ཙུང་ཐུང་འདིས་ཨ་རིའི་རོགས་རམ་མི་དགོས་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24


        ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་21ཉིན། མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིས་བྱེད་སྒོར་ཞུགས་སྐབས་གཏམ་བཤད་སྤེལ་ནས། མོ་ཞི་ཁོ་ཡིས་ཨ་རི་ཚུད་པའི་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་“དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་”མིང་ཐོག་ནས་མོ་ཞི་ཁོ་ཡི་ནང་སྲིད་ལ་ཐེ་ཇུས་བྱེད་རིགས་དང་ལེན་མི་བྱེད་ཅེས་བསྟན་པ་རེད།

        ལའོ་ཕེ་སིས་གཏམ་བཤད་སྤེལ་སྐབས། “ང་ཚོར་ཨ་རིའི་‘རོགས་རམ’ཟེར་བ་མི་དགོས། ང་ཚོས་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་ཡང་དང་ལེན་བྱེད་ཀྱི་མིན་”ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་ཡོད།  ཙུང་ཐུང་ལུའོ་ཕེ་སིས་“མོ་ཞི་ཁོ་རང་ངོས་ལ་རྩ་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ནུས་པ་ལྡན་པས། ཐེ་ཇུས་རིང་ལུགས་དང་ལེན་མི་བྱེད་”ཅེས་བཤད་པ་རེད།

        དེ་སྔོན་ཟླ་4ཚེས་17ཉིན། མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིས། ཨ་རིས་མོ་ཞི་ཁོ་རུ་ཐེ་ཇུས་བྱེད་པ་ནི་གསང་མྱུལ་གྱི་བྱེད་སྤྱོད་སྤེལ་བ་རེད་ཅེས་སྐྱོན་འཛུགས་བྱེད་མྱོང་བ་རེད། ཉིན་དེར་འཚོགས་པའི་ཙུང་ཐུང་ལས་ཤག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལུའོ་ཕེ་སིས། མོ་ཞི་ཁོ་སྲིད་གཞུང་གིས་དབང་ཆ་སྤྲད་མེད་པའི་གནས་ཚུལ་འོག་ཨ་རིའི་དུག་རྫས་དོ་དམ་ཅུས་ཀྱིས་ས་གནས་དེ་གའི་དུག་ཚོང་ཚོགས་པར་སིམ་འཛུལ་བྱས་པ་དེ་ནི། “བརྙས་བཅོས་རང་བཞིན་དང་ཁེངས་དྲེགས་ཆེ་བའི་ཐེ་ཇུས་བྱ་སྤྱོད་”ཅིག་ཡིན་པས་མི་རྣམས་ཀྱིས་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པས། ཕྱི་རྒྱལ་གྱི་དམིགས་བསལ་ལས་དོན་པའམ་ཡང་ན་བདེ་འཇགས་སྒྲིག་གཞི་གང་ཞིག་ཡིན་རུང་། མོ་ཞི་ཁོའི་མངའ་ཁོངས་སུ་གསང་མྱུལ་གྱི་བྱེད་སྤྱོད་སྤེལ་མི་ཆོག་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1