པར་ཙིར་མནའ་འབྲེལ་འདིའི་ནང་བསྐྱར་དུ་ཞུཊ་རྒྱུ་བསྒྲཊ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-12


        པར་ཙིར་སྲིད་གཞུང་གིས་ཉིན་ཤས་གོང་བརྡ་ཁྱབ་བཏང་ནས། ཙུང་ཐུང་ལུའུ་ལ་ཡིས་མིང་རྟགས་བཀོད་ཟིན་པའི་བཀའ་ཁྲིམས་གཞིར་བཟུང་། པར་ཙིར་ཟླ་5ཚེས་6ཉིན་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནང་བསྐྱར་དུ་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

        བརྡ་ཁྱབ་ནང་མེ་གླིང་ལྷོ་མ་གཞི་གཅིག་ཅན་གྱིས་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཕན་པ་ཡོད་པ་མ་ཟད། ས་ཁུལ་དེར་རྒྱུན་མཐུད་ངང་གནས་པའི་དབུལ་ཕོངས་དང་། ཟུར་འབུད། སྤྱི་ཚོགས་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་ཕན་པ་ཡོད་ཅེས་འཁོད་ཡོད་པ་རེད།

        མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནི་2008ལོའི་ཟླ་5པར་བཙུགས་པ་དང་། དེ་ནི་པོ་ལི་ཝེ་ཡ་དང་། ཁོ་ལོམ་པི་ཡ། ཨེ་ཁྭ་ཏོར། ཕེ་རུ། ཝེ་ནེ་ཙུའེ་ལ། ཨ་ཀེན་ཐིན། པར་ཙིར། ཝུ་ར་ཀུའེ། ཕ་ར་ཀུའེ། ཆི་ལི། ཀུའེ་ཡ་ན། སུའུ་རི་ནམ་བཅས་ཁོངས་ཞུགས་རྒྱལ་ཁབ་12ལས་གྲུབ་པ་རེད། 2018ལོ་ནས་བཟུང་། ཆབ་སྲིད་ཐད་ཀྱི་མི་མཐུན་པའི་ཆ་ཡོད་པར་བརྟེན། ཨ་ཀེན་ཐིན་དང་པར་ཙིར་སོགས་རྒྱལ་ཁབ་8གཅིག་རྗེས་གཉིས་མཐུད་ངང་ཕྱིར་འཐེན་བྱས་པའམ་ཡང་ན། དེའི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་བཞག པར་ཙིར་སྲིད་གཞུང་གིས་2019ལོར་པོ་སུའོ་ན་ལུའོ་ཡིས་སྲིད་འཛིན་བྱེད་རིང་དངོས་སུ་མནའ་འབྲེལ་ནས་ཕྱིར་འཐེན་བྱས་པ་རེད།

        ད་ལོའི་ཟླ་1ཚེས་23ཉིན། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ལས་ཤག་ཏུ་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་པོས་ལྷོ་ཕྱོགས་ཀྱི་ཐུན་མོང་ཁྲོམ་རའི་ནུས་པ་ཆེ་རུ་བཏང་སྟེ་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་བསྐྱར་འཛུགས་བྱས་ནས། མེ་གླིང་ལྷོ་མའི་ཐུན་མོང་གི་དངུལ་ལོར་འཛུགས་རྒྱུའི་སྐོར་གྱི་གྲོས་བསྡུར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ཨ་ཀེན་ཐིན་སྲིད་གཞུང་གིས་ཟླ་3ཚེས་21ཉིན་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནང་སླར་ཡང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1