རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རི་འཛེག་དབྱར་སྒར་བྱེད་སྒོ་བོད་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-22



        སྤྱི་ཚེས་20ཉིན་བོད་ཀྱི་སྐབས་དང་པོའི་རི་འཛེག་དབྱར་སྒར་བྱེད་སྒོ་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཟིན་པའི་ཡངས་པ་ཅན་རི་མཐོ་སྦྱོང་བརྡར་རྟེན་གཞིར་དངོས་སུ་འགོ་ཚུགས།   དེ་ནི་མིག་སྔར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རི་འཛེག་དབྱར་སྒར་བྱེད་སྒོ་ཡིན།   ཁག་དང་པོའི་པེ་ཅིང་བཟོ་ལས་སློབ་ཆེན་ནས་ཡིན་པའི་སློབ་ཆེན་སློབ་མ་11གིས་དེར་སྨི་6000ཟིན་པའི་ཁྱི་རྫི་རི་བོར་འཛེག་རྒྱུ་རེད།

       ད་ཐེངས་བྱེད་སྒོའི་སྤྱི་ཁྱབ་བཀོད་འདོམས་པ། བོད་ལྗོངས་རི་འཛེག་རུ་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་གསར་འགོད་པར།     དབྱར་སྒར་བྱེད་སྒོའི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་པ་དང་། རི་འཛེག་པས་བསླབ་པ་བགྲེས་པའི་རྩལ་ཁྲིད་པའི་ཁྲིད་སྟོན་འོག་གངས་འཁྱག་སྦྱོང་བརྡར་བྱ་རྒྱུ་མ་ཟད་གོ་རིམ་ལྡན་པའི་ངང་ཆེད་ལས་རི་འཛེག་ཤེས་བྱ་སློབ་སྦྱོང་བྱ་རྒྱུ། འབྲེལ་ཡོད་གྲ་སྒྲིག་ཆ་ཚང་ལེགས་གྲུབ་བྱུང་རྗེས་རྩལ་ཁྲིད་པའི་སྣེ་ཁྲིད་འོག་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6206ཡོད་པའི་ཁྱི་རྫི་རི་བོར་འཛེག་རྒྱུ་རེད་ཅེས་བརྗོད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1