༄༅། །ཨ་ཅེ་ལ་ནུ་བོ་གསོ་སྐྱོང་གི་འོས་འགན་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 03-10



        《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་གསལ་པོ་བྱས་དོན། གསོ་སྐྱོང་འགན་འཁུར་གྱི་ནུས་པ་ལྡན་པའི་ཕུ་བོ་དང་ཨ་ཅེར་ཕ་མ་འདས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རིགས་ལ་རང་གི་ནར་མ་སོན་པའི་ནུ་བོ་དང་ནུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད།

        ཕུ་བོ་དང་ཨ་ཅེས་ནུ་བོ་ནུ་མོ་གསོ་སྐྱོང་གི་འོས་འགན་འཁུར་བའི་ཆ་རྐྱེན་གསུམ་ཡོད་དེ།

        1. ཕུ་བོ་དང་ཨ་ཅེར་འགན་འཁུར་གྱི་ནུས་པ་ལྡན་དགོས། གལ་ཏེ་ཕུ་བོ་དང་ཨ་ཅེས་རང་ཉིད་ཀྱི་འཚོ་བ་སྐྱེལ་དཀའ་བའམ། ཡང་ན་རང་ཉིད་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཐུབ་པ་ཙམ་ཡིན་ན། ནུ་བོ་དང་ནུ་མོའི་ཁྲིམས་བཀོད་གསོ་སྐྱོང་གི་འོས་འགན་འཁུར་མི་དགོས།

        2. ཕ་མ་འདས་པའམ་ཕ་མར་གསོ་སྐྱོང་གི་ནུས་པ་མེད་པའི་རིགས། གལ་ཏེ་ཕ་མར་གསོ་སྐྱོང་གི་ནུས་པ་ཡོད་ན། ཕུ་བོ་དང་ཨ་ཅེས་ནུ་བོ་དང་ནུ་མོ་གཉིས་ཀྱི་ཁྲིམས་བཀོད་གསོ་སྐྱོང་གི་འོས་འགན་འཁུར་མི་དགོས།

        3. ནུ་བོ་དང་ནུ་མོ་ནར་མ་སོན་པའི་རིགས། གལ་ཏེ་ནུ་བོ་དང་ནུ་མོ་རང་ལོ18ལ་སོན་ཡོད་ན། རང་ཁ་རང་གསོ་བྱེད་མི་ཐུབ་ཀྱང་ཕུ་བོ་དང་ཨ་ཅེར་གསོ་སྐྱོང་བྱེད་པའི་འོས་འགན་མེད། 

        གོང་གི་ཆ་རྐྱེན་གསུམ་པོ་ངེས་པར་འཛོམས་དགོས། གལ་ཏེ་མ་འཛོམས་ན་ཕུ་བོ་དང་ཨ་ཅེས་ནུ་བོ་དང་ནུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་གྱི་ཆ་རྐྱེན་འགྲུབ་མི་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1