ལིས་རྫོང་གིས་832ལས་སྟེགས་སྤྱད་ནས་ཐོན་རྫས་ཕྱིར་འཚོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-17



        

        ཉེ་བའི་ལོ་ཤས་རིང་། ལིས་རྫོང་གིས་དབུལ་བྲལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕེལ་བ་དམིགས་ཡུལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། 832(དབུལ་བྲལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲྭ་ལམ་ཕྱིར་འཚོང་སྟེགས་བུ)ཞེས་པའི་ལས་སྟེགས་གསར་འཛུགས་བྱས་ཤིང་། དྲྭ་ལམ་དང་ཡུལ་དངོས་གཉིས་ཀྱི་ཆར་ནས་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་བྱེད་པའི་མ་ལག་བརྟན་པོར་བཙུགས་ཤིང་། ལིས་རྫོང་གི་རོགས་སྐྱོར་ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་དང་དབུལ་བྲལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕེལ་བར་རམ་འདེགས་བྱས།

སྲིད་ཇུས་ལེགས་པོའི་གོ་སྐབས་དམ་འཛིན་དང་། ཐོན་རྫས་ཀྱི་སྤུས་ཀར་འགན་ལེན་བྱས།

        རང་མོས་ཀྱིས་རེ་ཞུ་དང་། རྫོང་རིམ་པའི་མཚམས་སྦྱོར། ལས་སྟེགས་ཀྱི་ཞིབ་བཤེར་གཏན་འབེབ་སོགས་ཀྱི་འགྲོ་ལུགས་བརྒྱུད་ནས། མཁོ་འདོན་ཚོང་བདག་གིས་ཡུལ་དངོས་དང་དྲྭ་ལམ་གྱི་མཁོ་འདོན་ཉམས་ཞིབ་མ་ལག་བཙུགས། མཁོ་འདོན་ཚོང་བདག་གིས་832ལས་སྟེགས་སྤྱད་ནས་དོ་དམ་མ་ལག་ཏུ་དྲྭ་ལམ་ནང་ཞུགས་ཀྱི་རེ་ཞུ་བཏོན་ཆོག་ལ། གྲོང་གསེབ་དར་སྤེལ་དང་ཞིང་ལས་སྡེ་ཁག་གིས་ཡུལ་དངོས་ནས་གཙོ་བོ་མཁོ་འདོན་ཚོང་བདག་གི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་དང་། ཐོན་རྫས་མཁོ་འདོན་གྱི་ནུས་པ་དང་རྒྱུ་སྤུས། ཞིང་འབྲེལ་ཞིང་ཁྲིད་དང་དབུལ་བྲལ་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་དོ་དམ་ནན་མོ་བྱས་ཆོག

ཚོང་གཉེར་བདག་སྐྱོང་གི་ལས་ཀ་ལེགས་པར་བསྒྲུབས་ཏེ། ཕྱིར་འཚོང་མཁོ་འདོན་གྱི་ལམ་བུར་ཡུན་གྱིས་བསྐྱོད་པ།

        རོགས་སྐྱོར་ཐོན་རྫས་ལ་འགུལ་རྣམ་དོ་དམ་བྱེད་པ་ལག་ཏུ་བསྟར་ནས། གྲོང་གསེབ་དར་རྒྱས་དང་། ཞིང་ལས་དང་ཁྲོམ་རའི་ལྟ་རྟོག་སོགས་སྡེ་ཁག་རྣམས་ཀྱིས་མཁོ་འདོན་ཚོང་བདག་གི་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་གནས་ཚུལ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་གནས་ཚུལ་སོགས་རྗེས་འདེད་འདྲི་རྩད་དང་། ཐོན་རྫས་ཀྱི་རྒྱུ་སྤུས་ཚད་ལྡན་མིན་པ། རིན་གོང་མཐོ་བཅོས། ཞིང་ཁྲིད་རྫུན་བཟོ་སོགས་ཀྱི་གནད་དོན་ཡོད་པ་ཤེས་ཚེ། འཕྲལ་དུ་ལིས་རྫོང་གི་རོགས་སྐྱོར་ཐོན་རྫས་ཀྱི་མིང་ཐོ་ལས་ཕྱིར་འཕུད་བྱེད་པ་དང་། གནས་ཚུལ་ཚབས་ཆེན་གྱི་རིགས་ལ་འབྲེལ་ཡོད་ཁྲིམས་ལུགས་ལྟར་དུ་འགན་འཁྲི་བདའ་འདེད་བྱེད་ངེས། མིག་སྔའི་བར་དུ། ལིས་རྫོང་གིས་མཁོ་འདོན་ཚོང་བདག་4དང་ཐོན་རྫས་རིགས་25ལ་གོང་སྨྲས་གནད་དོན་རེ་ཟུང་འདུག་པས། རོགས་སྐྱོར་ཐོན་རྫས་ཀྱི་མིང་ཐོ་ལས་ཕྱིར་འཕུད་བྱས།


ཕྱུག་འགྱུར་གྱི་རྟ་ཕོར་བཅིབས་ཏེ། བདེ་སྐྱིད་ཀྱི་གནས་སུ་སྙེག

        2022ལོ་ནས་བཟུང་། ལིས་རྫོང་གིས་ཧུར་ཐག་ངང་832ལས་སྟེགས་གསར་འཛུགས་བྱས་ཤིང་། ད་སྐབས་མཁོ་འདོན་ཚོང་བདག་19ལ་ཚོང་གཉེར་ཆོག་མཆན་ཐོབ་ཅིང་། ཐོན་རྫས་202ཁྲོམ་རར་མཁོ་འདོན་བྱེད་བཞིན་ཡོད་ཅིང་། རོགས་སྐྱོར་ཐོན་རྫས་དྲྭ་ལམ་དང་ཡུལ་དངོས་ནས་ཕྱིར་འཚོང་བྱས་པའི་རིན་གོང་སྒོར་ཁྲི་3670ལྷག་ཡོད་ཅིང་། བསྡོམས་པས་དབུལ་བྲལ་མང་ཚོགས་ཁྱིམ་ཚང་200ཡི་ཡོང་འབབ་འཕར་སྣོན་ལ་སྟོབས་ཤུགས་ཕུལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1