ས་གནས་ཁག་གིས“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། རྒྱང་ལམ་གསར་པར་སྐྱོད་པ”བཅས་ཀྱི་ལྔ་བཞིའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-06



       ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་སྐབས་སུ་རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། རྒྱང་ལམ་གསར་པར་སྐྱོད་པ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་བརྗོད་དོན་གཙོ་བོ་མངོན་པར་བྱས་ནས་སྡེ་ཚོགས་ཀྱི་གཞོན་ནུ་རྒྱ་ཁྱབ་ངང་ཞུགས་པའི་ཡིད་དབང་བཀུག་ཡོད།

        ཚེས་4ཉིན་གྱི་སྔ་དྲོ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་སྐབས་ཉེར་བདུན་པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་2022ལོའི་ལོ་འཁོར་གྱི“དར་དམར་གཉིས་དང་ཕུལ་བྱུང་གཉིས”ཀྱི་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་གཞོན་ནུ་ཚོས་མིག་དཔེར་སློབ་སྦྱོང་བྱས་ནས་ཤེས་ལྡན་མི་སྣར་འགྱུར་བའི་སྙིང་སྟོབས་འཕེལ་བ་བྱས་པ་རེད། ཚེས་4ཉིན་གྱི་ཕྱི་དྲོ“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། རྒྱང་ལམ་གསར་པར་སྐྱོད་པ”བཅས་ཀྱི་སྡེ་ཚོགས་ཀྱི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཀྱི་ཉིན་མོའི་བྱེད་སྒོ་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དུ་སྤེལ་ཞིང་། འཇིག་རྟེན་འཕུར་སྐྱོད་དང་། མེ་ཟོན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་གཞོན་ནུའི་འཐུས་མིས་ལང་ཚོའི་གཏམ་རྒྱུད་གླེང་བ་དང་འབད་འཐབ་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།

        ཧུའུ་པེ་ཞིང་ཆེན་སྡེ་ཚོགས་ཨུ་ལྷན་གྱིས“འབད་འཐབ་ལྷོད་མེད་ཀྱི་ལང་ཚོའི”བརྗོད་དོན་གཙོ་བོའི་སྡེ་ཚོགས་སློབ་ཚན་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་དང་ཧྭ་ཀྲུང་དགེ་འོས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭར་བསྐྱོད་དེ། དབྱིངས་ཞུགས་ཉམས་ལེན་དང་སྒྱུ་རྩལ་རྣམ་པའི་བྱེད་སྒོར་སྡེ་ཚོགས་གཞོན་ནུ་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་རེད། ཧུའུ་ནན་གུང་གཞོན་སྡེ་ཚོགས་ཀྱི“80ནང་སྐྱེས་དང་། 90ནང་སྐྱེས། 00ནང་སྐྱེས”བཅས་ཀྱི་གཞོན་ནུའི་འཆད་ཁྲིད་དགེ་རྒན་ཚོགས་པས་ཁྲང་ཧྲ་རྫོང་ལི་ཡོན་གཞོན་ནུའི་ཁྱིམ་ཚང་དང་ཤིང་ཧྲ་ཁྲོམ་གཞུང་སུང་ཡཱ་སྡེ་ཁུལ་དུ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་འཁྲབ་སྟོན་བྱས་པའི་སློབ་གྲྭའི་གཏམ་བརྗོད་ཟློས་གར《མེས་རྒྱལ་གྱི་སྔོ་བསངས་ནམ་མཁའ》ཞེས་པ་ཐོག་མར་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་པ་40ཙམ་ཚང་མ་སློབ་མ་ཤ་སྟག་ཡིན་པ་དང་། སློབ་གྲྭ་དེས“རྒྱལ་ཡོངས་སློབ་ཆེན་གྱི་ཧོང་ཏཱ་ཉན་ལྟ་བུའི་དགེ་རྒན་ཚོགས་པ”དང་རང་བརྟེན་མཚོ་གཏིང་མཚོ་ཆས་ཚོགས་པའི་གཏམ་རྒྱུད་ནང་དོན་དུ་བྱས་ནས་ཚན་ཞིབ་ལ་བརྟེན་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་གཞོན་ནུ་སློབ་མ་ཚོར་བརྒྱུད་སྤྲོད་བྱས་པ་རེད།

ཧོ་པེ་ཞིང་ཆེན་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་། སློབ་གྲྭ ཁེ་ལས་བཅས་ཀྱི་སྡེ་ཚོགས་རྩ་འཛུགས་ཀྱིས་ཚོགས་མི་གསར་པ་སྡེ་ཚོགས་ལ་ཞུགས་པའི་མཛད་སྒོ་དང་། “ངས་ཏང་དར་དང་། ཚོགས་དར། ཚོགས་རྟགས་བཅས་དང་མཉམ་དུ་པར་རྒྱག་པ” ཕུལ་བྱུང་གཞོན་ནུ་སློབ་མའི་རིག་གནས་ཡུལ་སྐོར། ཕུལ་བྱུང་གཞོན་ནུའི་བཞུགས་མོལ་ཚོགས་འདུ། གཏམ་བཤད་འགྲན་བསྡུར་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་གྱི་སློབ་མ་ཁྲི་1.7ཙམ་གྱིས་གཅིག་གྱུར་དང་། ཚད་ལྡན། ཚད་གཞི་བཅས་ཀྱི་སྒོ་ནས་སྡེ་ཚོགས་ལ་ཞུགས་པའི་མཛད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་སྡེ་ཚོགས་ལ་དངོས་སུ་ཞུགས་ཏེ། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་གུང་གཞོན་སྡེ་ཚོགས་ཚོགས་མིའི་སྔོན་ཐོན་རང་བཞིན་དང་། གཟི་བརྗིད་ཀྱི་བསམ་པ། རྩ་འཛུགས་ཀྱི་གཏོགས་ཁོངས་བསམ་པ་བཅས་ཆེ་རུ་འགྲོ་བ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1