སྤྱི་ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ཐེངས་བཞི་བཅུ་པའི་གཟའ་འཁོར་ཟུང་གི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། ཐབས་འདོན་ཇུས་འདོན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲེན་ཅི་ཕིང་དང་། ལི་ཅཱ། ཝང་ཁྲང་ཅང་། ཀན་ལིན། ལིའུ་ཞིན་ཝུན། ཝང་པིན་ཁྲེང་། ཀྲུའུ་ཀྲན་ཞིན། ཀྲུའུ་ཞའོ་ཆིང་། ལིའུ་མུ་རེན་སོགས་དང་ཆེད་རམས་པ་དབྱིན་སུང་ཉེན། ཤུང་ཝེན་ཀྲའོ་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལུ་ཀྲན་གུང་། ཁྲེན་ཞའོ་ཀོང་ཚོགས་འདུར་ཞུགས།།