ་བོ་སྟག་གི་བྱ་རོག་དང་། །མཛེས་པ་ཕྱི་ཡི་རི་མོ་དང་། ། མོན་པ་མཆེ་སྡེར་ཡ་མེད་དང་། །བཙུན་པ་ཏྲེ་བོ་སྟག་དམར་བཞི། །མནྜལ་ཐང་དུ་འཛོམས་པ་ཡིན།    །རྒྱལ་པོའི་ དུས་ཀྱི་ལས་ཀ་ལ། །ཡུལ་ཆེན་སྐྱོང་བའི་བདག་པོ་ཡིན། །རྒོད་པོ་བཏུལ་བའི་གཤེད་མ་ཡིན། །ཉམ་ཆུང་སྐྱོང་བའི་ཕ་མ་ཡིན། །གནམ་ལྷ་ཆོས་དཀར་པོའི་གཞུང་ཤིང་ཡིན། །ཞེས་གསུངས་ཏེ།    བཤད་མ་ཐག་པའི་གོང་གི་དཔོན་རབས་བཞི་པོ་འདིས་སྲིད་སྐྱོང་གི་བྱ་བ་བྱེད་པའི་ས་གནས་ཏྲེ་མནྜལ་ཐང་འདིར་འཛོམས་ནས།   རང་རང་གིས་ རྒྱལ་སྲིད་ལ་དབང་བསྒྱུར་བྱེད་པའི་དུས་ཀྱི་ལས་ཀ་གཙོ་བོར་བྱས་པའི་ཏྲེ་ཤོད་ཉིན་སྲིབ་ཕུ་འདའ་སོགས་འཁོར་གྱི་ནང་གི་ཡུལ་ཆེན་འབངས་སྡེ་མངའ་རིས་མཐའ་ནས་སྐྱོང་བར་བྱེད་པའི་བདག་པོ་ཡིན་ལ།      ཕྱི་རོལ་གྱི་དགྲ་བོས་གྱེན་ལོག་བྱས་པའི་དཔའ་རྒོད་ཀྱི་དཔུང་བཏུལ་བར་བྱེད་ཅིང་། སྲོག་གིས་གཤེད་མའི་དཔའ་བོ་ཡང་འདི་དག་ཡིན་ཞིང་།  ཉམ་ཆུང་དང་ནུས་མེད་ཀྱི་རིགས་ལ་ཟས་གོས་གནས་མལ་སོགས་བསྟེར་ཞིང་མངའ་འབངས་   མཐའ་ནས་བྱམས་པས་སྐྱོང་བའི་ཕ་མ་དང་འདྲ་བ་ཡིན་ལ། འཁོར་མངའ་འབངས་ཀྱི་སྐྱིད་སྡུག་གི་ཁུར་འདེགས་པའི་གནམ་གྱི་ཀ་བ་དང་མཚུངས་ལ།       གདོད་མའི་བོན་གྱི་གནམ་ལྷ་ཆོས་དཀར་པོའི་ལུགས་ཀྱི་བསྟན་པའི་རང་ཚུགས་མི་ཤོར་བར་མངོན་གསལ་དོད་པོ་འཛིན་པའི་གཞུང་ཤིང་ལྟ་བུའི་སྐྱེས་བུ་དམ་པ་ཞིག་ཡིན་པ་སོགས་དེ་དག་ནི་སྤྱིའི་སྡོམ་ཚིག་ལྟར་བཀོད་པའོ།།  བྱེ་བྲག་འབྲུ་ཏྲེ་བོ་སྟག་གི་བྱ་རོག་འདིས་ཀྱང་ཏྲེ་རྗེ་སེ་བོའི་རྒྱལ་ས་མནྜལ་ཐང་དེ་ཉིད་དུ་སྔོན་ལྟར་སྲིད་གཞུང་གི་དབང་བསྒྱུར་བྱེད་ཡུལ་བྱས་ཏེ།    དཔའ་བོའི་དཔུང་འཐབ་ཀྱིས་གཞན་གྱིས་བདག་བཟུང་བྱས་པའི་ཡུལ་སྡེའི་ས་གནས་ལ་དྲག་པོའི་དཔུང་འཇུག་བྱས་ཏེ་བཙན་ཐབས་ཀྱིས་མངའ་འོག་ཏུ་བསྡུས་ནས་ས་ཁོངས་རྒྱ་སྐྱེད་དང་།  འཁོར་འབངས་བྱམས་སྐྱོང་སོགས་ཀྱི་མཛད་རྗེས་བླ་ན་མེད་པར་འཇོག་ཡོད་པ་ནི་གོང་གི་ཏྲེ་རབས་ཀྱི་ཚིག་བཅད་ལས་དཔོག་ནུས།  གཞན་ཡང་ཏྲེ་རྗེ་སེ་བོའི་མནྜལ་ཐང་དུ་ཚོང་འབྲེལ་གྱི་བྱེད་སྒོ་སྤེལ་བ་ལྟར་ཏྲེ་རབས་རིམ་བྱོན་གྱི་གོང་མའི་མཛད་རྗེས་ལ་འོག་མས་རྒྱུད་འཛིན་མཐའ་འཁྱོངས་བྱས་ཏེ་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སྲིད་དབང་གི་འགན་ཁྲི་ལ་གསར་བསྣོན་དང་གཏན་བརླིང་ཡོང་བའི་གཞི་རྩ་བཙུགས་ཡོད།   འབྲུ་ཏྲེ་བོ་སྟག་གི་བྱ་རོག་འདིས་རྗེས་སུ་བྱུང་བའི་ཏྲེ་རབས་གསུམ་པ། མཛེས་པ་ཕྱི་ཡི་རི་མོ་ཞེས་པ་འདིས་ཀྱང་གོང་མའི་མཛད་རྗེས་ལ་བལྟས་ནས་འོག་མའི་སྲིད་སྐྱོང་གི་བྱ་བ་བྱས་ཡོད་པ་དེ་སྨོས་མེད་ཡིན་ལ།      ས་ཁོངས་རྒྱ་སྐྱེད་དང་མངའ་འབངས་མཐའ་སྐྱོང་བྱས་ཏེ་སྟག་གི་བྱ་རོག་དང་མཛེས་པ་ཕྱི་ཡི་རི་མོ་འདི་གཉིས་དཔོན་ཐབས་ཀྱི་མཛད་རྗེས་ཕལ་ཆེར་ཁྱད་མ་ཕྱེད་པ་ཙམ་དུ་སྣང་ངོ་།  དེ་ནས་ཏྲེ་རབས་བཞི་པ་མོན་པ་མཆེ་སྡེར་ཡ་མེད་ཀྱིས་ཏྲེ་རབས་གསུམ་པའི་སྲིད་འཛིན་གྱི་ལམ་ལུགས་ལ་འགྱུར་བ་མ་བཏང་བར་གཞིར་བཞག་བྱས་པའི་སྟེང་རང་ཉིད་ཕས་རྒོལ་གྱིས་བརླགས་འཚོལ་ཀྱང་བརླག་རྙེད་པར་མི་འགྱུར་བའི་གཟི་བརྗིད་དང་འཕྲུལ་མངའ་བའི་དཔའ་བོའི་སྙིང་སྟོབས་མངོན་པ་ནི་མཆེ་སྡེར་དང་ཡ་མེད་ཅེས་པའི་མིང་འདིས་ཀྱང་གོ་ནུས་པ་ཡིན་ནོ།།     ཏྲེ་རབས་ལྔ་པ་བཙུན་པ་ཏྲེ་བོ་སྟག་དམར་ནི་གོང་གི་མོན་པ་མཆེ་སྡེར་ཡ་མེད་ཀྱི་དཔོན་རབས་རྒྱུད་འཛིན་བྱས་པའི་ཏྲེ་ཤོད་མནྜལ་ཐང་གི་སྲིད་དབང་འཛིན་པའི་དཔོན་རབས་ལྔ་པ་དེ་ཡིན་ལ།    