དཀར་མཛེས་ཁུལ་གྱི་རིག་གནས་རྣམ་གྲངས་55ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ནང་བདམས།

དོན་འགྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


        ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས《ཁག་དྲུག་པའི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ་ཁག་དྲུག་པའི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་གཞུང་207ཁྱབ་བསྒྲགས་བྱས་པ་དང་རྣམ་གྲངས་ཀྱི་མིང་ཐོ་127རྒྱ་སྐྱེད་པ་རེད། དཀར་མཛེས་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་55དེའི་གྲལ་དུ་བདམས་པ་རེད།

         “འབའ་ཐང་གི་ཆང་གཞས”དང་། “ཇོ་དབྱངས་ཀྱི་གླུ་གཞས་སྒྱུ་རྩལ” “ལྕགས་ཟམ་གྱི་ལ་གཞས” “དཔལ་ཡུལ་གི་འཛུབ་བྲོ” “རྒྱ་རོང་བོད་རིགས་ཀྱི་འཚེམ་དྲུབ”སོགས་རྣམ་གྲངས་35ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་ཐོ་ཁག་དྲུག་པའི་ནང་བཅུག་པ་དང་། “རྟའུ་ཀྱི་བྲག་ཡིབ་སྒོར་གཞས”དང་། “དཀར་མཛེས་ཀྱི་དགེ་དར་གཞས་བྲོ་” “དཔལ་ཡུལ་གྱི་འཚེམ་དྲུབ་ཐང་ག” “བརྒྱད་ཟིལ་གྱི་ལག་ཤེས་བོད་རུམ་འཐག་རྩལ”སོགས་རྣམ་གྲངས་20ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་གཞུང་རྒྱ་སྐྱེད་རྣམ་གྲངས་ནང་བདམས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1