འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། མཚོ་སྔོན་པོའི་ཆུ་ལོ་9ནང་བསྟུད་མར་རྒྱས་ཏེ། མཚོ་སྔོན་པོའི་ཆུའི་ཤོང་ཚད་ལོ་40ཅུའི་སྔོན་དང་མཉམ་པ་དང་། ཆུ་རྒྱས་ཚད་ཞི་ཧུའུ་མཚེའུ་ལྟ་བུ་དྲུག་དང་འདྲ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱེད་རྒྱུར། 2013ལོའི་ཟླ་9དུས་ཀྱི་མཚོ་སྔོན་པོའི་རྒྱ་ཁྱོན་དེ་2001ལོ་དང་2012ལོའི་ཟླ་9བའི་རྒྱ་ཁྱོན་དང་བསྡུར་ན། སྤྱི་ལེ་གྲུ་བཞི་མ་102ལྷག་གིས་ཇེ་ཆེར་སོང་ཡོད་ཟེར།
ཉེ་བའི་ལོ་འདི་འགའི་རིང་ལ་འབད་པ་གང་ལེགས་བྱས་པ་བརྒྱུད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད་དེ། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་201ལོ་དང་བསྡུར་ན་ལྡབ་13ཙམ་འཕར་ཡོད་ཅིང་། མཚོ་སྔོན་པོའི་མཐའ་འཁོར་གྱི་ཉམས་ཉེན་ཡོད་པའི་སྲོག་ཆགས་རྒོད་ཀྱི་གནས་བབ་ཀྱང་ཇེ་ལེགས་སུ་སོང་ནས་དེང་སྐབས་ཁྱོན་བསྡོམས་600ལྷག་ལ་བསླེབས་ཡོད་པ་དང་། གཞན་ཡང་རྒྱུན་པར་མཐོང་དཀའ་བའི་སྤྱང་ཀི་དང་བྱ་རིགས་སོགས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་སོང་ཡོད། དེང་སྐབས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་སྔོ་ཁེབས་ཀྱི་ཚད་ཇེ་མཐོར་སོང་ཡོད་ལ། ས་ཆུ་སྲུང་འཛིན་དང་བྱེ་འགོག་སོགས་ཀྱི་ཐད་ཕན་འབྲས་ཆེན་པོ་བླངས་ཡོད།