དཔོན་རབས་འདིས་གོམ་མའི་དཔོན་གྱི་སྲིད་གཞུང་གི་ས་གནས་ལ་སྔར་བཞིན་འགྱུར་བ་མ་བཏང་བ་དང་།  སྲིད་སྐྱོང་ལམ་ལུགས་ཀྱང་སྔོན་ལྟར་མཉམ་འཇོག་བྱས་ཡོད་ཀྱང་།   སྐབས་དེར་གདོད་མའི་བོན་གྱི་ཆོས་ལུགས་ལ་བཅོས་བསྒྱུར་བྱས་པའི་ལོ་རྒྱུས་ནི།   ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་ཅུང་ཟད་དཔྱད་པའི་གཏམ་ལས།   སྐབས་དེར་གདོད་མའི་བོན་ནག་གི་ལུགས་སྲོལ་ཤ་ཁྲག་གི་མཆོད་པ་ཕུལ་བའི་ལུགས་དེ་དག་རིམ་པར་བཞིན་ཕྱིར་བསྡུ་བ་བྱས་པར་གྲགས་ལ།   གཤེན་རབ་མི་བོ་ཆེ་ལས་བརྒྱུད་པའི་གཡུང་དྲུང་བོན་གྱི་ལུགས་བཟང་གནམ་ལྷ་དཀར་པོ་ལ་དམར་མཆོད་མི་དགོས་པར་དམར་ཟས་ཀྱིས་མཆོད་པའི་དོད་དུ་གཏོར་མ་ལ་ཚོན་རྩི་འདྲ་མིན་བཏང་ནས་མདོས་དང་ངར་མའི་གླུད་སོགས་ཡས་རྣམས་རྫོང་ནས་མཐུས་པར་བྱས།   གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་བསྒྲེངས་པའི་སྲོག་ཤིང་དུ་གྱུར།   དེ་ནས་བཟུང་གངས་ཅན་གཙུག་ལག་རིག་པའི་འབྱུང་ཁུངས་གཤེན་རབ་མི་བོའི་བསྟན་པ་དེ་ཏྲེ་སྟོད་སྨད་བར་གསུམ་ལ་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་བ་བྱས་ཡོད་པར་སེམས་སོ།།   སྐབས་དེར་གཡུང་དྲུང་བོན་གྱི་དགོན་སྡེ་དང་གྲྭ་ཚང་ཤིན་ཏུ་མང་པོ་བྱུང་ཡོད་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ད་ལྟའི་བར་མཐོང་ཐོས་ཧ་ཅང་མང་པོ་བྱུང་ཡོད་པར་མ་ཚད་གྲོང་སྡེ་དང་རི་ཆུ་ཐང་གསུམ་སོགས་སྣོད་བཅུད་ཡོངས་ལ་བོན་གྱི་ཐ་སྙད་འཇུག་པར་ད་ལྟ་ཡང་ལུས་ཡོད་པར་ཤིན་ཏུ་མང་ངོ་།།   དེ་ནས་རྗེས་སུ་ཧོར་སོག་དམག་གི་འཇིགས་ཐེངས་གང་མང་བྱུང་བའི་སྐབས་བསྟན་པ་འདི་ཉིད་ཧ་ལམ་མིང་གི་ལྷག་མ་ཙམ་དུ་བཏང་བས།    ད་ལྟ་གང་ལམ་ནང་གཡུང་དྲུང་གླིང་དང་།   རྫ་སྟེང་ཆེན་དགོན་ཙམ་མ་གཏོགས་གཡུང་དྲུང་བོན་དགོན་ཆེས་ཉུང་བའི་མཐར་གཏུགས་ཡོད་པར་མངོན་སུམ་ཚད་མའི་ཡུལ་དུ་གྱུར་ཡོད་པར་ཡིན་ནོ།།   ཞེས་གསུངས་པ་ལ་བརྟག་ན་སྐབས་དེར་གདོད་མའི་བོན་གྱི་དམར་མཆོད་ཀྱི་སྡིག་ལས་ཆོས་ལུགས་དེ་སྤྱི་མཐུན་གྱི་འགྲོ་བའི་རིགས་ལ་མི་འཚམས་པའི་བྱེད་ལས་ཅན་ཡིན་པ་དང་།   འཚེ་མེད་ཞི་བདེའི་ཆོས་སྲིད་གཉིས་ཆར་ལ་མཐུན་གྲོགས་སུ་འགྲོ་བ་གཟིགས་པའི་བྱམས་དང་སྙིང་རྗེ་ཡལ་བར་མི་འདོར་བའི་ཡ་རབས་དམ་པའི་སྐྱེས་ཆེན་ཞིག་ཡིན་པར་རྟོགས་ནུས།   འདིའི་མཚན་  ལའང་བཙུན་པ་ཞེས་བྱུང་ཡོད་པ་འདི་འཆལ་བའི་ཟློག་ཟླའི་མིང་ཡིན་ལ།   དེ་ཡང་སྒོ་གསུམ་ཞི་དུལ་དང་བག་ཡོད་ཀྱིས་སྤྱོད་པའི་ལས་ལ་འཇུག་པ་ནི་བཙུན་པ་ཡིན་ལ།     སྒོ་གསུམ་བག་མེད་སྡིག་ཏོ་མི་དགེ་བའི་ལས་དང་སྤྱོད་པ་ལ་འཇུག་པ་ནི་འཆལ་བ་སྟེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་བསྡམས་བ་ལ་གོ་དགོས།     མིང་འདི་དག་ལ་བརྟག་ན་མཐའ་དཔྱད་བྱ་རྒྱུ་ཧ་ཅང་མང་བ་མ་ཟད།  ཁྱད་པར་དུ་དཔོན་རབས་འདི་དག་གི་བྱེད་ལས་དང་འབྲེལ་བའི་མིང་ཡང་མང་ངོ་།  འདིར་དཔོན་པོའི་རིགས་སྐྱ་བོ་ཞིག་ལ་བཙུན་པ་ཞེས་བཏགས་པ་ཆེས་ཉུང་མཐར་ཡིན་ལ།  ཏྲེ་རབས་ལྔ་པ་འདིའི་མིང་གི་ཐོག་མར་བཙུན་པ་ཞེས་མཚོན་པ་འདིས་དགོས་པ་དང་རྒྱུ་མཚན་མང་པོ་སྟོན་ཡོད་པར་གདོན་མི་ཟ་ལ།   སྐབས་དེར་ཁོང་གིས་གདོད་མའི་བོན་གྱི་དམར་མཆོད་ཆོས་ལུགས་ཀྱིས་སྲོལ་དེ་བསྣུབས་ནས་གཡུང་དྲུང་བོན་གྱི་འཚེ་མེད་ཞི་བདེའི་ཆོས་ལུགས་དེ་དར་སྤེལ་བཏང་བ་ལ་བརྟགས་ན་ ཁོང་གི་མཚན་དང་འབྲེལ་བ་ཟབ་མོ་ཡོད་མེད་བླུན་པོ་བ་གླང་རྫིས་ཀྱང་རྟོགས་ནུས།      