རེ་བ་སྤུ་ཉག་ཙམ་ཡིན་ཡང་ནུས་ཤུགས་ཡོད་དགུ་འདོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 06-26


        ཚེས་25ཉིན། འཚོལ་སྐྱོབ་ལས་ཀ་མུ་མཐུད་དུ་སྒྲུབ་བཞིན་འདུག རེ་བ་སྤུ་ཉག་ཙམ་ཡིན་ཡང་ཀུན་གྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་འཚོལ་སྐྱོབ་བྱེད་བཞིན་མཆིས། 
        རྒྱུས་ལོན་པ་ལྟར་ན། མའོ་རྫོང་ཞིན་མའོ་སྡེ་བའི་རི་བོ་རྡིབ་ཉིལ་ཆེན་པོ་ལས་ཕལ་ཆེར་སྨི་གྲུ་བཞི་མ་ཁྲི་800མནན་པ་དང་།  ཆེད་མཁས་པས་ཡུལ་དངོས་ནས་དབྱེ་ཞིབ་བྱས་པ་ལྟར་ན། དེ་ནི་ཆར་བ་བབས་པའི་དབང་གིས་བྱུང་བའི་རི་བོ་རྡིབ་ཉིལ་གྱི་རང་བྱུང་གནོད་འཚེ་ཞིག་ཡིན་པར་ངོས་འཛིན་བྱས། 

        རྔ་བའི་གསར་འགྱུར་དྲ་བ་ལས་བསྒྲགས་པ་ལྟར་ན། མའོ་རྫོང་ཞིན་མའོ་སྡེ་བའི་རི་བོ་རྡིབ་ཉིལ་ཆེན་མོ་ལས་འབྲེལ་ལམ་ཆད་པའི་མི་སྣ་118ལས་ད་ལྟ་མི་སྣ་15ཡི་བདེ་འཇགས་གཏན་འཁེལ་བྱས་པ་རེད། 

        ཡུལ་དངོས་སུ་མིག་སྔར་འཚོལ་སྐྱོབ་མི་སྣ་3200དང་འཕྲུལ་འཁོར་150ལྷག་གིས་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད། 

        ཚེས་25ཉིན་གྱི་སྔ་དྲོར། ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱི་ལིས་6•24མའོ་རྫོང་ཏའེ་ཞིའི་རི་བོ་རྡིབ་ཉིལ་ཆེན་པོའི་གནོད་སེལ་མྱུར་སྐྱོབ་ཀྱི་མཛུབ་སྟོན་པུའུ་ཡི་གྲོས་ཚོགས་འཚོགས་ཤིང་། འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་གནོད་ཚུལ་ཕྱོགས་ཡོངས་ནས་ཞིབ་བཤེར། སླར་འབྱུང་གནོད་སྐྱོན་སྔོན་འགོག་སོགས་ཀྱི་ལས་ཀ་བཀོད་སྒྲིག་མཛད།།

       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1