༄༅། །རྐུ་འཁྱེར་བྱས་པའི་ནག་ཉེས་ཅི་ལྟ་བུ་ཞིག་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 04-13



        རང་རྒྱལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན264པར། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་རྐུ་འཁྱེར་བྱས་པའམ་རྐུ་འཁྱེར་ཐེངས་མང་བྱས་པ་དང་། ཁྱིམ་ཚང་དུ་འཛུལ་ནས་རྐུ་འཁྱེར་བྱས་པ། མཚོན་ཆ་འཁྱེར་ནས་རྐུ་འཁྱེར་བཅས་བྱས་རིགས་ལ་དུས་བཙོན་ལོ3མན་ནམ་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པ་དང་སྦྲགས་དངུལ་ཆད་ཀྱང་གཅད་ངེས། རྒྱུ་ནོར་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅོད་པ་དང་སྦྲགས་དངུལ་ཆད་ཀྱང་གཅད་ངེས། རྒྱུ་ནོར་བཙན་འཕྲོག་བྱས་པ་ཧ་ཅང་འབོར་ཆེན་ཡིན་པའམ་ཉེས་ཚབས་ཧ་ཅང་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ། དུས་བཙོན་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་དང་སྦྲགས་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏོང་བ་བཅས་ཀྱི་ཉེས་ཆད་གཅད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1