ཁོང་ནི་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་སྲིད་སྐྱོང་བྱེད་པའི་དཔོན་རྒྱུད་འཛིན་པའི་དམ་པའི་སྐྱེས་བུ་ཞིག་ཡིན་པ་སྨོས་མ་དགོས་ དེ་དག་ནི་འཕྲོས་དོན་ཙམ་ཡིན།     ད་ནི་གོང་གི་དཔོན་རབས་བཞིའི་རིང་གི་ཏྲེ་བོའི་སྣོད་བཅུད་གཉིས་ཀྱིས་ཆགས་འཇིག་གི་གནས་སྟངས་གང་གི་ཐད་ལ་ཡང་འཕེལ་འགྲིབ་ཇི་ལྟར་བྱུང་ཡོད་པ་ནི།    ཏྲེ་རབས་ལས།   ཏྲེ་ཉིན་ལ་མི་ཡི་ཚོགས་པ་ཡིན། །སྲིབ་ལ་ནོར་གྱི་གཏེར་མཛོད་ཡིན། །ས་མཐོ་མཁར་གྱི་ཁ་བད་མཐོ། །ཕུ་ལ་འབྲོག་རུ་འཛོམས་ས་ཡིན། །ཤོད་ལ་འབྲུ་དྲུག་སྨིན་ས་ཡིན། །གནས་མནྜལ་ཚོང་འདུས་སྤྱད་ས་ཡིན། །སྐད་རིགས་མི་གཅིག་སྣ་དགུ་འཛོམས། །ཞེས་བྱུང་བ་ལྟར།   ཏྲེ་བོའི་ས་ཆའི་ཆགས་སྟངས་ལ་བརྟགས་ན་ཉིན་སྲིབ་གཉིས་དང་།     ཕུ་མཐོ་ཤོད་གསུམ་གྱིས་སའི་གྲུབ་ཆ་ཞིག་ཡིན་པ་རྟོགས་ཐུབ་ལ།  དེ་ཡང་ཉིན་སྲིབ་ཀྱི་དབྱེ་མཚམས་ནི་རྫ་ཁོག་ནསཏྲེ་ཤོད་ལུང་པ་གཞུང་གཤགས་སུ་འབབ་པའི་ཆུ་བོ་དེས་བྱས་ཡོད་ལ།      སྐབས་དེར་ཏྲེ་ཉིན་ངོས་ཀྱི་སའི་ཁྱོན་དེར་འདུས་སྡོད་བྱས་པའི་གྲོང་ཚོ་དང་སྡེ་དུད་སོགས་ཁྱིམ་གཞིས་འཛིན་པའི་མི་གྲངས་མང་བས་མིའི་ཚོགས་པ་ཞེས་བརྗོད་ཡོད་ལ།  ཏྲེ་སྲིབ་ངོས་ཀྱི་རྫ་ཆུའི་འགྲམ་ངོགས་དེར་རྫ་རི་སྤུངས་པའི་འདབས་སུ་སྤང་རིའི་མུ་འཁྱུད་ཀྱིས་མཛེས་པའི་ཆུ་འགྲམ་རྣམས་སུ་རིན་ཆེན་ནོར་གྱི་བང་མཛོད་ལྟར་ས་བཅུད་གསོ་བའི་གཏེར་ཁ་རང་བྱུང་དུ་བརྡོལ་བས་ནོར་གྱི་གཏེར་མཛོད་ཡིན་པར་བཤད།      ཏྲེ་ས་མཐོའི་མཁར་གྱི་ཁ་བད་རི་རབ་ཀྱི་བང་རིམ་ལྟར་ཁྱམས་ཀྱི་མཐའ་བསྐོར་དུ་བྱ་རྒྱལ་རྒོད་པོའི་ལྡིང་སྐོར་གྱི་གཤོག་རྩལ་ངོམ་ས་ཡིན་པས་ས་མཐོའི་མཁར་དང་ཁ་བད་ཀྱང་ཡིན་ཞེས་དང་།   ཏྲེ་ཕུ་ལ་དུས་བཞིའི་འདེགས་པའི་འབྲོག་པ་རྣམས་ཀྱི་མཚེར་ས་སྤོས་ནས་ནོར་གནག་གི་རྒྱ་མཚོ་དུས་གཅིག་ཏུ་འཁྱིལ་ཞིང་སྨུག་རླངས་འཐིབ་པའི་སྦྲ་ནག་གྲུ་བཞིའི་ཆོན་ཐག་དར་གྱིས་བརྒྱན་པ་རླུང་གིས་སྐྱོད་པས་རུ་བ་རྣམས་མཉམ་དུ་འཛོམས་ས་ཡིན་པར་བཤད།     ཏྲེ་ཤོད་དུ་རོང་པ་རྣམས་ཀྱིས་དཔྱིད་དུས་སུ་ས་ཞིང་ལ་ལུད་བླུགས་བང་རྡུང་དང་།  རྨོས་རྐོ་དང་སོ་ནམས་སོགས་ས་བོན་འདེབས་འཛུགས་བྱས་པ་དང་།  དབྱར་དུས་སུ་རྩྭ་འཐུ་ལྡུམ་ཏོག་གི་ལས་ལ་བཞོལ་བ་དང་།   སྟོན་དུས་སུ་འབྲས་བུ་སྨིན་པའི་ལོ་ལེགས་བསྡུ་ཉར་དང་ཐོག་རྡུང་གི་བྱས་བས་འབྲུ་སྲན་སྣ་ལྔས་བང་མཛོད་འབྲུ་ཡིས་བཀང་བས་ཤོད་ལ་འབྲུ་དྲུག་སྟེ་གྲོ་ནས་སྲན་གསུམ་སོགས་འབྲུ་དྲུག་སྨིན་ས་ཡང་ཡིན་པར་བཤད་ཡོད།   དེས་མ་ཚད་སྲིད་གཞུང་གི་ལྟེ་གནས་མནྜ་ལའི་ཐང་ཆེན་དེ་ཉིད་དུ་མི་རིགས་ཁག་གིས་ཚོང་ལས་ཐོན་རྫས་འདྲེན་སྤེལ་བྱས་ཏེ།   ཁེ་སྤོགས་ཀྱི་འབྱུང་རྩ་ཚོང་འབྲེལ་སྤྱད་ས་ཡང་ཡིན་ཞེས་པའོ།། དེ་ལྟར་ཚོང་འདུས་བྱེད་སའི་ཐང་ཆེན་དེ་ཉིད་དུ་མི་རིགས་དེ་དག་གིས་རང་རང་གི་སྐད་དང་ཡིག་གེ་ལ་བརྟེན་ནས་ཚོང་གཉེར་བྱས་ཏེ།    ཨེ་ཤ་ཡའི་གླིང་ཆེན་ནས་ཐོན་པའི་མི་རིགས་སོ་སོའི་སྐད་རིགས་མི་འདྲ་བ་སྣ་དགུ་སོགས་གནས་དེར་འཛོམས་པར་བཤད་དོ།།   དེ་ལྟར་དཔོན་རབས་དེ་དག་གི་ཏྲེ་ཤོད་རི་ལུང་ཉིན་སྲིབ་ཕུ་འདའི་ཡུལ་སྡེ་མངའ་འབངས་བཅས་སྲིད་ཀྱིས་སྐྱོང་བར་བྱས་པའི་འོག    སྐབས་དེར་ཏྲེ་ཤོད་ཀྱི་རོང་འབྲོག་ཐམས་ཅད་ལ་དཔལ་འབྱོར་འདྲེན་སྤེལ་གྱི་ཚོང་ལས་གཉེར་བ་ནི།   ཕྱི་ཕྱོགས་རྒྱ་ནག་ནས་འབོར་འདྲེན་བྱས་པའི་དར་གོས་དང་གྲུམ་ཙེ་དང་ས་གདན་སོགས་དང་།   ཇ་རྟའི་ཚོང་ལམ་ནས་འདྲེན་པའི་ཇ་རིགས་སྣ་ཚོགས་དང་།    