རྒྱ་མཚོའི་རླུང་འཚུབ་ཝི་མ་ཤུན་ཞེས་པ་དེས་མི་གྲངས་ཁྲི་742ལ་གནོད་འཚེ་བཟོས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-22


     རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ནས་བསྡོམ་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ཟླ་7པའི་ཚེས་20ཉིན་བར།  ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་དགུ་པ་ཝིར་མ་ཤུན་ཞེས་པ་དེས་ཧའི་ནན་དང་།   ཀོང་ཏུང་།  ཀོང་ཞི་བཅས་ཞིང་ལྗོངས་གསུམ་གྱི་རྫོང་དང་གྲོང་ཁྱེར་ཁུལ་བཅས་59མི་གྲངས་ཁྲི་742.3དང་།    ས་ཞིང་སྟོང་སྤྱི་ཆིང་ཁྲི་468.5ལ་གནོད་འཚེ་ཕོག་པ།   ཁང་པ་ཁང་མིག་37000རྡིབ་པ།  ཐད་ཀར་བཟོས་པའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་265དང་བྱེ་བ་5ཟིན་པ།      རྒྱ་མཚོའི་རླུང་འཚུབ་ལྡང་ཁུལ་གྱི་ཉེ་འགྲམ་གྱི་གློག་ཤུགས་དང་།  ཆུ་མཁོ་སྤྲོད།གཞུང་ལམ།གློག་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ།ཧའི་ནན་ཧའི་གའུ་དང་།ཝན་ཁྲང་།ཀོང་ཞི་པེ་ཧའེ།ཕང་གྲེང་གྲུ་ཁ་སོགས་ས་ཁུལ་དུ་གནས་སྐབས་ཤིག་རིང་ཆུ་དང་གློག་ཆད་པ་དང་།ས་ཁུལ་འགའ་རེའི་འཕྲིན་གཏོང་ཡང་ཆད་ཡོད་པ་རེད།

       ཧའི་ནན་དུ་ཁང་པ་ལོག་པ་དང་ཆུ་ལོག་གིས་བསྣུབ་པ་སོགས་ཀྱི་རྐྱེན་གྱིས་མི་དགུ་གྲོངས་པ་དང་མི་ལྔ་གར་སོང་ཆ་མེད་དུ་གྱུར་བ།  ཀོང་ཞི་རུ་ཁང་པ་ལོག་པ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེའི་ནང་མི་ལྔ་གྲོངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1