ཁྲེན་ཏུའུ་ནི་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་བྱས་པའི་འཕར་ཚད་ཆེས་མགྱོགས་པའི་རིམ་བསྒྲིགས་པང་ལས་ཨང་གཉིས་པ་རུ་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03


           ཉེ་ཆར། གསར་དུ་ཐོན་པའི་ཝན་ཧྲི་ཏ་ཁཱ་འཛམ་གླིང་ཡུལ་སྐོར་ས་གནས་ཀྱི་ཨང་རིམ་ལས་མངོན་པ་ལྟར་ན། 2009ལོ་ནས་2015ལོའི་བར། ཀྲུང་གོའི་ཁྲེན་ཏུའུ་དང་། ཞི་ཨན། ཐའེ་པེ་བཅས་གྲོང་ཁྱེར་གསུམ་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་ཆེས་ཆེར་འཕར་ནས། གྲོང་ཁྱེར་འདི་གསུམ་སོ་སོ་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་བྱས་པའི་འཕར་ཚད་ཆེས་མགྱོགས་པའི་རིམ་བསྒྲིགས་པང་ལས་ཨང་གཉིས་པ་དང་ཨང་དྲུག་པ། ཨང་བདུན་པ་བཅས་སུ་གྱུར་ཡོད་པ་རེད། དེ་ལས་ཁྲེན་ཏུའུ་ནི་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་བྱས་པའི་འཕར་ཚད་ཆེས་མགྱོགས་པའི་རིམ་བསྒྲིགས་པང་ལས་ཨང་གཉིས་པ་རུ་གྱུར་པའི་ཐད་ནས། ཁྲེན་ཏུའུ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གསར་འགོད་པར། འདི་ནི་ཉེ་བའི་ལོ་འདི་འགའི་རིང་གི་ཁྲེན་ཏུའུ་ལྟེ་བ་བྱས་པའི་འཛམ་གླིང་ཡུལ་སྐོར་ས་གནས་འཛུགས་པའི་རེ་འདུན་དང་འབྲལ་ཐབས་མེད་པ་ཞིག་རེད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1