རྒྱ་གར་དང་བལ་ཡུལ་དབུས་གཙང་སོགས་ནས་འདྲེན་པའི་ཐེར་མ་དང་འབུ་རས་ས་གདན་སོགས་ས་གནས་འདིའི་འབྲོག་ལས་ཐོན་རྫས་ཀྱི་ལྤགས་སྤུའི་རིགས་དང་རྗེ་ལེན་བྱས་ཏེ་ཚོང་ལས་གཉེར་བ་དང་། གཞན་ཡང་རང་རང་ས་གནས་བར་གྱི་རོང་འབྲོགས་གཉིས་ཀྱི་དཔལ་འབྱོར་ཐོན་རྫས་ཕན་ཚུན་རྗེ་ལེན་བྱས་པ་ནི་འབྲོགས་པའི་ཤ་མར་འཕྱུར་གསུམ་དང་རོང་པའི་གྲོ་ནས་སྲན་གསུམ་གྱི་ཚོང་འབྲེལ་བཙུགས་པ་སོགས་མདོར་ན་དཔོན་རབས་དེ་དག་གི་མངའ་འབངས་རྣམས་འབྱོར་ཕྱུག་གཉིས་ལྡན་གྱི་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་ཡོད་པར་དཔོག་ཐུབ།     སྐབས་དེར་རྒྱ་དཀར་ནག་དང་སོག་པོ་འཇང་སོགས་ཕྱི་ཕྱོགས་ནས་ཡོང་བའི་མི་རིགས་མང་པོ་འདུས་སྡོད་ཀྱི་ཚོང་འབྲེལ་བྱས་པར་རྒྱུད་ས་གནས་འདིའི་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལ་ཚད་ངེས་ཅན་གྱི་གོ་རྟོགས་ཕྱིན་ཡོད་པ་ངེས་ལ། གཞན་ཡང་རོང་པ་རྣམས་ཀྱིས་མཁར་བརྩིགས་པ་དང་གྱང་ཁང་རྒྱག་པ་འདུ་ཁང་བཞེངས་པ་སོགས་འཛུགས་བསྐྲུན་ཕྱོགས་ཀྱི་ལག་རྩལ་མི་དམན་པར་ཕྱིན་ཡོད་ལ།     འབྲོགས་པ་རྣམས་ཀྱིས་བལ་རྩིད་སོགས་ཀྱི་འཁལ་འཁེལ་ནས་སྣམ་བུ་དང་རེ་ལྡེ་སོགས་ཐགས་སུ་འཐག་པར་བྱས་ཏེ་སྦྲ་གུར་དང་བཙེམས་དྲུབ་ཀྱི་ལྭ་བ་བཅས་བཟོ་བའི་སྔོན་ཐོན་ལག་རྩལ་གྱི་ཤེས་ཡོན་ལ་རང་བྱན་ཚུད་པ།  ད་དུང་ཤིང་ཆས་སྣ་ཚོགས་ཀྱིས་བཟོས་པའི་རྟ་ཟོག་གི་སྒ་ཆས་དང་ཤིང་ཕོར་པར་རུ་དང་སྡེར་མ་སོགས་ལ་གསེར་དངུལ་ཟངས་རག་སོགས་ཀྱིས་ཟུར་ཤན་ལ་འབུར་སྒྲོས་དང་ཕྲ་རྒྱན་བཏབ་ནས་རིན་ཐང་ཚད་མཐོན་པོ་འཇལ་བའི་སྤྱད་ཆས་བཟོ་བའི་ལག་རྩལ་གྱི་རིགས་གནས་ཚད་ངེས་ཅན་ཞིག་ལ་བསླེབས་ཡོད་པ་དང་།   ད་དུང་མགར་བཟོའི་རིག་གནས་ཀྱི་ལག་རྩལ་ལས་གསེར་དངུལ་ཟོང་རག་ལྕགས་དང་།      མཁར་དང་ལི་སོགས་བླུགས་སྒྲོས་དང་རྡུང་སྒྲོས་བྱས་པའི་ཕོ་མོའི་རྒྱན་ཆའི་རིགས་དང་།   གསེར་དངུལ་ཟོང་རག་སོགས་ཀྱི་བཟོས་པའི་ཁྱིམ་གྱི་ཐབ་ཆས་སྣོད་སྤྱད་རིགས་སྣ་ཚོགས་དང་།    ལྕགས་ཀྱི་བཟོས་པའི་མདའ་མདུང་རལ་གྲི་བོག་སོགས་མཚོན་ཆའི་རིགས་སྣ་ཚོགས་དང་།   ཁྲབ་རྨོག་ཕུབ་སོགས་གོ་ཆའི་རིགས་བཅས་མདོར་ན་སྐབས་དེར་འཇིག་རྟེན་གྱི་ཁམས་སུ་དངོས་པོའི་ཡོ་བྱད་ཀྱི་རིགས་ཕལ་ཆེར་བཟོ་ཤེས་པའི་ཤེས་ཡོན་ཀྱི་འབྱོར་པ་དང་ལྡན་པའི་ཚད་དུ་བསླེབས་ཡོད།    སྐབས་དེ་དུས་ཤེས་ཡོན་གྱི་ཚད་དེ་ཙམ་དུ་བསླེབས་ཡོད་པའི་ངེས་ཤེས་ཇི་ལྟར་རྙེད་ཅེ་ན། དེའི་དུས་སུ་རྒྱ་དཀར་ནག་དང་སོག་པོ་འཇང་སོགས་དང་འབྲེལ་བ་ཆེས་ཟབ་པ་ནི་ཏྲེ་མནྜལ་ཐང་དུ་ཚོང་འདུས་དང་འབྲེལ་མི་རིགས་དེ་དག་ལ་དེའི་ཡར་སྔོན་ནས་ལག་རྩལ་དེ་དག་ཡོད་པ་མ་ཟད་ཐོན་རྫས་མང་པོ་ཚོང་འདྲེན་  བྱས་པར་རྒྱུད་ནས་དེ་དག་ལ་དཔེར་བྱས་ཏེ་བཟོས་པའང་ཡོད་ངེས་སོ།        ཆོས་ཕྱོགས་ནས་ཀྱང་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་རྒྱུས་སུ་ཕྱིན་ནས།     བསྟན་པ་གཤེན་རབ་མི་བོ་ཆེའི་ཆོས་ལུགས་རིག་གནས་དར་སྤེལ་དུ་བཏང་བ་མ་ཟད་འབངས་རྣམས་ཀྱི་ཆོས་ལ་དད་པའི་ཤ་ཞན་ཡང་མི་དམན་པ་ཡོད་སྟབས།  མོ་རྩིས་པྲ་སོགས་ཀྱིས་གཏན་འབེབས་བྱས་པའི་ངར་མའི་གླུད་བརྫངས་པ་དང་།  ཆུ་ལམ་ཕྲང་གསུམ་སོགས་ གསོན་པོའི་གཏོ་བཅོས་ཀྱི་རིམ་གྲོ་བསྒྲུབས་པ་དང་།    ལྷ་ཀླུ་གཉན་གསུམ་ལ་བསང་དང་གསེར་སྐྱེམས་སོགས་མཆོད་བསྟོད་ཀྱི་སྒོ་ནས་རླུང་རྟ་གཏོར་བ་དང་བལ་མཚོན་སྒྲོན་པ།    ཐོས་གྲོལ་དང་ངན་སོང་སྦྱངས་རྒྱུད་སོགས་ཆོ་གའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་མཚན་བྱང་བསྲེགས་པ་དང་གསུར་བསྔོ་བ་སོགས་བྱེད་པ།   