ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་310བཏང་ནས་ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-28



       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར།  ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་ཆར་ཁ་གསབ་མ་དངུལ་སྒོར་ཁྲི་310གཤམ་སྤྲོད་བྱས་པ་དེ་དག་ཞིང་ཆེན་རིམ་པའི་ནོར་སྲིད་དང་།   སློབ་གསོ་སྡེ་ཚན་གྱི་གཅིག་གྱུར་འཆར་འགོད་འོག་ཉམས་ཞན་སློབ་གྲྭའི་སློབ་གཉེར་དང་འཚོ་བའི་གཞི་རྩའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཐད་སྤྱད་དེ་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད།

        འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་ཀྱིས་འབྱུང་འགྱུར་ལོ་3ནས་5ཡི་ནང་དབུལ་ཕོངས་ས་ཁུལ་དང་ཉམས་ཞན་སློབ་གྲྭར་གང་ཞིག་མི་འདང་བ་དེ་ཁ་གསབ་བྱེད་པའི་རྩ་དོན་ལྟར་ས་གནས་ལ་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུའི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།    དེའི་ཕྱིར་2014ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭ་སྒྱུར་བཀོད་འཆར་གཞི་སྙོམས་སྒྲིག་འོས་འཚམ་བྱས་པ་མ་ཟད།    ད་དུང་གཏོང་ཆ་ཇེ་ཆེར་བཏང་བས་2013ལོ་ལས་50%ཙམ་འཕར་ཡོད་པ་རེད།
       ནོར་སྲིད་པུའུ་བླང་བྱ་བསྟན་དོན།   ས་གནས་ཁག་གིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱེད་སྐབས་གཞི་རྩའི་དགོས་མཁོ་སྐོང་རྒྱུ་ཨང་དང་པོར་བཞག་ནས་ཆེས་དབུལ་ཕོངས་ས་ཁུལ་དང་ཆེས་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཐད་ཀྱི་གནད་དོན་སྔོན་ལ་ཐག་གཅོད་ཀྱིས་སློབ་ཁྲིད་དང་སློབ་མའི་འཚོ་བའི་ཐད་ཆེས་མཁོ་བའི་རྨང་གཞིའི་སྒྲིག་ཆས་དང་སྒྲིག་བཀོད་སྔོན་ལ་ཉོས་ནས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད།    རྣམ་གྲངས་སློབ་གྲྭ་ཁག་ལ་དབྱར་གསེང་གི་དུས་སྐབས་བེད་སྤྱོད་གང་ལེགས་བྱས་ནས་རྣམ་གྲངས་ལག་བསྟར་བྱེད་རྒྱུར་སྐུལ་སྐུལ་འདེད་ཀྱང་གཏོང་དགོས་པ་དང་།    གཏོང་ཆའི་ཕན་འབྲས་ལ་དོ་ཁུར་བྱས་ནས་ཚད་གཞི་ལས་བརྒལ་རྒྱུ་དང་ཧ་ཅང་རྒྱས་སྤྲོས་ཆེ་བའི་སློབ་གྲྭ་བསྐྲུན་རྒྱུ་གཏན་འགོག་བྱེད་དགོས་པའི་ཁར།       མ་དངུལ་ཚང་མ་སློབ་གྲྭ་སྤུས་ལེགས་ཉུང་ཤས་ཐོག་གཅིག་སྡུད་ཀྱང་བྱེད་མི་ཆོག    དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་དང་།དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་དམའ་འབྲིང་སློབ་གྲྭའི་ཉལ་ཁང་སྒྱུར་བཀོད་ལས་གྲྭས་གནས་ཀྱིས་ལག་བསྟར་བྱེད་པའི་འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་འཛུགས་སྐྲུན་གྱི་མ་དངུལ་གཞན་དག་བཅས་གཅིག་གྱུར་བཀོད་སྒྲིག་འོས་འཚམ་གྱིས་ཕན་ཚུན་སྦྲེལ་མཐུད་བྱས་ནས་བསྐྱར་ཟློས་མི་ཡོང་བ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1