ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


        སྤྱི་ཟླ་10པའི་ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཚོགས་འདུ་ལ་གཙོ་སྐྱོང་གནང་སྟེ། འགྲོ་གྲོན་གྱི་བསྡོམས་རྩིས་འཕྲི་འཐེན་བྱེད་པའི་སྲིད་ཇུས་འཐུས་ཚང་དང་ཞིབ་འཇུག་གསར་སྤེལ་བྱས་ཏེ། ཁེ་ལས་ཞིབ་འཇུག་གསར་སྤེལ་གྱི་ནུས་ཤུགས་ལ་སྐུལ་འདེད་གཏང་རྒྱུར་གཏན་ལ་ཕབ་པ་དང་། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་རང་རྟེན་གསར་གཏོད་ཀྱིི་དཔེ་སྟོན་ཁུལ་གྱི་ཐོབ་ཁྲལ་ཁག་གཅིག་གི་ཚོད་ལྟ་བྱེད་སའི་སྲིད་ཇུས་ཁྱབ་གདལ་བྱེད་པ་ཐག་བཅད་དེ། གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་བྱས་ནས་ལས་ལམ་གསར་འབྱེད་གསར་གཏོད་ལ་རོགས་བྱས་པ། 《གནས་སྡོད་དཔང་ཡིག་གནས་སྐབས་ལག་བསྟར་སྲོལ་ཡིག(འཆར་ཟིན)》བརྒྱུད་ནས། ཁྲིམས་སྐྱོང་གིས་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྐུལ་འདེད་བྱེད་པ་དང་། ཧྲང་ཧའེ་ཡི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་དངུལ་རྩ་བཅོས་བསྒྱུར་གྱི་ཚོད་ལྟ་བྱེད་ས་སྔར་བས་གཏིང་ཟབ་ཏུ་བཏང་ནས་དངོས་གཞིའི་དཔལ་འབྱོར་གྱི་ཉམས་མྱོང་གསོག་པར་ཞབས་ཞུ་བསྒྲུབས་པ་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1