གཤེན་རབ་མི་བོ་ཆེ་སྐུ་བལྟམས་པ་དང་མངོན་པར་སངས་རྒྱས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོངས་སུ་མྱ་ངན་ལས་འདས་པ་སོགས་ཚེས་དུས་ཀྱི་བསྒྲུབ་མཆོད་བྱེད་པ།      ཟླ་བ་ཉ་དང་ཡར་ངོའི་དུས་སུ་ཟབ་མོའི་བཀའ་གཏེར་གྱི་བསྒྲུབ་པའི་གཏོར་བཟློག་དང་།   འབག་འཆམ་གྱིས་བསྒྲུབསས་པའི་རྒྱལ་མཚན་བཙུགས་པའི་ཆོས་ལུགས་རིག་གནས་ཕུན་སུམ་ཚོགས་པ་ཡོད།       གཞན་ཡང་དམངས་སྲོལ་རིག་གནས་གླུ་དང་གཞས་མགུར་དང་རྣམ་ཐར་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྒྱུ་རྩལ་གྱི་རིགས་མང་ཙམ་ད་དུང་ཡང་གར་སྟེགས་སུ་འཁྲབ་སྟོན་བྱེད་པའི་སྲོལ་མ་ཉམས་པར་ཡོད།   དམངས་སྲོལ་རིག་གནས་ཀྱི་གཞས་ཚིག་རྣམས་སུ་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཚོན་པའི་ཚིག་མང་ཙམ་ཡོད་པར་མ་ཟད།     སྔོན་གྱི་དཔོན་རབས་རྣམས་ཀྱིས་མི་སྣའིགཟུགས་བརྙན་བསྐྲུན་པའི་འཁྲབ་ཚན་ཡང་ཡོད་པར་བཞེད་དོ།།    ད་དུང་ཏྲེ་རབས་དྲུག་པ་ཏྲེ་བོ་ཐང་ཆེན་ཨ་འབེན་ནི་སུམ་པ་རྒྱལ་པོའི་ཁྲིམས་ར་ཆེན་པོ་བཅུའི་མགོ་གནོན་གྱི་ཐོབ་ཐང་སྤྲོད་ཡོད་པ་ནི།  ཏྲེ་རབས་ལས།      ཏྲེ་རབ་ཁ་ཁྲིམས་ཀྱི་གནས་གཞི་ལ།   །ཏྲེ་ལས་ཀ་ཐོབ་པའི་མི་གསུམ་བྱུང་།   །ཏྲེ་བོ་ཐང་ཆེན་ཨ་འབེདན་དེ། །ཁྲིམས་ར་བཅུ་ཡི་མགོ་གནོན་ཡིན།    ཞེས་པ་ལྟར་ན།   དེ་ཡང་ཏྲེ་རབ་ཁ་ཞེས་པ་དེ་ས་གནས་ཀྱི་མིང་ཡིན་ལ་དེང་དུས་དཀར་མཛེས་རྫོང་སྒོའི་མངའ་ཁོངས་འདི་ཡིན།       ཁྲིམས་ཀྱི་གནས་གཞི་ཞེས་བརྗོད་དོན་ནི་ཏྲེ་བོ་ཐང་ཆེན་ཨ་འབེན་གྱིས་དཔོན་རབས་ཀྱི་རྒྱུད་འཛིན་བྱས་པའི་དུས་དེར་ཏྲེ་རབས་ཁར་ཁྲིམས་གཅོད་བྱེད་སའི་དཔོན་ཐབས་ཀྱིས་དབང་བསྒྱུར་བྱས་ཏེ།  ཉེན་ཅན་ལ་ཁྲིམས་ལུགས་ཀྱི་ལག་ལྟར་བྱས་ཏེ་དོ་དམ་ཀྱི་ཁྲིམས་ཐག་གཅོད་པ་དང་།  ཉེན་མེད་ལ་གུ་ཡངས་བྱེད་པའི་ཁྲིམས་གཞུང་དྲང་ལ་ཁྲིམས་མགོ་བཙན་པའི་ཁྲིམས་ལུགས་ལག་བསྟར་བྱེད་ཡུལ་གྱི་ཁྲིམས་ར་བཙུགས་པར་གྲགས་ལ།      སྐབས་དེར་འཇང་དང་མི་ཉག་ཧོར་དང་ཡུ་གུ་སོགས་རྒྱལ་ཕྲན་རྣམས་ཀྱིས་ཀྱང་ཁྲིམས་གཞུང་དྲང་བདེན་གྱིས་སྲང་བར་ཡིད་ཆེས་ནས་ཏྲེ་རབས་ཁར་ཁྲིམས་ཐག་བཅད་པའི་ལུགས་སུ་བྱས་ཡོད་པར་དང་།         དེ་ནས་རིམ་གྱིས་གོ་གནས་འཕར་ཏེ་སུམ་པ་རྒྱལ་པོའི་ཁྲིམས་དཔོན་དུ་བསྐོ་བཞག་བྱས་ནས་སུམ་པའི་མངའ་འོག་ཏུ་ཁྲིམས་ར་ཆེན་པོ་བཅུ་ལས་ནམ་ཡང་འདའ་མི་ཆོག་པའི་བཀའ་ཕབ་པ་ལ་ཁྲིམས་ར་བཅུའི་མགོ་གནོན་ཡིན་ཞེས་དེ་ལྟར་བསྒྲགས་སོ།།   དེ་ལྟར་ཏྲེ་ལས་ཀ་ཐོབ་པའི་མི་གསུམ་གྱི་ནང་དང་པོ་དེ་ཏྲེ་བོ་ཐང་ཆེན་ཨ་འབེན་འདི་ཡིན།   ལས་ཀ་ཐོབ་ཅེས་པ་དེའང་ཏྲེ་རབ་ཁའི་ཁྲིམས་ར་བཙུགས་པའི་འཇོན་ཐང་གིས་སུམ་པ་རྒྱལ་པོའི་ཁྲིམས་དཔོན་ལས་ཀའི་བསྐོ་བཞག་བྱས་ཏེ་ལས་ཀ་ཐོབ་ཅེས་པའི་དོན་ཡིན།   དེ་ལྟར་ཏྲེ་བོའི་དཔོན་སར་འཛེགས་པའི་ཐང་ཆེན་ཨ་འབེན་དེ་ཁྲིམས་གཞུང་དྲང་ཞིང་ཁྲིམས་མགོ་བཙན་པའི་དབང་གིས་སུམ་པ་རྒྱལ་པོའི་ཁྲིམས་ར་བཅུའི་མགོ་གནོན་གྱི་ཐབས་ཐང་སྤྲོད་པ་ཡིན་ཞེས་པའི་དོན་ནོ།།     དེའང་ཏྲེ་ཡི་མི་རྒྱུད་དང་ས་གནས་ལ་ཅུང་ཟད་དཔྱད་པའི་གཏམ་ལས།      རྒྱལ་ཕྲན་གཞན་རྣམས་ཀྱིས་ཁྲིམས་ཀྱི་གཞུང་སྲོང་སའི་མིང་དུ་གྲགས་ལ་ཏྲེ་རབས་ཁ་ཁྲིམས་ཀྱི་གཅོད་སའི་མིང་དུ་གྲགས་པས་རྒྱལ་ཕྲན་གཞན་དེ་དག་དང་བསྡུར་ན་ཁྲིམས་ཅུང་ཟད་དམ་པོ་ཡིན་ནམ་སྙམ་སྟེ།  རྒྱུ་མཚན་ཏྲེ་རབས་ཁ་ཁྲིམས་ཀྱི་གནས་གཞི་ལ་ཞེས་བྱུང་བས་སོ།།   ཞེས་གསུངས་ཡོད།   ད་ནི་ཏྲེ་རབས་བདུན་པ་ཁྲི་དཔོན་ཉི་མ་དཀར་ལེབ་ནི།    ཏྲེ་རབས་ལས།  