༄༅།།འཛམ་གླིང་དཔེ་ཀློག་གི་ཉིན་མོར་ཕུལ་བའི་སྙན་ཚིག་ཚངས་སྲས་དགྱེས་པའི་རྒྱུད་མང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


༄༅།།འཛམ་གླིང་དཔེ་ཀློག་གི་ཉིན་མོ།

རིག་པའི་རྒྱལ་པོ་ཤེས་རབ་རང་བྱུང་གིས། །

གསལ་བའི་སྒྲོན་མེ་རིག་པའི་བང་མཛོད་དུ། །

ཤེས་བྱ་མ་ལུས་མཁྱེན་པའི་ལྡེའུ་མིག་ཞིག །

དེང་འདིར་ལག་ཏུ་སོན་པར་ཅིས་མི་སྤྲོ། །

 

རྣམ་དཔྱོད་ཕྱོགས་ལྷུང་བྲལ་བའི་འོད་སྟོང་གཟིས། །

ངོ་མཚར་ལེགས་བཤད་རྒྱ་མཚོ་འཁྱིལ་བའི་ཀློང་། །

ཐོས་བརྩོན་ཀུན་དགའི་གྲུ་ལ་རྟག་ཞུགས་ནས། །

ཡོན་ཏན་ཡིད་བཞིན་ནོར་བུའི་རྒྱན་དུ་སྤུད། །

 

ཀུན་རྨོངས་མ་རིག་ཐེ་ཚོམ་དྲ་བའི་རྒྱ། །

རྣམ་དཔྱོད་རིག་པའི་འོད་རླབས་སྤྲོས་པ་ཡིས། །

གཏི་མུག་མུན་པ་དབྱིངས་སུ་གསལ་དང་ལྷན།།

མཁྱེན་རབ་ཉིན་མོའི་འོད་ཀྱིས་སྣང་བ་སྦྱིན། །

 

ཐབས་ཤེས་ཞབས་ཟུང་གཡོ་བའི་འདེགས་འགྱོགས་སུ། །

རིག་པའི་ནོར་གྱི་དགའ་བའི་ཚལ་ཞུགས་ནས། །

ལུང་རིགས་འཛུམ་དཀར་འཕྲོ་བའི་བསུང་ངད་ལ། །

རིག་པའི་འཕྲུལ་གྱིས་དྲི་བཞོན་ཅི་ཡང་སྤྲོ།།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1