དར་མདོ་གྲོང་ཁྱེར་གྱིས་དྲག་ཆར་གནོད་འཚེ་སྔོན་འགོག་བྱས་པ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 06-26


        ཉེ་ཆར། དར་མདོ་ས་ཁུལ་དུ་དྲག་ཆར་ཡུན་རིང་བབས་ཏེ་དར་མདོ་གྲོང་ཁྱེར་གྱི་ཆུ་བོ་ཆེ་འབྲིང་ཆུང་གསུམ་བྲུག་སྟེ་ཆུ་རགས་ལ་གཏོར་བརླག་དང་རི་ཉིལ་གྱི་གནས་ཚུལ་བྱུང་ནས་མི་རྣམས་ཀྱི་འགྲོ་འོང་སྟབས་མི་བདེ་བ་གྱུར། ཤེས་རྟོགས་བྱུང་པ་ལྟར་ན། སྤྱི་ཟླ་6པའི་ཚེས་24ཉིན་ནས་བཟུང་། དར་མདོ་གྲོང་ཁྱེར་གྱིས་རིམ་པ་བཞི་པའི་ཆུ་འགོག་འཕྲལ་སྡོམ་བྱེད་ཐབས་སྤེལ་སྟེ། གྲོང་རྡལ་དང་གྲོང་གསེབ་ཁག་གིས་བློ་སེམས་གཅིག་སྒྲིལ་སྒོས་ཞིབ་དཔྱད་དང་སྔོན་འགོག་གི་ལས་དོན་ལེགས་པོ་བསྒྲུབ་དགོས་པ་དང་། གོམ་གང་མདུན་སྤོས་སྒོས་ས་ཁུལ་གལ་ཆེ་དང་ཉེན་ཁ་ཆེན་པོ་ཡོད་པའི་ས་ཁུལ་ཁག་ལ་ཞིབ་དཔྱད་ཞིབ་ཕྲ་བྱ་དགོས། འཕྲལ་སྡོམ་རོགས་སྐྱོར་ཀྱི་འབྲེལ་ཡོད་ལས་ཀ་ལེགས་པོའི་སྒོ་ནས་གོ་རིམ་ལྡན་པར་འོས་འགན་ཕྲག་ཏུ་ཁུར་དགོས་པའི་བླང་བྱ་བཏོན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1