ཁྲི་དཔོན་ཉི་མ་དཀར་ལེབ་དེ། །རུ་བཞི་དམག་གི་མགོ་གནོན་ཡིན། །ཞེས་པ་ལྟར།        དེ་ཡང་ཏྲེ་རབས་བདུན་པ་འདི་ཉིད་ཕྱི་དགྲ་བོ་འདུལ་བའི་ཐོ་བ་ལྟར་དཔའ་བོའི་སྙིང་སྟོབས་དང་གཟི་བརྗིད་ཀྱི་མཚན་སྙན་སོགས་ས་གཞི་ཆེན་པོ་འདི་ཁྱབ་ཅིང་།   གདོང་གང་གིས་ཀྱང་བརྟན་མི་ཚུགས་པར་དགྲ་ལ་རྒོལ་བའི་ཐབས་མཁས་ཤིང་།  ཉེ་བའི་གཉེན་ལ་ བྱམས་བརྩེའི་སྦྱིན་་པ་དང་།   གོང་གི་དཔོན་ལ་བརྩི་བཀུར་ཆེ་ཞིང་འོག་གི་འབངས་ལ་ངོ་སྲུང་མཁས་པ།   དཔའ་རྒོད་ལ་དཔུང་པ་མཁྲེགས་པ།    སྙིང་སྟོབས་ཆེ་ལ་འགྲན་ཟླ་དང་བྲལ་བ། བློ་ཁོག་ཡངས་ལ་ཕྱི་ཐག་རིང་བའི་སྐྱེས་བུ་ཞིག་ཡིན་ལ།   སུམ་པ་རྒྱལ་པོའི་དམག་གི་ཁྲི་དཔོན་དུ་བསྐོ་བཞག་བྱས་པར་བརྟེན་ཁྲི་དཔོན་དང་ནམ་མཁའི་ཉི་མ་ལྟར་ཀུན་ལ་ཕན་པར་བསྒྲུབས་པས་ཉི་མ་དང་ངོ་གདོང་དཀར་ཞིང་ངོ་ཁེབས་ཀྱི་དབྱིབས་ཅུང་ལེབ་མོ་ཡིན་པས་དཀར་ལེབ་ཅེས་གྲགས་ལ།    སྐབས་དེ་དུས་སུམ་པ་དང་བོད་བཙན་པོའི་བར་འཁྲུགས་ལོང་གི་གཡུ་འགྱེད་བྱེད་པའི་སྒང་ཡིན་པས་ཁྲི་དཔོན་ཉི་མ་དཀར་ལེབ་འདིས་བོད་བཙན་པོའི་མངའ་འོག་དབུས་གཙང་རུ་བཞིའི་དམག་ལ་དྲག་གནོན་གྱིས་རྡུང་འདེད་བཏང་ནས།       གཡུལ་ལས་རྒྱལ་བའི་རུ་མཚོན་མཁའ་ལ་བསྒྲེངས་པར་བརྟེན་རུ་བཞིའི་དམག་གི་དཔུང་གནོན་ཡིན་ཞེས་གྲགས་སོ།།   དེ་ལྟར་འཁྲུགས་སློང་བྱས་པར་རྒྱུད་ཁྲི་དཔོན་ཉི་མ་དཀར་ལེབ་དེ་དཔའ་ངར་ཇི་ལྟར་ཆེ་ཡང་བོད་བཙན་པོའི་དམག་ཐབས་མཁས་པའི་རྐྱེན་གྱིས་སུམ་པའི་དམག་གི་བློ་གྲོས་ཀྱི་རྩལ་བག་ལ་ཞ་ནས་སུམ་པ་བོད་བཙན་པོའི་མངའ་འོག་ཏུ་བསྡུས་པར་མ་ཟད་ཏྲེ་རབས་ཀྱང་དེའི་རང་བཞིན་གྱིས་བཙན་པོའི་མངའ་ཁོངས་སུ་ལྡོག་མེད་དུ་འདུས་ཟིན་པར་ནི་རང་གཤིས་ཡིན་ལ།         དེ་ནས་སུམ་པའི་མངའ་འོག་ཏུ་ཡོད་པའི་བློན་པོ་མྱང་རྩེན་སྐུ་དང་དབའ་ཡི་ཚབ་གཉིས་ཀྱི་་སྔོན་དབང་བསྒྱུར་བྱས་པའི་ས་མཚམས་དང་ཆུ་མཚམས་ཀྱི་སྣང་ཚུལ་རྣམས་བོད་བཙན་པོའི་མངའ་འོག་ཏུ་ཆུད་པའི་གཏམ་དུ།  ཏུན་ཧོང་ཡིག་རྙིང་༤༢ལས། །འུང་ནས་མྱང་དབའས་གཉི་ཀཱ་ཡི་ཆད་དེ། །འགྲོགས་སྟེ་དོང་ངོ༌། །དབྱི་ཚབ་ནི་སྔ། །ཙེང་སྐུ་ནྀ་འཔྱི་སྟེ། །ཁྱིམ་དུ་དོང་ངོ༌། །ཙེང་སྐུ་གཆིག་པུ་པྱི་ན་ཚུར་སྨྲ་སྟེ། །ཆབ་ཆབ་ནྀ་ཕ་རོལ་ན།། །ཡར་ཆབ་ནྀ་ཕ་རོལ་ན།།མྱྀ་འི་ནི་མྱྀ་བུ་སྟེ།།ལྷ་འྀ་ནི་སྲས་པོ་བཞུགས།།རྗེ་བདེན་ནི་བཀོལ་དུ་དགའ།།སྒ་བདེན་གྱིས་ནྀ་བསྟད་དུ་དགའ།།ཞེས་སྐབས་དེར་སུམ་པ་རྣམས་ཀྱིས་ཀྱང་བོད་ལ་ཡར་ཆབ་གཙང་པོའི་ཕ་རོལ་ཞེས་སྨོས་ཤིང༌། །[ཏུང་ཧོང་ཡིག་རྙིང་སྡེབ་༤༢པ་ལས་དྲངས།  འུང་གི་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། །སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར།  ལུག་རྟུག་གིས་སྒྱུ་ཕབ་སྟེ།   ལྕེ་འྀ་ཐོར་ཐོ་ལ་བརྗོད་ནས།  ཁྱིམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ།   ཞེས་པ་ལྟར།  གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་སྡེབ་༢༦ཏུང་ཧོང་ཡིག་རྙིང་ལས་དྲངས་བའི།  འུང་ནས་མྱང་འབའས་གཉི་ཀཱ་ཡི་ཆད་དེ།  འགྲོགས་སྟེ་དོང་ངོ་།    དབྱི་ཚབ་ནི་སྔ།  ཙེང་སྐུ་ནི་འཕྱི་སྟེ།  ཁྱིམ་དུ་དོང་ངོ་།   ཙེང་སྐུ་གཆིག་པུ་ཕྱི་ན་ཚུར་སྨྲ་སྟེ།  ཆབ་ཆབ་ནི་ཕ་རོལ་ན།  །ཡར་ཆབ་ནི་ཕ་རོལ་ན། །མྱྀ་འི་ནི་མྱྀ་བུ་སྟེ། །ལྷའྀ་ནི་སྲས་པོ་བཞུགས། །རྗེ་བདེན་ནི་བཀོལ་དུ་དགའ། །སྒ་བདེན་གྱིས་ནྀ་བསྟད་དུ་དགའ། །ཞེསདང་།]དེའི་དོན་ནི་དེའི་རྗེས་སུ་བློན་མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པའི་མངའ་འོག་མཐའ་དག་ལ་དམག་འཐབ་བྱེད་མི་དགོས་པར་ལུག་རྟུག་གིས་མ་མོ་རྣམས་དབང་བསྒྱུར་བྱས་ནས་རང་དབང་དུ་ཕབ་པ་ལྟར། ཐབས་ཀྱི་འཁྲུལ་ལ་བརྟེན་ནས་ཞལ་ལྕེ་ཕར་བསྒྱུར་ཚུར་བསྒྱུར་གྱིས་གཏམ་བརྗོད་ནས། སུམ་པའི་ཡུལ་སྡེ་དང་ཁྱིམ་ཚང་གི་མི་གྲངས་དགྲ་བོའི་ལག་འོག་ཏུ་མ་ཤོར་བར་རྒྱལ་པོའི་མངའ་འོག་གི་འབངས་སུ་ཐབས་ཀྱིས་བཀུག་སོང་ཞེས་པའི་དོན་ཡིན།  དེ་ནས་བཟུང་སུམ་པའི་ཡུལ་གྲུ་ཐུ་བྷོད་ཀྱི་རྒྱལ་ཕྲན་ནམ་མངའ་ཁོངས་སུ་བསྡུས་ནས་དབང་བསྒྱུར་བྱས་པ་མ་ཟད།  སྐབས་དེའི་སུམ་པའི་ནུབ་ཕྱོགས་ཀྱི་སོ་མཚམས་ཐད།   ༤༧ཀྱེ་ན་ནིང་ནྀ་གཞི་ནིང་སྔ།།ཆབ་ཆབ་ནྀ་ཕ་རོལ་ན།། ཡར་ཆབ་ནྀ་ཕ་རོལ་ན།།དགུ་གྲི་ནི་ཟིང་པོ་རྗེ།།ཉ་ལས་ནྀ་ཁམ་དུ་བཀོང༌།།ཁམ་ལས་ནྀ་རྨེག་དུ་བཏའ།། ཞེས་ན་ནིང་གི་དུས་ཚོད་ནི་གཞེ་ནིང་ལས་སྔ་བས་ཆུ་བོ་ཆེན་པོ་ཡར་ཆབ་གཙང་པོའི་ཕ་རོལ་ན།  རྗེ་རྒྱལ་པོའི་བློན་པོ་དགྲ་ནག་དགུ་འཇོམས་ཟིང་པོ་རྗེ་ནི།  ཉ་པ་རྣམས་ཀྱིས་ཉ་འཛིན་པའི་ལས་ནི་ཁམ་ཟས་ཀྱི་དཔའ་བཀོང་བ་བཞིན་དུ་ཟིང་པོ་རྗེའི་དམག་འཐབ་ཀྱི་ཁམ་ལས་ནི་དགྲ་བོ་རྨེག་མེད་དུ་བཏང་བའི་དོན་མཚོན་ཡོད།  དེ་ལྟར་ཞང་སྣང་གིས་ཁྱུང་པོ་པུར་ཙེར་ཤགས་འདེབས་སྐབས་ཀྱང་སྔོན་སུམ་པའི་རྒྱལ་ཕྲན་དག་ལ་དམག་དྲངས་ལུགས་བཤད་པ་ན། །ཡར་ཆབ་གཙང་པོའི་ཕ་རོལ་གྱི་དགུ་གྲི་ཟིང་པོ་རྗེ་ཞེས་ཕྱོགས་གཉིས་ཀས་བར་གྱི་མཚམས་རྟགས་ནི་ཡར་ཆབ་གཙང་པོ་ལ་བྱས་ཏེ་བརྗོད་པས་སོ།།    དེ་ལྟར་ཏྲེ་རབས་བོད་བཙན་པོའི་མངའ་འོག་ཏུ་སོང་ནས་བཙན་པོའི་རྒྱལ་སྲིད་ལ་བཀའ་ཡི་བློན་པོའི་ཞབས་ཏོག་འབུལ་བ་དང་།   སྐབས་དེར་ཀོང་ཇོ་བཙུན་མོ་བཞེས་ནས་བོད་ཤིང་སྒོ་ཅན་ལ་བསོད་ནམས་བསོག་པའི་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཕུལ་གནང་བ་དེ་གདན་དྲངས་ནས་ལྷ་སའི་མཐིལ་ནེ་ཆུང་གི་སྟོད། ཆུ་མིག་ཁར་བསླད་པ་ན་ཤིང་རྟ་དེར་བྱིང་བས་གྱད་ལྷ་དགའ་དང་ཀླུ་དགའ་    གཉིས་ཀྱིས་ཤིང་རྟ་སྒྲིལ་ཡང་མ་བཏུབ་པ་ཅུང་ངལ་གསོས་པ་དང་།  དེ་ནས་ཡང་སྐྱར་བཏེགས་ཀྱང་འགུལ་མ་ནུས་པའི་དུས་དེར།   བཙུན་མོའི་སེམས་སུ་དོགས་པ་ཞིག་སྐྱེས་ནས་ཅི་ཡིན་སྙམ་པ་དང་ཁོ་མོའི་བསམ་པར་སྤོར་ཐང་བརྒྱད་ཅུ་སྐོར་གྱིས་བརྟགས་འབྲས་རྩིས་གཞུང་གིས་གཏན་འབེབས་བྱས་ནས་ཤེས་པར་འགྱུར་སྙམ་པ་དང་།  དེ་མ་ཐག་རྣམ་གྲངས་དྲུག་བཅུའི་རྩིས་འབྲས་གཏན་ལ་ཕབ་པ་ན།       བོད་ཁ་བའི་ལྗོངས་ཀྱི་རྒྱལ་ཁམས་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་འགྱེལ་བ་དང་འདྲ་བ་གྲུབ་པར་མཁྱེན་པས།     མཐའ་འདུལ་དང་ཡང་འདུལ་གྱི་གཙུགས་ལག་ཁང་བཞེངས་དགོས་པར་མཁྱེན་ནས་ཏྲེ་ཤོད་ཀ་བྲག་ཇོ་ཁང་ཡང་ཏྲེ་རབས་བརྒྱད་པ་བོད་བཙན་པོའི་བློན་ཆེན་སྤྱི་ཕུད་འཁོར་ལོ་བཟང་པོའི་རིང་ལ་བཞེངས་ཡོད་པ་ནི་ས་གནས་འདིར་ནང་བསྟན་ཆོས་ལུགས་ཀྱི་དབུ་ཐོག་མར་རྙེད་པ་ཡིན།    དེའི་ཡར་སྔོན་ཏྲེ་རབས་ལྔ་པའི་དུས་སུ་གཡུང་དྲུང་བོན་གྱི་བསྟན་པའི་དབུ་བརྙེས་པ་དང་ཏྲེ་རབས་བརྒྱད་པ་སྤྱི་ཕུད་འཁོར་ལོ་བཟང་པོའི་སྐབས་དེའི་སྟེང་དུམཐའ་འདུལ་གྱི་དང་ཡང་འདུལ་གྱི་གཙུག་ལག་ཁང་ཏྲེ་ཀ་བྲག་ཇོ་ཁང་བཞེངས་ནས་ནང་ཆོས་ཀྱི་བསྟན་པའི་དབུ་ཐོག་མར་བརྙེས་པ་ཡིན།  ཏྲེ་ཤོད་ཀ་བྲག་ཇོ་ཁང་འདི་བོད་བཙན་པོའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་མ་བཞེངས་སྔོན་ནས་བཞེངས་གྲུབ་བྱུང་བ་འདི་ཡང་དེང་དུས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་མཚོན་བྱེད་དུ་སོང་བ་མ་ཟད།  