2020ལོར་སླེབས་སྐབས། སི་ཁྲོན་གྱི་ས་ཁུལ་ཆེན་པོ་4རུ་ཕལ་ཆེར་སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་གསོ་ཁྱབ་གདལ་གཏང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


    ལོ་5ཡི་རྗེས་སུ། ཆིན་པ་རི་ཁུལ་དང་ཝུའུ་མེང་རི་ཁུལ། ལའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ། མདོ་དབུས་མཐོ་སྒང་གི་བོད་རིགས་ས་ཁུལ་ཏེ་ས་ཁུལ་ཆེན་པོ་བཞིའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་ཆུ་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་རྒྱུ་རེད། ཉེ་ཆར་པར་འགྲེམས་བྱས་པའི་《སི་ཁྲོན་ཞིང་ཆེན་སློབ་གསོ་དང་ལས་ཞུགས་དབུལ་སྐྱོར་གྱི་ཆེད་དམིགས་ཇུས་གཞི།》ནང་དུ་བཏོན་རྒྱུར། 2020ལོར་སླེབས་སྐབས། སི་ཁྲོན་གྱི་ས་ཁུལ་ཆེན་པོ་4རུ་ཕལ་ཆེར་སློབ་ཞུགས་གོང་གི་ལོ་གསུམ་སློབ་གསོ་ཁྱབ་གདལ་དུ་གཏང་བ་དང་། ཡུལ་ཤོག་ཚང་མར་ཚད་གཞི་ཅན་གྱི་ལྟེ་བའི་སློབ་གྲྭ་ཡོད་ཅིང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་ཚད་90%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་རེད།
    2015ལོ་ནས་2020ལོར། རང་ཞིང་གིས་སློབ་གསོ་དང་ལས་ཞུགས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་56.97གྲབས་གསོག་བྱ་ནས། རྨང་གཞིའི་སློབ་གསོ་སྲ་བརྟན་གོང་མཐོར་གྱི་འཆར་གཞི་དང་། ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་འཆར་གཞི། མི་རིགས་ས་ཁུལ་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་འཆར་གཞི། གྲོང་གསེབ་ཀྱི་དགེ་རྒན་གྱི་ཆེད་དོན་རོགས་སྐྱོར་འཆར་གཞི། བོད་རིགས་ས་ཁུལ་གྱི་ལོ་10ཡི་ནང་མི་སྟོང་གི་སློབ་སྐྱོར་འཆར་གཞི་སོགས་ཆེད་དོན་འཆར་གཞི་ཆེན་པོ་ལྔ་ལག་བསྟར་བྱས་ནས། དབུལ་ཕོངས་ས་ཁུལ་གྱི་སློབ་གསོ་དང་ལས་ཞུགས་ཀྱི་ཞན་ཆ་དེ་ཐག་གཅོད་བྱ་རྒྱུ་རེད།
   《ཆེད་དམིགས་ཇུས་གཞི།》ལྟར་ན། 2016ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་བཟུང་། ཕྱོགས་ཡོངས་ནས་མི་རིགས་རང་སྐྱོང་ཁུལ་དང་མི་རིགས་རང་སྐྱོང་རྫོང་སྟེ་བསྡོམས་པའི་རྫོང་51གི་གཞུང་གཉེར་བྱིས་པ་བུ་བཅོལ་ཁང་གི་འཕྲོད་སྦྱོར་སློབ་གསོའི་གྲོན་དངུལ་དང་གཞུང་གཉེར་སྤྱིར་བཏང་གི་མཐོ་རིམ་སློབ་འབྲིང་ལོ་3བཅས་ཀྱི་སློབ་ཡོན་མི་དགོས་པར་བྱ་རྒྱུ་ཡིན་པར་མ་ཟད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ཚང་མར་རིན་མི་དགོས་པར་སློབ་དེབ་འདོན་སྤྲོད་བྱ་རྒྱུ་ཡིན་པ་དང་། གྲོང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་སྒྲིག་ལེགས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དགོས་ངེས་ཀྱི་གྲོང་སྡེ་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་སོར་འཇོག་དང་ཡག་པོ་སྒྲུབ་དགོས། དབུལ་ཕོངས་ས་ཁུལ་གྱི་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་ལེགས་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ནས། 2017ལོར་སླེབས་སྐབས་དབུལ་ཕོངས་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་ཞུགས་ཚད་80%དུ་ཟིན་དགོས།
