ཞི་ཅིན་ཕིང་གི་མཉེན་ཕྲན་ལ་གཟིགས་སྐོར་ཕྱིན་པའི་འཚམས་འདྲི་ཞུ་ལན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


      སྤྱི་ཟླ་9པའི་ཚེས་23ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་ཞིན་ཧྭ་རྒྱལ་སྤྱིའི་མཁོ་སྤྲོད་འཇུག་སྒོ་ལས་གསར་བསྒྲགས་བྱས་པ་ལྟར་ན། ཟླ་9པའི་ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་མཉེན་ཕྲན་ལས་ཁུངས་ཀྱི་སྤྱིའི་བཀོད་འདོམས་པུའུ་ལ་གཟིགས་སྐོར་དུ་ཕྱིན་ཞིང་། མཉེན་ཕྲན་ལས་ཁུངས་ཀྱི་དབུ་བཞུགས་ལག་བསྟར་པ་ནཱ་ཏའེ་ལཱ་དང་། གསར་འབྱེད་པ་ཀའེ་ཚུ་བཟའ་ཟླ་གཉིས་པོ། ལས་འཛིན་པ་ཐང་ཕུའུ་སེན་བཅས་ཀྱིས་ཕེབས་བསུ་ཆེན་པོ་ཞུས་པ་དང་། ལས་ཁུངས་ཀྱི་ལས་མི་འཐུས་ཚབ་རུ་ཁག་གིས་དགའ་བསུ་བྱས། 

      ཞི་ཅིན་ཕིང་གིས་བསྟན་དོན། མཉེན་ཕྲན་ལས་ཁུངས་1995ལོར་ཀྲུང་གོ་རུ་དངོས་སུ་བཙུགས་པ་ནས་བཟུང་། ཀྲུང་གོའི་ལས་སྒོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། ཀྲུང་གོའི་ཆ་འཕྲིན་ལག་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་སྐུལ་འདེད་བྱས་ཡོད། མཉེན་ཕྲན་ལས་ཁུངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གཟིགས་སྐོར་ཕེབས་པར་གྲ་སྒྲིག་རྒྱ་ཆེར་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་གང་མང་འདུས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1