རྒྱལ་ཁབ་འདིའི་མི་ཁྲི་2800ལ་རོགས་སྐྱོར་མཁོ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-10


        ཚེས་8ཉིན་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་གྱི་དམིགས་བསལ་འཐུས་མིས་བཤད་དོན། ཨ་ཧྥུ་ཀ་ནི་སི་ཐན་གྱི་དམངས་ཚོགས(རྒྱལ་ཁབ་དེའི་མི་འབོར་བསྡོམས་འབོར་གྱི་གསུམ་ཆ་གཉིས་ཙམ་ཡིན་པ)ཁྲི་2800ལ་ད་ལོ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་འདུག

        ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་ཡིན་པའི་ཨའོ་ཐུང་པ་ཡེ་ཝ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག མི་ཆོས་རིང་ལུགས་ཀྱི་དགོས་མཁོ་དེར་ཨ་སྒོར་དུང་ཕྱུར་4.6གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད། ཨའོ་ཐུང་པ་ཡེ་ཝ་ཡིས་ནན་གྱིས་བསྟན་དོན། ཧ་ལམ་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་འབོར་ཕྱེད་ཀ་སྟེ། ཕལ་ཆེར་མི་ཁྲི་2000ལ་འབྲུ་རིགས་ཀྱི་ཉམས་ཉེན་ཐོན་བཞིན་ཡོད། ཁོང་གིས་ད་དུང་མི་ཁྲི་600ལ་མུ་གེ་བྱུང་བར་གོམ་པ་གང་ལས་མེད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1