སྤྱི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། པེ་ཅིང་སྐར་ལྔའི་ཡ་མཚན་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་མཉམ་འབྲེལ་བྱས་ནས་པར་ལེན་སྒྲིག་བཟོ་བྱས་པའི་དངོས་བྲིས་པར་གཞི་ཆེ་གྲས་སྣེ་མོ་གསུམ་པ་ཞེས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མཉམ་སྤྱོད་དང་གཙོ་ཁྲིད་པར་བཅར་འདྲི་ཞུ་བའི་ཚོགས་འདུ་གཞིས་ཀ་རྩེར་འཚོགས་པ་རེད། འཚོགས་འདུའི་ཐོག་པར་གཞི་དེ་ཉིད་ལེའུ་ལྔ་ཡོད་པའི་བརྙན་འཕྲིན་དངོས་བྲིས་པར་གཞི་དང་། སྐར་མ་90ཡོད་པའི་གློག་བརྙན་དངོས་བྲིས་པར་གཞི་གཅིག་སྒྲིག་བཟོ་བྱེད་རྒྱུ་ཡིན་པ་ཁྱབ་གྲགས་བྱས་པ་དང་། སྔོན་དཔགས་བྱས་ན་ད་ལོའི་ལོ་མཇུག་ཏུ་རྒྱལ་ཕྱི་རྒྱལ་ནང་གི་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་ཐུབ་བཟོ་ཡོད་པ་རེད།
དངོས་བྲིས་པར་གཞི་ཆེ་གྲས་སྣེ་མོ་གསུམ་པ་ཞེས་པ་དེ་ནི་སྤྱི་ལོ 2013 ལོའི་ལོ་སྟོད་དུ་པར་ལེན་གྲ་སྒྲིག་བྱས་པ་དང་། ཁྱོན་རྟོག་ཞིབ་ཚོགས་ཆུང་དྲུག་དང་པར་ལེན་ཚོགས་ཆུང་བཞི། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་སུ་མངག་གཏོང་བྱས་ནས་ས་གནས་སོ་སོའི་ངོ་མཚར་གྱི་ཤེས་རིག་དང་། ཡུལ་གོམས་གཤིས་ལུགས་པར་དུ་བླངས་ཡོད་པ་རེད། །
སྣེ་མོ་གསུམ་པ་ཞེས་པའི་དངོས་བྲིས་པར་གཞིའི་བརྙན་པར།