ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ཡོང་འབབ་ཆེས་མཐོ་བ་ནི་ཧྲན་ཏུང་ཞིང་ཆེན་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


  

  མི་དམངས་དྲ་བས་སྤྱི་ཟླ་10པའི་ཚེས་8ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། གསར་འགོད་པའི་2015ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་རྒྱལ་ཡོངས་ཡུལ་སྐོར་ལྗོངས་རྒྱུའི་ཡོངས་འབབ་སྤྱི་བསྡོམས་བྱས་པ་ལྟར་ན། མིག་སྔར་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་དང་ཁུལ་15ལས་ཧྲན་ཏུང་ཞིང་ཆེན་གྱི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་སྤྱིའི་ཡོང་འབབ་དམངས་སྒོར་སྟོང་ཕྱུར་392.1སླེབས་ཤིང་ད་ལོའི་ཡུལ་སྐོར་ཡོང་འབབ་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར། རྒྱལ་སྟོན་སྐབས་སི་ཁྲོན་ཞིང་ཆེན་གྱིས་ཡུལ་སྐོར་བ་ཁྲི་5349.76སྣེ་ལེན་བྱས་པས་རྒྱལ་ཡོངས་ཀྱི་ལྗོངས་རྒྱུ་བ་སྣེ་ལེན་བྱས་པ་ཆེས་མང་བའི་ཞིང་ཆེན་དུ་གྱུར། རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་རྒྱལ་སྟོན་སྐབས་ཧྲན་ཏུང་དང་སི་ཁྲོན། ཧོ་ནན། ཧྲན་ཞི། ཧྲན་ཤིས་དང་ཧུའུ་ནན་བཅས་ཞིང་ཆེན་དྲུག་གི་ཡོང་འབབ་དམངས་སྒོར་སྟོང་ཕྱུར་200བརྒལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1