    དབུལ་ཕོངས་ས་ཁུལ་གྱི་ཞིང་པ་ལས་བཟོ་པའི་ལས་གནས་ཀྱི་ནུས་རྩལ་མཐོར་འདེགས་གཏོང་བའི་འཆར་གཞི་ལག་བསྟར་བྱ་དགོས། 2016 ལོ་ནས་བཟུང་། ངལ་ནུས་གྲགས་རྟགས་ཀྱི་གསོ་སྦྱོང་བྱེད་རྒྱུའི་མ་དངུལ་ཁ་གསབ་མི་གྲངས་དང་གཟིགས་སྐྱོང་ཁ་གསབ་ཚད་གཞི་དབུལ་ཕོངས་ས་ཁུལ་ལ་ཕྱོགས་དགོས། ལའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་དང་མཐོ་སྒང་བོད་རིགས་ས་ཁུལ་དུ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ་དང་གྲོང་སྡེའི་ལས་ཞུགས་གཞན་སྒྱུར་བྱས་པའི་ངལ་རྩོལ་པ། སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མུ་མཐུད་སློབ་འཕར་བྱས་མེད་པའི་ལོ་དེ་གའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཡིན་ན། ལོ་རེར་ཉུང་མཐར་ཡང་མི་2000རྩ་འཛུགས་བྱས་ནས་ལས་གཏོད་གསོ་སྦྱོང་དང་ལས་རིགས་རྩལ་ནུས+ལས་གཏོད་ཀྱི་གསོ་སྐྱོང་སྦྱོང་བརྡར་ཞུགས་དགོས།
   གྲོང་སྡེའི་དགེ་རྒན་གྱི་ཁ་གསབ་ཐབས་ལམ་རྒྱ་སྐྱེད་གཏོང་བའི་ཐད། རང་རེའི་ཞིང་ཆེན་གྱི་རིན་མི་དགོས་པའི་དགེ་འོས་སློབ་མ་གསོ་སྐྱོང་འཆར་གཞིའི་གཞི་ཁྱོན་རྒྱ་སྐྱེད་གཏོང་དགོས། མིག་སྔའི་ལོ་ལྟར་2000ནས3000བར་ཇེ་མང་དུ་གཏང་རྒྱུ་དང་། ས་ཁུལ་ཆེ་གྲས་བཞི་གཙོ་གནད་དུ་བཟུང་ནས་ས་གནས་ཅན་གྱི་གསོ་སྐྱོང་ལ་ངེས་པ་དོན་གྱིས་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་གཅིག་མཁས་མང་འཇོན་གྱི་གྲོང་གསེབ་དགེ་རྒན་གསོ་སྐྱོང་བྱ་དགོས། ས་ཁུལ་ཆེ་གྲས་བཞིའི་གྲོང་སྡེའི་སློབ་གྲྭ་ཆུང་འབྲིང་གིས་ཐད་ཀར་དངོས་གཞིའམ་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགོས་མཁོ་ཆེ་ལ་དཀོན་པའི་ཆེད་ལས་མི་སྣ་བསྡུ་བའི་ལམ་ལུགས་འཛུགས་དགོས།
    བོད་རིགས་ས་ཁུལ་དུ་སློབ་གསོ་རོགས་སྐྱོར་ཐད། 2016 ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་། ནང་སའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་སའི་རྫོང་(གྲོང་ཁྱེར་དང་ཆུས)དུ། རྫོང་རེར་ལོ་3ཡན་གྱི་སློབ་ཁྲིད་ལག་ལེན་དངོས་ཀྱི་ཉམས་མྱོང་ལྡན་པའི་དགེ་རྒན་ཕུལ་བྱུང་ཅན་བདམས་མངག་བྱས་ནས་བོད་རིགས་ས་ཁུལ་གྱི་སློབ་གྲྭར་དགེ་རྒན་བྱེད་པར་ཕྱིན་དགོས། བོད་རིགས་ས་ཁུལ་གྱི་རྫོང་རེ་རེ་ནས་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་དོ་དམ་ལས་བྱེད་མི་སྣ་བདམས་ཏེ་ནང་སའི་ཁ་གཏད་རོགས་སྐྱོར་གྱི་སློབ་གྲྭར་སོང་ནས་གནས་སྦྱར་སྦྱོང་བརྡར་དུ་གཏང་རྒྱུ། རྫོང་རེ་རེ་ནས་འཐབ་ཕྱོགས་དང་པོའི་དགེ་རྒན་བདམས་མངག་བྱས་ནས་སློབ་གྲྭའི་ནང་སའི་ཁ་གཏད་རོགས་སྐྱོར་གྱི་སློབ་གྲྭ་སོང་ནས་མཉམ་ཞུགས་སློབ་སྦྱོང་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1