འབྲུ་མཛོད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ནས་ཚན་རིག་ལྟར་གྱོང་གུན་ཉུང་དུ་བཏང་བ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-15


        རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནོར་རྫས་གསོག་འཇོག་བདེ་འཇགས་འཐབ་ཇུས་དོན་འཁྱོལ་སྒོས།  ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གཉིས་མཐུན་སྦྱོར་གྱིས་འཕེལ་བར་སྐུལ་འདེད་བཏང་སྟེ།  ཚན་རྩལ་གསར་གཏོད་ཀྱིས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ནས།  ཚན་རྩལ་གསར་གཏོད་རིག་གནས་ཀྱི་རྣམ་པ་བསྐྲུན་ཆེད།  ཉེ་ཆར་མཛོད་དགེ་རྫོང་འབྲུ་རིགས་དང་ནོར་རྫས་གསོག་འཇོག་ལྟེ་གནས་ཀྱིས་རང་རེའི་རྫོང་གི2023ལོའི་འབྲུ་རིགས་དང་ནོར་རྫས་གསོག་འཇོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི། བང་མཛོད་བདེ་འཇགས་ཡིན་ལ་ཚན་རིག་ལྟར་གྱོང་གུན་ཉུང་དུ་གཏོང་རྒྱུ་དེ་ཡིན།

        ཐེངས་འདིའི་བྱེད་སྒོར་བསྡོམས་པའི་སྒྲོག་ཤོག270ལྷག་བཀྲམ་པ་དང་། གཙོ་བོ་རྒྱ་ཆེའི་མང་ཚོགས་ལ་འབྲུ་རིགས་གྲོན་ཆུང་བྱེད་ཐབས་དང་དེའི་དོན་སྙིང་།  ཚན་རིག་ལྟར་འབྲུ་གསོག་བྱེད་ཐབས།  འབྲུ་སྣུམ་ངོ་མ་ངོས་འཛིན་སོགས་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་འཇོག་དང་གྱོང་གུན་ཉུང་དུ་གཏོང་ཐབས་དྲིལ་སྒྲོག་བྱས་པར་མ་ཟད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་སྔོན་ཐོན་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་ཆུད་ཟོས་ལ་རྒོལ་བའི་བཅའ་ཁྲིམས》《སི་ཁྲོན་ཞིང་ཆེན་འབྲུ་རིགས་བདེ་འཇགས་འགན་ལེན་སྲོལ་ཡིག》《སི་ཁྲོན་ཞིང་ཆེན་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚན་རིག་ལག་རྩལ་ཁྱབ་གདལ་དང་དར་སྤེལ་འཆར་འགོད(2021-2025ལོའི་བར)》《སི་ཁྲོན་ཞིང་ཆེན་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཞིང་ལས་དང་ཞིང་གྲོང་གི་ཚན་རྩལ་གསར་གཏོད་ཆེད་དོན་འཆར་འགོད》བཅས་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ།  ལས་བྱེད་མང་ཚོགས་ཀྱིས་འབྲུ་རིགས་དང་ནོར་རྫས་གསོག་འཇོག་ཚན་རྩལ་འཆར་འགོད་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་སྒོས།  ཚན་རྩལ་གྱིས་འདེགས་སྐྱོར་གནང་བར་རམ་འདེགས་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་པ་དང་།  གྲོང་གསེབ་ཡོངས་ཁྱབ་ནས་དར་སྤེལ་གཏོང་བ་བཅས་ལ་སྐུལ་སློང་གནང་།

        ཐེངས་འདིའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་སྔར་ལས་འབྲུ་རིགས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དང་གྲོན་ཆུང་ལག་བསྟར་གྱི་དགོས་ངེས་རང་བཞིན་རྟོགས་སུ་བཅུག་སྟེ།  དམངས་ཡོངས་ཀྱིས་ཚན་རིག་ལྟར་བཟའ་བཏུང་ལ་རོལ་ཞིང་བདེ་ཐང་ངང་འཛད་སྤྱོད་བྱེད་པ།  འབྲུ་གཅེས་གྲོན་ཆུང་བཅས་ཀྱི་འདུ་ཤེས་ཇེ་ཆེར་བཏང་བ་དང་སྦྲགས།  འབྲུ་རིགས་གསོག་འཇོག་དང་ལས་སྣོན་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་གང་ལེགས་བསྐྲུན་ཏེ།  རོང་འབྲོག་མང་ཚོགས་ཀྱིས་འབྲུ་སྣུམ་དང་གཙོ་ཟས་འཚོ་བཅུད་བདེ་ཐང་།  ཚན་རིག་དང་མཐུན་པའི་འཛད་སྤྱོད་ལྟ་བ་བཅས་བསྐྲུན་པར་ཁྲིད་སྟོན་སྒོས།  ཚན་རྩལ་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནོར་རྫས་གསོག་འཇོག་བདེ་འཇགས་ཁྲོད་ཕན་ནུས་གལ་ཆེན་ལེགས་པར་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1