ཞི་ཅིན་ཕིང་གིས་དབྱིན་ཇིའི་བཟོ་པའི་ཏང་གི་འགན་འཛིན་པ་ཁར་ཕེན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


ཞི་ཅིན་ཕིང་གིས་དབྱིན་ཇིའི་བཟོ་པའི་ཏང་གི་འགན་འཛིན་པ་ཁར་ཕེན་དང་མཇལ་འཕྲད་གནང་།

  སྤྱི་ཟླ་10པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཧན་ཕོ་བྲང་དུ་དབྱིན་ཇིའི་བཟོ་བའི་ཏང་གི་གཙོ་འཛིན་ཁར་ཕེན་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཀྲུང་དབྱིན་བར་འབྲེལ་བ་བཙུགས་ནས་ལོ་ངོ་40འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་གཏན་འཇགས་སུ་འགྲོ་བཞིན་འདུག གནས་བབ་གསར་བའི་འོག ཀྲུང་དབྱིན་གཉིས་ཀྱིས་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་། གཏན་འཇགས། དར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་ནུས་ཆེན་པོ་འདོན་ཐུབ། དཔལ་འབྱོར་མཉམ་ལས་ནི་ཀྲུང་དབྱིན་འབྲེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན།  ཀྲུང་གོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་ལ་འབེབ་བཞིན་ཡོད་ལ། དེས་ཀྲུང་གོའི་འཕེལ་རྒྱས་དེ་ཀྲུང་དབྱིན་བར་གྱི་མཉམ་ལས་ཁེ་ཕན་ལ་སྔར་ལས་ལྷག་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཐུབ་པ་རེད་ཅེས་བསྟན།

ཞི་ཅིན་ཕིང་གིས་དབྱིན་ཇིའི་བཟོ་པའི་ཏང་གི་འགན་འཛིན་པ་ཁར་ཕེན་དང་མཇལ་འཕྲད་གནང་།

  ཁེ་ཕེན་གྱིས་བཟོ་པའི་ཏང་གི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་དབྱིན་ཇིར་འཚམས་འདྲིར་ཕེབས་བར་དགའ་བསུ་ཞུས། བཟོ་བའི་ཏང་དང་ཀྲུང་གོའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་བ་རེད། ཀྲུང་གོས་མི་དུང་ཕྱུར་དྲུག་དབུལ་ཕོངས་ལས་ཐར་དུ་བཅུག་པས་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོས་བསྟོད་པ་བྱེད་འོས། དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་དང་། རིག་གནས་བརྗེ་རེས་ཐད་ཀྱི་འབྲེལ་བ་ཧ་ཅང་ཟབ་པ་དང་། དབྱིན་ཇིའི་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་གཟེངས་བསྟོད་བྱེད་བཞིན་ཡོད། འདིས་འབྲེལ་ཡོད་ས་ཁུལ་དང་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དང་། བཟོ་བའི་ཏང་གིས་དབྱིན་ཀྲུང་གཉིས་ཀྱི་རྒྱལ་སྤྱིའི་ས་ཁུལ་གྱི་ལས་ཀའི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པར་མོས་མཐུན་ཡོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1