ལི་ཁེ་ཆང་གིས་ཨ་རིའི་IBMལས་འཛིན་པ་ལོའོ་རུའུ་ལན་དང་མཇད་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-24


 

  སྤྱི་ཟླ་10པའི་ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེའེ་ཙེ་ཀོང་ཀི་ནས་ཨ་རིའི་རྒྱལ་སྤྱིའི་ཚོང་བཀོལ་འཕྲུལ་ཆས་སྤྱི་གཉེར་ཁང(IBM)གི་ལས་འཛིན་ལོའོ་རུའུ་ལན་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་སྒོ་འབྱེད་དང་མཉམ་འབྲེལ་ནི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བར་གྲུབ། ཀྲུང་གོའི་མིག་སྔར་རིམ་པ་གསར་བའི་ཆུ་ཚད་མཐོ་བའི་ཕྱི་ཡོངས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། དེའི་དམིགས་ཡུལ་ནི་ཀྲུང་གོའི་རྒྱལ་ཕྱིའི་ཁེ་ལས་ལ་ཁེ་ཕན་མཉམ་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་འདོད་པ་ཡིན། ཀྲུང་གོ་སྲིད་གཞུང་གི་རྒྱལ་ཕྱིའི་ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་འབྱེད་ཀྱི་རྣམ་པའི་ཀྲུང་གོར་མཉམ་འབྲེལ་བྱེད་པར་རྒྱབ་སྐྱོར་བྱ་ངེས། ཀྲུང་གོའི་རྒྱལ་ཕྱིའི་ཁེ་ལས་ཀྱི་སྒོ་འབྱེད་ཀྱི་གོ་རིམ་ཁྲོད་མཉམ་འབྲེལ་བྱེད་པ་དང་མཉམ་འབྲེལ་གྱི་གོ་རིམ་ཁྲོད་ཁེ་ཕན་མཉམ་སྤྱོད་བྱེད་པ། ཀྲུང་གོའི་དཔལ་འབྱོར་དང་ལྷན་དུ་འཕེལ་རྒྱས་སུ་ཕྱིན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་མཛད་རྗེས་འཇོག་དགོས་པའི་རེ་བ་བཏོན།

  ལོའོ་རུའུ་ལན་གྱིས་IBMཡིས་ཀྲུང་གོ་དང་ལྷན་དུ་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ཐོན་རྫས་ལ་རྒྱབ་སྐྱོར་དང་ཀྲུང་གོའི་ཆ་འཕྲིན་ཐོན་སྐྱེད་འཕེལ་རྒྱས་སུ་གཏང་ནས་ཀྲུང་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོང་རའི་དགོས་མཁོ་སྐོང་ངེས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1