ཕྱག་ཕྲེང་རྫོང་གིས་དམངས་སྒོར་བྱེ་བ་2བཏང་ནས་བོད་ཕག་གསོ་སྤེལ་བྱ་རྒྱུ་རེད།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26


        སྤྱི་ཟླ་6པའི་ཚེས་21ཉིན།  ཕྱག་ཕྲེང་རྫོང་གི་ཞིང་འབྲོག་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་ལྟར་ན།  རྫོང་དེས་དམངས་སྒོར་བྱེ་བ་2བཏང་ནས་དབེ་བཞག་ཤང་ཆུ་མདའ་གྲོང་དུ་བོད་ཕག་གསོ་སྤེལ་བྱེད་པའི་སྐྱེ་ཁམས་གསོ་སྤེལ་ལྟེ་གནས་འཛུགས་སྐྲུན་དང་ས་ཁུལ་གཙོ་བོའི་རྨང་གཞི་འཛུགས་སྐྲུན་ཐག་གཅོད་བྱ་རྒྱུ་རེད།
        ཕག་གསོའི་གཞི་ཁྱོན་ཐད།  ཐོག་མར་མོ་ཕག་རྒྱུད་བཟང་100དང་ཕོ་ཕག་5འདེབས་འཛུགས་ཁུལ་དུ་ནང་འདྲེན་བྱས་པ་བརྒྱུད་ལོ་རེར་ཕག་ཕྲུག་1000ཙམ་ལ་སླེབས་པ་དང་རྒྱུད་བཟང་བོད་ཕག་1000ལ་སླེབས་པར་བརྩོན་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1