ཞི་ཅིན་ཕིང་གིས་ཁ་པར་བཏང་སྟེ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


  སྤྱི་ཟླ་10པའི་ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཁྲེན་ཨིན་ལ་ཁ་པར་བཏང་སྟེ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུས། 

  ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་སྐབས་འདིར། ངས་ཀྲུང་གུང་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ང་སྒེར་གྱིས་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་དེ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་དང་ཏང་ཡོན་ཡོངས། དེ་མིན་བྱང་ཁོ་རེ་ཡའི་མི་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན་ཞེས་བསྟན།

  ཞི་ཅིན་ཕིང་གིས་བྱང་ཁོ་རེའི་ཡའི་རླབས་ཆེ་བའི་ཀྲུའུ་ཞི་ཅིན་རི་ཁྲེན་དང་ཧྲུའུ་ཅི་ཅིན་ཁྲེན་ཨན་གཉིས་ཀྱིས་དབུ་ཁྲིད་འོག་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་མི་དམངས་སྣེ་ཁྲིད་དེ་དཀའ་སྡུག་ལས་རྣམ་པར་རྒྱལ་ཞིང་རྒྱལ་ཁབ་རང་བཙན་དང་མི་དམངས་བཅིང་འགྲོལ་བཏང་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཉེ་བའི་ལོ་འགའི་རིང་། ཧྲུའུ་ཅི་ཅིན་ཁྲེན་ཨན་གྱིས་ཅིན་རི་ཁྲེན་ཀྲུའུ་ཞི་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རི་ཡི་ཕུགས་བསམ་རྒྱུན་འཛིན་བྱས་ཏེ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དང་མི་དམངས་ལ་སྣེ་ཁྲིད་མཛད་དེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་བཅོས་བསྒྱུར་སོགས་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། བྱང་ཁོ་རེ་ཡིའི་མི་དམངས་ཀྱིས་ཅིན་ཀྲིན་ཨན་ཧྲུའུ་ཅི་ཡིན་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་དབུ་ཁྲིད་འོག་བྱང་ཁོ་རེ་ཡའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུ་ཞེས་བསྟན།

  ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡ་དང་ཀྲུང་གོ་ནི་སྲོལ་རྒྱུན་གྱི་མཛའ་འབྲེལ་ཟབ་མོ་ཆགས་ཡོད་ལ། ང་ཚོས་བྱང་ཁོ་རེ་ཡ་དང་ལྷན་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འགན་སྲུང་དང་གཏན་འཇགས། འཕེལ་རྒྱས་སུ་བཏང་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ངེས། དེ་མིན་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཅེས་བསྟན།

  ཞི་ཅིན་ཕིང་གིས་མཇུག་མཐར་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བ་དང་། བྱང་ཁོ་རེ་ཡའི་དམངས་གཙོ་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་འབྲེལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་བའི་སྨོན་འདུན་ཞུས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1