མཁས་དབང་ནམ་མཁའ་ནོར་བུས་པེ་ཅིང་སློབ་ཆེན་དུ་འཆད་འཁྲིད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


 མཁས་དབང་ནམ་མཁའ་ནོར་བུས་པེ་ཅིང་སློབ་ཆེན་དུ་འཆད་འཁྲིད་གནང་བ།

 ཡུལ་དངོས་ཀྱི་རྣམ་པ།

  སྤྱི་ཟླ10བའི་ཚེས9ཉིན་གྱི་ཕྱི་དྲོར། རྫོགས་པ་ཆེན་མོའི་སློབ་སྟོན་མཁན་ནམ་དབྱི་ཐ་ལའི་ནཱ་པེ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ནམ་མཁའ་ནོར་བུ་མཆོག་གིས་པེ་ཅིང་སློབ་ཆེན་དུ་ཨ་ཏེ་རྣལ་འབྱོར་གྱི་ལུས་ངག་ཡིད་གསུམ་སྒོམ་ཐབས་སྐོར(阿底瑜伽--身语意放松之道)ནས་འཆད་འཁྲིད་གནང་ཞིང་། པེ་ཅིང་སློབ་ཆེན་གྱི་དགེ་སློབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ། གཞན་པེ་ཅིང་དུ་ལས་གཉེར་བྱེད་པའི་བོད་རིགས་དང་རྒྱ་རིགས་སོགས་ལས་རིགས་སོ་སོའི་མི200ལྷག་གིས་ཐེངས་འདིའི་འཆད་ཁྲིད་ལ་གསན་པ་རེད།

  མཁས་དབང་ནམ་མཁའ་ནོར་བུ་མཆོག་གིས་ཨ་ཏེ་རྣལ་འབྱོར་སྐོར་གསུངས་རྗེས། ཚོགས་ཞུགས་དགེ་སློབ་དག་གིས་འབྲེལ་ཡོད་དྲི་བ་བཏོན་པ་ལ་ཞིབ་ཕྲའི་ལན་གསལ་བོ་བཏབ་སྟེ་དགེ་སློབ་དག་གི་བློ་ཁ་ཚིམ་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1