བྱིན་རླབས་ཀྱང་དེ་ལས་ཆེ་བ་སྨོས་མ་དགོས་པ་རེད།   ཏྲེ་ཤོད་ཀ་བྲག་ཇོ་ཁང་གི་ལོ་རྒྱུས་རྒྱས་པ་འདིར་མ་སྨོས་པས་འོག་ཏུ་འབྱུང་བ་ཡིན། འདིའི་རྗེས་སུ་འབྲུ་ཏྲེ་བོ་དགྲ་ལྷའི་མི་བདུན་བྱུང་བར་གྲགས་ལ།  དེ་ཡང་ཏྲེ་རབས་ལས།  འབྲུ་ཏྲེ་བོ་དགྲ་ལྷའི་མི་བདུན་ལ། །གསེར་ཕྲེང་པོ་ཏི་བཅུ་གསུམ་ཡོད། །ཞེས་གསུངས་པ་ལྟར།  ཨ་ལྕགས་འབྲུའི་རིགས་ལས་བྱུང་བའི་ཏྲེ་བོའི་དཔོན་རབས་དྲུག་པ་ཏྲེ་བོ་ཐང་ཆེན་ཨ་འབེན་དང་བདུན་པ་ཁྲི་དཔོན་ཉི་མ་དཀར་ལེབ་དང་བརྒྱད་པ་སྤྱི་ཕུད་འཁོར་ལོ་བཟང་པོ་སྟེ་ཏྲེ་ལས་ཀ་ཐོབ་པའི་མི་གསུམ་གྱི་རྗེས་སུ་འབྲུ་ཏྲེ་བོ་དགྲ་ལྷའི་མི་བདུན་ཞེས་དཔོན་རབས་བདུན་བྱུང་ཡོད་པར་གྲགས་ལ།  དེ་དག་རེ་རེ་བཞིན་མིང་མི་འདུག་ཀྱང་དཔོན་རབས་བདུན་པོ་དེ་དག་  བོད་བཙན་པོའི་མངའ་འོག་ནས་ཆོས་སྲིད་ལུགས་གཉིས་ལ་རང་སྟོབས་ཀྱིས་དབང་བསྒྱུར་བྱེད་པའི་དཔའ་བོ་ཁོ་ན་ཡིན་པ་མ་ཟད།   ཏྲེ་ཤོད་ས་གནས་རོང་འབྲོག་གཉིས་ཀྱི་འཚོ་བའི་བརྟེན་གཞི་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པའི་དཔོན་ཐབས་ཀྱི་མངའ་དབང་བསྒྱུར་བ་དང་།   དཔལ་འབྱོར་དང་རིག་གནས་ཆོས་ལུགས་སོགས་གང་ལ་ཡང་ཐོགས་པར་མེད་པའི་དཔོན་རབས་གོང་མ་རྣམས་ཀྱིས་ལམ་སྲོལ་རྒྱུན་སྐྱོང་དང་རྒྱུད་འཛིན་བྱས་པ་མ་ཟད།   སྐབས་དེར་ལུང་པ་གཞན་དག་དང་བསྡུར་ན་ཏྲེ་ཤོད་ལུང་པ་འདི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་།   མི་རིགས་གཞན་དང་ས་གནས་གཞན་གྱིས་དཔལ་འབྱོར་འདྲེན་སྤེལ་གྱི་ཚོང་འབྲེལ་བྱེད་པའི་མདོ་ཆེན་ཞིག་ཏུ་ཆགས་ཡོད་པ་དང་། དཔོན་རབས་ཕྱི་མ་བདུན་པོ་འདི་ཆོས་སྲིད་གཉིས་ཀའི་ལས་དོན་ཐད་ལ་གཞན་དྲིང་མི་འཇོག་པར་རང་སྟོབས་སུ་དཔྱོད་ཤེས་གཉིས་ལྡན་གྱིས་དཔེ་ཐོག་གི་ལས་ཀའི་བཀོད་སྒྲིག་སོགས་ལོ་རྒྱུས་དང་འབྲེལ་བའི་གསེར་ཕྲེང་པོ་ཏི་བཅུ་གསུམ་གྱི་མཛད་རྗེས་བཞག་ཡོད་པའི་གཏམ་རྒྱུད་ཡོད་ཀྱང་།       དུས་འགྱུར་དང་འཁྲུགས་བརྩོད་ཀྱི་ཐོབ་ཤོར་བར་ནས་བརླགས་སོང་བ་ལགས་པས་དེང་དུས་ཤོག་ལྷེབ་ཙམ་ཡང་ལུས་མི་འདུག     གང་ལྟར་ཡང་དཔོན་རབས་འདི་དག་གི་རིང་ལ་བོད་བཙན་པོའི་མངའ་ཁོངས་སུ་རྒྱལ་བློན་ཕན་ཚུན་ནང་མ་འཆམས་པ་དང་།   བློན་པོའི་ཤུགས་དྲག་པའི་དབང་གིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ལོ་ཙཱ་བ་ཆེན་པོ་བེེ་རོ་ཙ་ན་ཡང་རང་དབང་མེད་པར་རྒྱལ་མོ་ཚ་བ་རོང་དུ་གནས་དབྱུང་སྟེ་ས་ཕྱོགས་དེར་བསྟན་པ་སྤེལ་ ནས་ཡུན་རིང་བཞུགས་པ་གྲགས་ལ།    དེ་ནས་ཏྲེ་རབས་ཁ་བྱོན་ནས་ཆོས་འཆད་པ་དང་ལུང་འབོག་པ་དབང་བསྐུར་བ་སོགས་ཀྱིས་བསྟན་པ་རྒྱ་ཆེར་སྤེལ་བར་བྱས་ནས་རྗེས་སུ་ཙཱ་བདག་སྒྲུབ་ཏུ་བཅད་རྒྱ་བྱས་བཞུགས་ཏེ་གནས་ལུགས་ལ་རང་དབང་ཐོབ།   དེ་ནས་བཟུང་ཏྲེ་བོའི་ས་གནས་འདིར་གསང་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེའི་དབུ་བརྙེས་ནས་དར་ཁྱབ་ཏུ་ཕྱིན་པ་བཞེད་དོ།།  དེ་ནས་དབུས་གཙང་གི་ཕྱོགས་སུ་བཙན་པོའི་གདུང་རྒྱུད་རྣམས་ནང་མ་འཆམས་པར་འཁྲུགས་བརྩོད་བྱུང་ཏེ།   ཏྲེ་བོའི་དཔོན་རབས་ཀྱང་སོ་ཟད་ཀན་ལ་ཐུག་པ་ལྟར་ གོང་མའི་རྒྱལ་རབས་ཀྱི་ཕྲེང་ཐག་སྟེང་ནས་ཆད་དེ་བོད་སིལ་བུར་འཐོར་ཞིག་ཏུ་སོང་བའི་ཤུལ།   ཡུལ་འདིའི་དཔོན་རབས་རྣམས་ཀྱང་མཐར་ནས་བསྡུས་པ་དང་དུས་མཚུངས་སུ་དབྲ་ཡི་རིགས་ཀྱིས་དབང་བསྒྱུར་བྱས་ཏེ།  ཏྲེ་རབས་ནང་ཆེན་རྒྱལ་པོའི་གདུང་ལས་མཆེད་པའི་ལོ་རྒྱུས་ནང་ཆེན་རྒྱལ་རབས་ན་གསལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1