སི་ཁྲོན་དང་རྒྱལ་ཁབ་ཕྱིའི་འཛམ་གླིང་གི་སྟོབས་ལྡན་ཁེ་ལས500སྦྲེལ་མཐུད་བྱེད་པའི་གྲོས་ཚོགས་དེ་པེ་ཅིང་དུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-17


        སྤྱི་ཟླ3པའི་ཚེས16ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་ཀྱི་འཛམ་གླིང་གི་སྟོབས་ལྡན་ཁེ་ལས་500དང་འབྲེལ་མཐུད་བྱེད་པའི་གྲོས་ཚོགས་དེ་པེ་ཅིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ཐོག་ཏུ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་སི་ཁྲོན་གྱི་མ་འཇོག་ཁོར་ཡུག་དང་མ་འཇོག་གོ་སྐབས་འོས་སྦྱོར་བྱས། རྒྱལ་ཁབ་ཕྱི་ནང་གི་འཛམ་གླིང་གི་སྟོབས་ལྡན་ཁེ་ལས་60དང་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཅན་གྱི་ཁེ་ལས་500 དེ་མིན་ཚོང་ལས་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་བཅས་སྦྲེལ་མཐུད་ཚོགས་འདུའི་ཁྲོད་དུ་ཞུགས།
        ཚོགས་ཐོག་ཏུ།  དབྱི་ལི་ཡིས་སི་ཁྲོན་གྱི་རྒྱུན་རིང་བའི་རིག་གནས་ཀྱི་ལོ་རྒྱུས་དང་བཅོས་བསྒྱུར་ཁྲོད་ཀྱི་སི་ཁྲོན་ཏེ་གསར་སྐྲུན་བྱས་ཏེ་འགྲན་རྩོད་ལ་ཁ་གཏད་པ་དང་། སྒོ་འབྱེད་ཁྲོད་ཀྱི་སི་ཁྲོན་ཏེ་མཉམ་ལས་ཀྱི་རོགས་ཟླ་ཇེ་མང་དུ་གཏོང་བ། མ་འོངས་བའི་སི་ཁྲོན་ཏེ་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་ཡངས་བ་བཅས་ཕྱོགས་བཞིའི་ཐད་ནས་ཚོགས་འདུའི་ཁྲོད་ཞུགས་པའི་སྐུ་མགྲོན་རྣམས་ལ་སི་ཁྲོན་གྱི་མ་འཇོག་ཁོར་ཡུག་དང་གོ་སྐབས་སྐོར་ནས་ངོ་སྤྲོད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1