ཀྲང་ཏེ་ཅང་གིས་ཞང་ཀང་གི་སྒྲིག་ཁྲིམས་དམག་དཔུང་རིག་གནས་བརྗེ་རེས་ཚོགས་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚེས་9ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བདེ་སྲུང་ཅུས་ཀྱི་ཅུས་ཀྲང་ལི་གདོང་གོ་ཡིས་སྣེ་ཁྲིད་གནང་བའི་ཞང་ཀང་གི་སྒྲིག་ཁྲིམས་དམག་དཔུང་རིག་གནས་བརྗེ་རེས་ཚོགས་པའི་ཁོངས་མི་ཡོངས་དང་མཇལ་འཕྲད་གནང་། 

    ཀྲང་ཏེ་ཅང་གིས་ནན་ཏན་ངང་རིག་གནས་བརྗེ་རེས་ཚོགས་པའི་ཁོངས་མི་ཁག་གིས་ཞང་ཀང་སྐོར་གྱི་སྒྲིག་ཁྲིམས་དམག་དཔུང་དང་ལས་ཀའི་གནས་ཚུལ་འབྲེལ་ངོ་སྤྲོད་བྱས་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་སྤུན་ཟླ་ཞང་ཀང་པ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་གི་ཕུགས་འདུན་རེད། སྒྲིག་ཁྲིམས་དམག་དཔུང་རིག་གནས་བརྗེ་རེས་ཚོགས་པས་ཕུགས་འདུན་དོན་གཉེར་བྱས་ཏེ་འབྱུང་འགྱུར་གཏོད་ཞེས་པ་བརྗོད་བྱ་གཙོ་བོ་བྱེད་དེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་སྔར་བས་ཆེ་ཟབ་ཏུ་འགྲོ་རྒྱུ་རེད། དར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ་ནི་རྩ་བ་ཡིན་ལ་ཁྲིམས་སྐྱོང་བརྟན་བརླིང་ནི་རྨང་རྡོ་ལྟ་བུ་ཡིན། ཤང་ཀང་གིས་སྒྲིག་ཁྲིམས་དམག་དཔུང་གིས་མུ་མཐུད་དུ་རང་འགན་ལྷུར་ལེན་དང་འགན་འཁྲི་ཁུར་ཕོད་པ།ཁྲིམས་ནན་མོ་ལག་ཏུ་ུབསྟར་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་བློ་ཐག་རྦད་བཅད་ཀྱིས་རྒྱབ་སྐྱོར་བྱེད་མཁན་དང་ཞང་ཀང་གི་ཁྲིམས་སྲིད་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས་ཞང་ཀང་གི་ཡུན་རིང་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདག་དབང། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བྱས་རྗེས་གསར་པ་འཇོག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1